དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-25

    ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་རང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་སོགས་འབྲེལ་ཡོད་གནས་ཚུལ་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་དང་བསམ་འཆར་གསན་རྗེས་ཅང་ཅེས། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་དང་ས་ཞིང་གྲོན་ཆུང་ངང་སྤྱོད་པའི་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ“དྲོད་ཁང”བཅོས་སྒྲིག་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཁྲིམས་འགལ་ངང་རྨོ་ཞིང་བཟུང་བའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། ཁྲིམས་ལྟར་བྱེད་པོའི་འགན་འཁྲི་དང་ལྟ་འདོམས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ས་ཞིང་གི་ཁྲིམས་འགལ་བྱེད་སྤྱོད་འཛེམ་མེད་དམར་འདོན་ཕོད་པ་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་ཡུན་རིང་མི་འགྱུར་བའི་གཞི་རྩའི་ས་ཞིང་གི་མཐའ་ཚད་བརྟན་པོ་བསྲུངས་ཏེ་ས་ཞིང་གི་བཀོལ་སྤྱོད་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛུགས་སྐྲུན་ཐད་རྨོ་ཞིང་སྤྱོད་པའི་ལམ་ལུགས་ལག་བསྟར་ནན་པོ་དང་དོན་འཁྱོལ་བྱེད་པ། ས་ཞིང་བེད་སྤྱོད་ལ་སྤྱི་འདོམས་བྱེད་པ། རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་ཡོང་བ་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་ས་ཆའི་བཀོལ་སྤྱོད་དོ་དམ་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྲིམས་དང་སྒྲིག་ཁྲིམས་ལྟར་ས་ཆ་སྤྱོད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དྲིལ་བསྒྲགས་ལས་དོན་གྱི་ལམ་ལུགས་དང། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས། ཐེར་འདོན་གྱི་ལམ་ལུགས། ཁྲིམས་འཛིན་བྱ་སྤྱོད་ཀྱི་ལྟ་སྐུལ་ལམ་ལུགས་བཅས་བཟོས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་ཐད་ནས་ཁུག་ཆ་མི་ལུས་པ་བྱས་ཏེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།