དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-13

    ཟླ་4ཚེས་10ཉིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པའི་སྐོར་གཟིགས་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རེས་སྐོར་དྲུག་པའི་སྐོར་གཟིགས་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྐུལ་སློང་བཀོད་སྒྲིག་བརྒྱུད་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཡུང་ཆིས་རེས་སྐོར་བདུན་པའི་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་ལ་དབང་བཅོལ་འགན་བཞེས་དང་ལས་འགན་ཁག་བགོས་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།

    ཝང་ཝུའེ་ཏུང་གིས་སྐོར་གཟིགས་ཚོགས་ཆུང་ཁག་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་ལ་དམིགས་ཏེ། ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་རེས་སྐོར་འདིའི་སྐོར་གཟིགས་ཀྱི་གཙོ་གནད་ལ་བརྩིས་ནས་ཆབ་སྲིད་ཐད་ཀྱི་ཡོ་ཁྱད་དམིགས་སུ་བཀར་ནས་འཚོལ་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རིང་གི་དམིགས་བསལ་ཅན་དང་། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱིས་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་རྫོང་སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་ཏན་ཏིག་མ་བྱུང་བའི་གནད་དོན་དམིགས་སུ་བཀར་ནས་བཙལ་ཏེ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ། སྐོར་གཟིགས་ལས་དོན་གྱི་སྒྲིག་ལམ་ནན་པོ་བསྲུངས་ནས་སྐོར་གཟིགས་དཔུང་ཁག་གི་གཟུགས་བརྙན་ཡག་པོར་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།