དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་2020ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-04-13

    ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་2020ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་རེད། 

    ཚོགས་འདུའི་ཐོག་2019ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་ཕྱོགས་སྡོམ་དང་འབྲེལ་ཡོད་ས་གནས་དང་། གྲོང་ཁྱེར། སྡེ་ཚན་བཅས་ཀྱི་ལས་དོན་སྙན་སེང་ཉན་པ་དང་། 《2020ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དོ་གནད》དང《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》བཅས་ལ་ཞིབ་འཇུག་བྱས་པ་དང་རྩ་བའི་ཆ་ནས་གྲོས་འཆམ་བྱུང་བ་མ་ཟད། འདི་ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “ཏང་སྲིད་ཀྱིས་མཉམ་འགན་འཁུར་བ”དང“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བཟའ་བཅའི་བདེ་འཇགས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། “ཡུལ་ཕྱོགས་ཤིག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུལ་ཕྱོགས་ཤིག་གི་བདེ་ཐང་འགན་ལེན་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་གི་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཕྲ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ཞན་ཆའི་ལྷུ་ཚིགས་ལ་དམ་འཛིན་བྱེད་དགོས་ཤིང་། གཅིག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“མིག་ནང་གྲ་མ་འཛུལ་མི་རུང་བའི”དམ་བསྒྲགས་རྣམ་པའི་ཐོག་ནས་འབྱུང་རྩ་བཅོས་སྒྲིག་བྱས་ཏེ་བཟའ་བཅའི་བདེ་འཇགས་ལྟ་འདོམས་ཀྱི་འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ཞིབ་དཔྱད་ཚད་ལེན་བྱེད་པའི་ཇུས་གཞི་ལུགས་མཐུན་བཟོ་བ་དང་། སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཞིང་ཞོར་ཐོན་རྫས་དང་བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་ཟུར་བཤེར་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་སྲིད་ཇུས་མ་ལག་མགྱོགས་ནས་མྱུར་དུ་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་དགོས་མཁོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་ཚད་གཞི་ནན་ཤོས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་གཏིང་ཟབ་ཚད་དང་ལག་ལེན་བསྟར་ནུས་ཆེ་རུ་གཏོང་དགོས་པ། བཞི་ནས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཐོག་བཅོས་སྐྱོང་དག་ཐེར་དང་ཉིན་རེའི་ལྟ་འདོམས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐར་པར་གཏན་ནས་གཏོང་མི་རུང་བ། ལྔ་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྤེལ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ། དྲུག་ནས་ཟུར་བཤེར་དང་ཁྲིམས་འགལ་སྒྲིག་འགལ་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱས་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སྤྲོད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི། ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་བཅས་ནན་དུ་གཏོང་བ་དང་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་པོ་འཁུར་རྒྱུར་ལྕག་སྐུལ་བྱས་ཏེ“ལྕེ་ཐོག་གི་བདེ་འཇགས”འགན་ལེན་གྱིས་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།