དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-16

    ཚེས་13ཉིན་གྱི་དགོང་མོ་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ཐད་སླར་ཡང་བཀོད་སྒྲིག་དང་སླར་ཡང་སྐུལ་འདེད་བཏང་བ་མ་ཟད། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཉི་མ་ཚེ་རིང་དང་། བསོད་དར། ཀྲུའུ་ཡཱ་ཕིང་། ལིའུ་ཝུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དུས་བབ་ལ་སྟངས་འཛིན་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་ཡིན་པས། མིག་སྔར་རྨོངས་ཚོད་སྤྲོ་སྣང་དང་། བག་མེད་སྣང་ཆུང་། ལྷོད་གཡེང་སུན་སྣང་བཅས་གཏན་ནས་བྱེད་མི་རུང་བར་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་པ་དང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། ནུས་ཤུགས་ཆེ་ཤོས་བཅས་ལ་བརྟེན་ནས་གཏན་ལ་འཁེལ་བའི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། གཙོ་གནད་འགོག་ཟོན་ལ་དམ་འཛིན་ཡག་པོ་བྱེད་པ། གཙོ་གནད་ས་ཁུལ་དང་། གཙོ་གནད་མཚམས་ཚིགས། གནས་ཡུལ་གལ་ཆེན་བཅས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ཉེན་བརྡ་གཏོང་བ་དང་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་ཤུགས་འདོན་དང་། གནད་སྨིན་སྟངས་འཛིན། གནད་སྨིན་བཀོད་སྒྲིག་བཅས་ཏན་ཏིག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་དང་དགོན་སྡེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འགྲིམ་འགྲུལ་དང་། མེ་ཟོན། ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སེམས་པ་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་སྲུང་བ་དང་། བདེ་སྡོད་ལས་བརྩོན་བྱེད་པ། རང་འགུལ་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ་དང་། སྟོབས་ཤུགས་དང་། བྱ་ཐབས། སྒྲིག་ཆས་སོགས་ཕྱོགས་ཡོངས་ནས་གྲ་སྒྲིག་ཨང་བསར་བྱས་ཏེ་མ་བྱུང་སྔོན་འགོག་བྱེད་དགོས། འགན་འཁྲི་ནན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་དོན་ཆུང་གཏན་ནས་མེད་པ་དང་ཞིབ་ནན་གྱིས་རྒྱལ་ཕམ་ཐག་གཅོད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་བཀོད་སྒྲིག་དང་། བྱ་ཐབས། འགན་འཁྲི་བཅས་དམ་འཛིན་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་སྤོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ལམ་ནན་དུ་གཏོང་བ། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་དང་རིམ་པ་བཞིན་གནོན་ཤུགས་སྤྲོད་པ། ཐོན་སྲིད་པའི་གནད་དོན་སྣ་ཚོགས་ལ་བསམ་བློ་ཞིབ་ཚགས་གཏོང་བ་དང་ཁ་གཏད་གཅོག་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ཏེ། བཀོད་སྒྲིག་དང་བྱ་ཐབས་ཁག་ཞིབ་ཅིང་ཕྲ་བ་དང་། ཏན་ཏན་ཏིག་ཏིག ཆད་ལུས་མེད་པ། གཏན་ནས་མི་འཕྱུགས་པ་བཅས་ཀྱི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།