དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-12

     ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་ཚན་ཞིབ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་ཏང་གི་འགོ་ཁྲིད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ལག་ལེན་བསྟར་རྒྱུར་ལྟ་སྐུལ་བྱས་ཏེ། བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མུ་མཐུད་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་མི་བྱེད་མཁན་ལ་གནད་དོན་དངོས་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་མ་ཟད། དེའི་རྒྱབ་ཀྱི་འགན་འཁྲི་དེ་བས་རྩད་གཅོད་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་སྲོལ་ལམ་སྲོལ་གྱི་སྟོང་ཆ་གསབ་རྒྱུར་ལྟ་སྐུལ་བྱེད་དགོས། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་པ། དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ལྷོད་གཡེང་སྣང་ཆུང་དང་སེམས་ནུས་གཞན་སྒྱུར་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ནས་དབུལ་སྐྱོར་མ་དངུལ་ཧམ་ཟ་བྱེད་པའི་གནད་དོན་ཞིབ་བཤེར་ནན་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།