དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་རྫོང(ཆུས)ཁག་ཏུ་སྐོར་གཟིགས་ལས་དོན་ཚོགས་ཆུང་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-15

    ཟླ་4ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་རེས་སྐོར་བདུན་པའི་ལྷ་ས་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་རྫོང(ཆུས)ཁག་ཏུ་སྐོར་གཟིགས་ལས་དོན་ཚོགས་ཆུང་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཚོགས་འདུར་ཕེབས་པ་རེད།

    ཝང་ཝེ་ཏུང་གིས། ལྷ་ས་གྲོང་ཨུད་དང་དེའི་ཁོངས་གཏོགས་རྫོང(ཆུས)ཁག་གི་ཏང་ཨུད་ཀྱིས་“དོན་འཁྱོལ་བཞི”དང་ལྟ་བསྡུར་གྱིས་ལས་འགན་དང་འགན་འཁྲིར་ཟུང་འབྲེལ་བྱས་ཏེ་གནད་དོན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་ཆེད་དོན་སྙན་སེང་གི་དཔྱད་གཞི་ནན་ཏན་ངང་འབྲི་དགོས་པ་དང་། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་གནད་དོན་དྲང་པོ་དྲང་གཞག་དང་རང་འགུལ་ངང་བརྗོད་དེ་གླེང་མོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་རྒྱུའི་སློབ་གསོ་ཁྲིད་སྟོན་དང་སྐུལ་ལྕག རྒྱབ་སྐྱོར་བཅས་བྱེད་དགོས་པ། གཡོ་ཟོལ་རྫུན་སྒྲིག་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བླང་བྱ་གཞིར་བཟུང་འབྲེལ་ཡོད་དཔྱད་གཞི་མཁོ་འདོན་བྱེད་དགོས་པ། འཕྲལ་སྒྲུབ་འཕྲལ་བཅོས་ལ་དམ་འཛིན་གྱིས་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་གཅིག་ཤེས་ཀུན་གྲོལ་སྒོ་ནས་གནད་དོན་དག་ཐེར་གནད་ལ་འཁེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།

    པད་མ་དབང་འདུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚང་མས་ཐེངས་འདིའི་སྐོར་གཟིགས་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་ངེས་པར་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་འོས་འགན་ལ་བརྩིས་ཏེ། ལས་དོན་དྲང་པོ་དྲང་གཞག་ངང་སྙན་སེང་ཞུ་དགོས་པ་དང་། ལྷག་བསམ་ཟོལ་མེད་ངང་གནད་དོན་ལ་ཞིབ་ལྟ་བྱེད་དགོས་པ། དོན་དངོས་དང་མཐུན་པའི་སྒོ་ནས་གནས་ཚུལ་བརྗོད་པ་བཅས་བྱེད་པ་ལས་རྒྱུ་མཚན་གང་རུང་ལ་ཁ་གཡར་བ་དང་བྱ་ཐབས་གང་རུང་སྤྱད་ནས་སྐོར་གཟིགས་ལ་འགོག་རྐྱེན་བཟོ་བ་དང་བཀག་འགོག་གཏན་ནས་བྱེད་མི་རུང་བར་སྐོར་གཟིགས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།