དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-10

    ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ད་ཐེངས་ཀྱི་ཚོགས་འདུ་དེ་ས་གནས་ས་ཐོག་ཏུ་ཚོགས་འདུར་ཞུགས་པ་དང་དྲ་རྒྱའི་བརྙན་ལམ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་མི་དོན་བསྐོ་གཞག་གི་དོན་གནད་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་གསན་པ་དང་། མི་དོན་བསྐོ་གཞག་གི་དོན་གནད་ལ་གྲོས་ཞིབ་གནང་བ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། རེན་ཝུའེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་བསྐོ་གཞག་ཡི་གེ་སྤྲད་པ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མ་འཚོག་གོང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་50པ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་གྲོས་རིམ་འཆར་ཟིན་སོགས་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མཇུག་འགྲིལ་རྗེས་ཝང་ཅུན་གྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད། གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་སོགས་བློ་མཐུན་གྱིས་རྩ་ཁྲིམས་ལ་དམ་འཇོག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།