དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུཌ་བརྟན་པོར་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-26

    ཚེས་20ཉིན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་བརྟན་པོར་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

    དེ་རྗེས་ཅང་ཅེས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་བརྟན་པོར་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ། ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ཤུགས་ཆེར་གཏོང་བ་དང་ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། གནད་སྨིན་ཇུས་བསྟར་གྱིས་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་དྲ་ཐོག་ཏུ་གདན་ཞུ་བྱེད་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཀྱང་དུས་གཅིག་ཏུ་དྲ་ཐོག་ཏུ་གདན་ཞུ་བྱེད་དགོས། ཞིང་འབྲོག་པའི་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་རྩལ་པའི་སློབ་གླིང་ལས་སྟེགས་སུ་བྱེད་པ་དང་། འགྲིམ་འགྲུལ་དང་ཆུ་བེད་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གོ་སྐབས་སུ་བྱས་ཏེ“མངགས་ཐོའི་གནས་གཏན་འཁེལ”དང“དོན་དངོས་ལས་དོན་གྱིས་གསོ་སྦྱོང་གི་ཚབ་བྱེད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ། ཆེད་ལས་ལག་རྩལ་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་སྡེ་ཚན་དང་མཐོ་སློབ་ཁག་གིས་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་དང་། ལས་ཞུགས་ལྟ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། གདན་ཞུ་བཀོལ་སྤྱོད་སོགས་ལས་ཞུགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭ་ཆེ་མོ་བས་ལས་གཏོད་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།