དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-11

     ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་བྱ་ཡུལ་བསྡུ་སྒྲིལ་ལེགས་སྒྲིག་དང་། ཁྲིམས་ལས་འགལ་ནས་ས་ཆ་སྤྱོད་པའི་བྱེད་སྤྱོད་སྣ་ཚོགས་དག་ཐེར་དོན་འཁྱོལ་དང་དེ་བཞིན་གྲོང་གསེབ་ཀྱི་ཁང་ས་དང་ས་ཁང་གཞི་གཅིག་གི་དབང་ཚད་གཏན་འཁེལ་ཐོ་འགོད་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་པ་རེད།

    ཅང་ཅེས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་བཞིན་རྨོ་ཞིང་སྲུང་སྐྱོང་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་གཙོ་བོར་ཐོག་མཐའ་བར་གསུམ་དུ་འཇོག་པ་དང་། སྣོད་བཅུད་སྔོན་དུ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ས་ཁོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དམར་ཐིག་གི་དོན་འཁྱོལ་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས། ས་ཆ་བེད་སྤྱོད་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འཛུགས་སྐྲུན་ལ་རྨོ་ཞིང་སྤྱོད་པར“སྔོན་གསབ་རྗེས་བཟུང”དང“ས་ཆ་རེ་སྤྱད་ན་ཁ་གསབ་རེ་བྱེད་པའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་དང་དམངས་འཚོའི་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་གྱིས། རྨོ་ཞིང་སྤྱོད་པ་དང་ཁ་གསབ་དོ་མཉམ་ཡོང་བར་བྱེད་དགོས། ཁྲིམས་ལས་འགལ་ནས་ས་ཆ་སྤྱོད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་། རྨོ་ཞིང་གང་བྱུང་དུ་ཧམ་བཟུང་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལས་འགལ་ནས་ས་ཆ་སྤྱོད་པའི་བྱེད་སྤྱོད་སྣ་ཚོགས་ལ་འཛེམ་མེད་དམར་འདོན་བྱེད་ཕོད་པ་བཅས་བྱས་ཏེ་སྲུང་སྐྱོང་ནུས་ལྡན་དང་། འཛུགས་སྐྲུན་ནུས་ལྡན། དོ་དམ་ནུས་ལྡན་བཅས་ཀྱི་རྨོ་ཞིང་སྲུང་སྐྱོང་གི་རྣམ་པ་གསར་པ་ཞིག་འཛུགས་སྐྱོང་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།