དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-23

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་19ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ཏེ་སྲིད་གཞུང་གིས་མ་དངུལ་བཏང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ནང་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག《བསམ་འཆར》གྱི་འཆར་ཟིན་བཀོད་པའི་གནས་ཚུལ་སྐོར་གྱི་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་དབུལ་སྐྱོར་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་ཉན་པ་དང་། ཕྱོགས་ཁག་གི་བསམ་འཆར་གང་ལེགས་བསྡུས་པའི་རྨང་གཞིའི་ཐོག་སྔར་བས་བཟོ་བཅོས་འཐུས་ཚང་དང་འབྲེལ་གོ་རིམ་གཞིར་བཟུང་ཞིབ་མཆན་འགོད་རྒྱུར་བསྐྱལ་རྗེས་གང་མགྱོགས་བཀྲམ་ནས་ལག་ལེན་བསྟར་དགོས་པའི་བླང་བྱའང་བཏོན་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་དང་། དོན་འཁྱོལ་ཞིབ་ཕྲ།

    དོན་འཁྱོལ་གནད་ལ་སྨིན་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཏག་ཏིག་དང་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་སྲིད་གཞུང་གིས་འགན་འཁྲི་ནན་དུ་གཏོང་བ་དང་། རང་འགུལ་ངང་ལས་དོན་སྒྲུབ་པ། མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ཞིང་འབྲོག་པ་གང་མང་མང་སྒྲིག་འཛུགས་བྱས་ནས་སྲིད་གཞུང་གིས་མ་དངུལ་བཏང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་ཏེ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། འཕེལ་སྒྱུར་སྡེ་ཚན་གྱིས་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་དང་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་རང་ས་ཆའི་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་གྱི་འོས་ཐོབ་གནད་དོན་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་པ། དབུལ་སྐྱོར་གཞུང་ལས་ཁང་གིས་ཡུལ་དེ་གའི་སྲིད་གཞུང་དང་མཉམ་དུ་རྣམ་གྲངས་སྐྲུན་འགན་འཁུར་མཁན་ཞིང་འབྲོག་པའི་ཨར་སྐྲུན་ཁེ་ལས་ལ་རང་ས་ཆའི་ཞིང་འབྲོག་ལས་མི་བསྡུ་ཚད་ལས་མིའི་བསྡོམས་འབོར་གྱི་80%ཡན་བཟུང་ཡོད་མེད་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དབུལ་ཉེའི་དུད་ཚང་སྔོན་ལ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཡོད་མེད་ལ་ལྟ་སྐུལ་བྱས་ཏེ་ཞིང་འབྲོག་མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་འབབ་འཕར་ཕྱུག་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ཞིབ་དཔྱད་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་མཉམ་དུ་ཞིབ་མཆན་དང་མཉམ་དུ་ཞིབ་བཤེར་རྩིས་ལེན་གྱི་ལམ་སྲོལ་དང་དེ་བཞིན་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི“ཐོ་གཞུང་ནག་པོ”བཟོས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཚོར་འབབ་འཕར་བརྟན་པོ་ཡོང་བ་དང་དུས་མཚུངས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་འཛུགས་སྐྲུན་ཁྲོམ་རའི་སྒྲིག་ལམ་བཟང་བའི་འགན་ལེན་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་སྨྱན་བྱད་ལས་སྟེགས་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས《བསམ་འཆར》ནང་གཏན་འབེབས་བྱས་པའི་དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཟབ་མོ་ཚོར་བ་བྱེད་དགོས་པ། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད། མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།