
རེན་ཝུའེ། ཕོ། རྒྱ་རིགས། 1976ལོའི་ཟླ་5པར(ལོ་43)སྐྱེས། ཧྲའན་ཤིས་ཆི་ཧྲན་ནས་ཡིན་པ། 1997ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2003ལོའི་ཟླ་7པར་ལས་ཀར་ཞུགས། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
1993ལོའི་ཟླ་9—1998ལོའི་ཟླ་9བར་ཆིང་ཧྭ་སློབ་ཆེན་ཚ་ནུས་ལས་གྲྭའི་ཆེད་ལས་སློབ་སྦྱོང་གནང་།
1998ལོའི་ཟླ་9—2003ལོའི་ཟླ་7བར་ཆིང་ཧྭ་སློབ་ཆེན་ཚ་ནུས་སྒུལ་ཤུགས་ཆེད་ལས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གནང་།
2003ལོའི་ཟླ་7—2007ལོའི་ཟླ་7བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་པེ་ཅིང་རྒྱལ་གློག་ལུང་ཡོན་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་སྙོམས་སྒྲིག་ཚོད་ལྟ་པུའི་རྣམ་གྲངས་ཀྱི་མཐོ་རིམ་ཅིང་ལི་གནང་།
2007ལོའི་ཟླ་7—2008ལོའི་ཟླ་10བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་རྒྱལ་གློག་ཚན་རྩལ་ཁོར་ཡུག་སྲུང་སྐྱོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་འགོད་འཕེལ་རྒྱས་པུའི་ལས་སྒོའི་མཐོ་རིམ་ཅིང་ལི་གནང་།
2008ལོའི་ཟླ་10—2009ལོའི་ཟླ་11བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སིའི་རྒྱལ་གློག་ཚན་རྩལ་ཁོར་ཡུག་སྲུང་སྐྱོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་འགོད་འཕེལ་རྒྱས་པུའི་ཅིང་ལི་གཞོན་པ(ལས་དོན་གཙོ་སྐྱོང)གནང་།
2009ལོའི་ཟླ་11—2016ལོའི་ཟླ་5བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་གནང་།
2016ལོའི་ཟླ་5—2017ལོའི་ཟླ་1བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་གནང་།
2017ལོའི་ཟླ་1—2018ལོའི་ཟླ་5བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།
2018ལོའི་ཟླ་5—2018ལོའི་ཟླ་8བར་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་གནང་།
2018ལོའི་ཟླ་8—2020ལོའི་ཟླ་3བར་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
2020ལོའི་ཟླ་3པ་ནས་ད་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འོས་མི་གནང་།