དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-27

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཚེས་25ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རང་ལྗོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་སྒྱུར་བཅོས་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བྱས་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་རང་ལྗོངས་སུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒྱུར་བཅོས་ཀྱི་ལྟེ་བའི་ནང་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“དོན་དངོས་ཡང་དག་དང་། ཚད་མཐུན་གཅིག་གྱུར། ཡོངས་བསྒྲགས་ཁ་གསལ། སྐུལ་སྤེལ་བརྟན་པོ”བཅས་ཀྱི་རྩ་དོན་ལྟར་སྒྱུར་བཅོས་ཞིབ་རྩིས་ཀྱི་བྱེད་པོ་དང་། ཞིབ་རྩིས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་ཡོངས་བསྒྲགས་ཚད་ལྡན་བཅས་ཕྱོགས་གསུམ་ལ་དམིགས་ནས་གཅིག་གྱུར་ཞིབ་རྩིས་སྒྱུར་བཅོས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབས་དགོས། གྲངས་གཞི་དོན་དངོས་ཡང་དག་གི་མཐའ་ཚད་དམ་པོར་བསྲུངས་ནས་དངོས་ཐོག་བདེན་འཚོལ་དེ་བསྡོམས་རྩིས་ལས་དོན་གྱི་སྲོག་རྩར་ཐོག་མཐའ་བར་གསུམ་དུ་བརྩིས་ཐོག་འབྱུང་རྩའི་རྨང་གཞིའི་གྲངས་གཞི་བསྡོམས་རྩིས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་།

    གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲངས་གཞིའི་ཞབས་འདེགས་ལེགས་སྒྲུབ། གྲངས་གཞིའི་དོན་དངོས་འགན་ལེན་བཅས་བྱས་ཏེ་བསྡོམས་རྩིས་ཀྱི་གྲངས་གཞི་རྫུན་མ་གཏན་འགོག་བྱེད་དགོས། བསྡོམས་རྩིས་སྡེ་ཚན་གྱིས་གཙོ་བོར་བྱས་པའི་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་མཐུན་སྦྱོར་ལས་ཀའི་འགན་འཁྲི་བརྟན་དུ་བཏང་ནས་བསྡོམས་རྩིས་སྡེ་ཚན་གྱིས་གཅིག་གྱུར་ཞིབ་རྩིས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། གཅིག་གྱུར་ཞིབ་རྩིས་ཀྱི་ཇུས་གཞི་རྟོགས་པ། གཅིག་གྱུར་ཞིབ་རྩིས་ཀྱི་བྱེད་ཐབས་ཁོང་དུ་ཆུད་པ། ཞིབ་གཅོད་དབྱེ་ཞིབ་ལ་དུས་ཐོག་ཏུ་ཤུགས་སྣོན་རྒྱག་པ། སྙན་སེང་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་པ། སྡེ་ཚན་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། གཅིག་གྱུར་ཞིབ་རྩིས་ལས་དོན་གྱི་དྲིལ་བསྒྲགས་གསལ་འགྲེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱེད་པ། སྡེ་ཚན་གྱི་བསྡོམས་རྩིས་ལས་དོན་ལ་མཛུབ་ཁྲིད་བཅས་བྱས་ཏེ་བསྡོམས་རྩིས་ཚད་གཞི་དང་ཞིབ་རྩིས་བྱེད་ཐབས་ཀྱི་མཐུན་སྦྱོར་རང་བཞིན་དང་གཅིག་གྱུར་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རྨང་གཞིའི་གྲངས་གཞིའི་བསྡོམས་རྩིས་དང་གོང་ཞུའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཏེ་བསྡོམས་རྩིས་སྡེ་ཚན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་ཞུ་བ་དང་། ཚན་རིག་དང་མཐུན་པའི་ངང་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་ཁེལ་བྱས་ནས་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་གནད་སྨིན་ཇུས་བསྟར་ལ་བློས་འགེལ་ཆོག་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ཞིབ་རྩིས་སྒྱུར་བཅོས་ཆེ་གྲས་གསུམ་གྱི་ས་གནས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་གང་ལེགས་བྱེད་པར་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་སྣེ་ཁྲིད་འགན་འཁུར་གྱི་ནུས་པ་འདོན་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བརྟག་དཔྱད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གཞོགས་འདེགས་དམ་ཟབ་དང་། སྒྱུར་བཅོས་ལས་འགན་བདེ་བླག་ངང་དོན་འཁྱོལ་ཡོང་བར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ཤིང་། རང་ལྗོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཇི་ཙམ་ཡོད་མེད་གསལ་རྟོགས་ཡང་དག་བྱས་ཏེ་རང་ལྗོངས་ཀྱི་རྒྱུ་ནོར་བུ་ལོན་དང་ཐོན་ཁུངས་བཀོད་སྒྲིག་གི་གནས་ཚུལ་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།