དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-09

     རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་ཚེས་7ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ཕེབས་ནས་ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ནག་ཆུ་བར་སོགས་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་སྐོར་ལ་བརྟག་ཞིབ་གནང་བ་མ་ཟད། “ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དྲན་གསོ་ཁང་ལ་ལྟ་སྐོར་ཡང་གནང་ཞིང་། ཀྲོང་ཡན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དང་། འཕེལ་རྒྱས། དམངས་འཚོ། བརྟན་ལྷིང་བཅས་ལ་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ། “ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་རིང་གི་མཛུབ་སྟོན་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་རིང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། རིམ་མཐོའི་གཞུང་ལམ་གཉིས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་པོས་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་འགན་ལེན་བྱས་ཏེ་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོས་ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་གྱི་འཛུགས་སྐྲུན་གནས་ཚུལ་གཙོ་གནད་སྙན་སེང་ཞུས་ཤིང་། ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་དེ་བཞིན་རྣམ་གྲངས་སྐྲུན་འགན་འཁུར་མཁན་ཁེ་ལས་ཀྱིས་རྣམ་གྲངས་ཀྱི་སྤུས་ཚད་འགན་ལེན་ཏན་ཏིག་བྱས་ཏེ། སྤུས་ཚད་ནི་རྣམ་གྲངས་འཛུགས་སྐྲུན་གྱི་སྲོག་རྩ་ཡིན་པས“སྲིད་གཞུང་གི་ལྟ་སྐུལ་དང་། ཁྲིམས་མིའི་དོ་དམ། ལས་གྲྭའི་ལྟ་འདོམས། ཁེ་ལས་ཀྱི་རང་བཤེར”བཅས་ཀྱི་ལས་གྲྭའི་སྤུས་ཚད་འགན་ལེན་མ་ལག་དོན་འཁྱོལ་ནན་པོ་བྱེད་པ་དང་། རྣམ་གྲངས་སྤུས་ལེགས་དང་རྣམ་གྲངས་རྩེར་སོན་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ་དུས་ཚོད་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པར་བྱེད་དགོས། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་རྣམ་གྲངས་གཉིས་ཀྱི་འཛུགས་སྐྲུན་ལས་ཡུན་ཛ་དྲག་པ་དང་། ཨར་སྐྲུན་གྱི་དཀའ་གནད་ཆེ་བས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་བཤེར་དང་འཆར་འགོད་ལས་སྒྲུབ། ཞིབ་འཇུག་གཏིང་ཟབ་དང་དུས་ཐོག་ཏུ་བཀོད་གཏོང་བྱས་ནས་ནུས་ལྡན་དང་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྔ་ཙམ་སྐྲུན་ཐུབ་པ་དང་། སྔ་ཙམ་གཉེར་སྐྱོང་ཐུབ་པ། སྔ་ཙམ་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་ཏན་ཏིག་བྱས་ནས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པས་རྣམ་གྲངས་གཉིས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་ཧུར་ཐག་འདོན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་། ས་གནས་དེ་གའི་མང་ཚོགས། ཨར་པོའི་ཡོ་བྱད་བཅས་དེ་བས་མང་བ་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་ཐུབ་པར་བྱས་ནས་མང་ཚོགས་ཚོར་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྔར་བས་བརྟན་དུ་གཏོང་དགོས། སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་ལ་འགན་ལེན་ཏན་ཏིག་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ལྗང་མདོག་ལས་གྲྭ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས། ཨར་པོའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་དང་། “བདེ་འཇགས་ཨང་དང་པོ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་མཐའ་འཁྱོངས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ། ལས་གྲྭའི་འགག་གནད་དང་། ལྷུ་ཚིགས། ལག་རྩལ། མ་བཅོས་རྒྱུ་ཆ་བཅས་སྤུས་ཚད་ལྟ་འདོམས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་མི་ཐོན་པའི་འགན་ལེན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་འཐབ་ས་དང་པོའི་འཛུགས་སྐྲུན་ལས་དོན་པའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་པོའི་བདེ་ཐང་འགན་ལེན། སྤྱོད་གཙང་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱས་ནས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་འཁུར་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ། སྲིད་གཙང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་ལས་གྲྭ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།