དབུ་ཤོག>སྲིད་དོན།
  • ཅང་ཅེས་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-16

    ཚེས་12ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅང་ཅེས་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་ལྗོངས་ཀྱི་ས་ཁོངས་སུ་ཡོང་མཁན་མི་སྣར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞབས་འདེགས་འགན་སྲུང་གི་ལས་དོན་སྒྲུབ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་དང་བསམ་འཆར་གསན་རྗེས། ཁོང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་དུ་བསད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་རིམས་ནད་ཕྱི་ནས་མ་འགོས་པའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཚགས་ཚུད་བཅས་ཡོང་བར་བྱེད་དགོས། འགག་སྒོ་མུ་མཐུད་མདུན་དུ་སྤོ་བ་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱས་ཏེ་མེ་འཁོར་བབས་ཚུགས་དང་། དམངས་སྤྱོད་མཁའ་འགྲུལ། འགག་སྒོ ཞིབ་བཤེར་ས་ཚིགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་སྔ་སྣུར་ནས་དུས་གཏན་གནམ་གྲུ་དང་མེ་འཁོར་སོགས་སུ་ཡོང་མཁན་འགྲུལ་པའི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ཏེ་ལོགས་སུ་འཇོག་པ་དང་བདེ་ཐང་བརྟག་དཔྱད་སོགས་ཀྱི་བྱ་ཐབས་ལག་བསྟར་ནན་པོ་བྱས་ཏེ་སྔོན་ནས་ཤེས་པ་དང་། སྔོན་ནས་སྙན་སེང་ཞུ་བ། སྔོན་ནས་ལོགས་སུ་འཇོག་པ། སྔོན་ནས་སྨན་བཅོས་བཅས་བྱས་ཏེ་རིམས་ནད་མཆེད་ལམ་ཏན་ཏིག་འགོག་དགོས། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཇུས་གཞི་བཟོ་བ་དང་། བྱ་ཐབས་དོན་འཁྱོལ། འབྱུང་རྩ་གསལ་རྟོགས་བཅས་བྱས་ཏེ་ས་མཚམས་སུ་ཡོང་མཁན་ཕྱི་རྒྱལ་གྱི་མི་སྣར་རང་འགུལ་ངང་སྤེལ་རེས་འགྲེལ་བཤད་དང་ཞབས་འདེགས་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོའི་ཡིད་ཆེས་དང་བསམ་ཤེས། དེ་བཞིན་རྒྱབ་སྐྱོར་གཞོགས་འདེགས་ཐོབ་པར་བྱས་ཏེ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།