དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་། གསུམ་བརྒྱད་དར་དམར་བ། གསུམ་བརྒྱད་དར་དམར་གྱི་མཉམ་སྡེབ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-09

    2019ལོར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། འབད་འཐབ་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། རྩེར་སོན་གྱི་གྲུབ་འབྲས་བཏོད་པ་བཅས་བྱས་ནས“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག”པའི་ཚ་རླབས་འཕྱུར་བར་བྱས་ཏེ་རྒྱུན་ཆད་མེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་ཀྱི་ཁྲོད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན། སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་དར་སྤེལ་གཏོང་བ་བཅས་ཀྱི་ཁྲོད་བུད་མེད་ཀྱི་ཉམས་འགྱུར་མངོན་པར་བྱས་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད་རྒྱ་ཆེའི་བུད་མེད་ཚོའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ལྷག་པར་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། དང་ལེན་ཧུར་ཐག་བྱས་པ་དང་བྱ་སྤྱོད་མྱུར་དུ་སྤེལ་ནས་དད་སེམས་བརྟན་ཞིང་མདུན་ཕྱོགས་སུ་གདོང་མཆོང་བྱེད་པ་དང་། འབད་འཐབ་ཆེན་པོས་ལེགས་སྐྱེས་འབུལ་བ་དང་བྱས་རྗེས་འཇོག་ཕོད་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ཁག་གཅིག་ཐོན་ཡོད་པ་རེད།

    སྔོན་ཐོན་ལ་གཟེངས་བསྟོད་དང་། མིག་དཔེ་གཏོད་པ། ཕུལ་བྱུང་བུད་མེད་དང་མཉམ་སྡེབ་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བཅས་བྱེད་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་བཅས་བྱ་ཆེད། 《རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ(མཉམ་སྡེབ)དཔྱད་འདེམས་གཟེངས་བསྟོད་ལས་དོན་གྱི་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་དཔྱད་བསྡུར་ཚད་ལོན་གྱི་གཟེངས་བསྟོད་བྱེད་སྒོའི་དོ་དམ་གྱི་ལག་བསྟར་ཞིབ་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། མའོ་ཡུང་སོགས་བློ་མཐུན་10ལ་བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་། ཚེ་རིང་ཆོས་སྒྲོན་སོགས་བློ་མཐུན་38ལ་བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་སོགས་ཚན་པ་12ལ་བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་གྱི་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    རེ་བར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད། སླར་ཡང་ཕུལ་བྱུང་བྱས་རྗེས་གཏོད་པ་དང་སླར་ཡང་བུད་མེད་ཀྱི་ཉམས་འགྱུར་གསར་པ་མངོན་པ་བྱེད་དགོས། རེ་བར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་བུད་མེད་དང་མཉམ་སྡེབ་མིག་དཔེར་བྱས་ཏེ། ཏང་གཅེས་རྒྱལ་གཅེས་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་ཁོང་ཚོའི་དད་སེམས་བརྟན་པོར་སློབ་སྦྱོང་དང་། ལས་གཅེས་ཀྱི་སྙིང་རུས་དང་དམ་པ་དོན་གཉེར་གྱི་ཁོང་ཚོའི་ཕུལ་བྱུང་གི་གཤིས་རྒྱུད་ལ་སློབ་སྦྱོང་། སེམས་པ་མང་ཚོགས་ལ་བཅངས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་ཁོང་ཚོའི་བླ་ན་མེད་པའི་དོན་གཉེར་ལ་སློབ་སྦྱོང་བཅས་བྱས་ཏེ། “རང་བཀུར་དང་། རང་གིས་རང་ལ་ཡིད་ཆེས། རང་ཚུགས། རང་བརྩོན”བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་གསར་གཏོད་གསར་སྐྲུན་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག”པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མི་རིཌ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པ་བཅས་ཀྱི་ཆེད་དུ་བུད་མེད་ཀྱི་སྟོབས་ཤུཌ་ལེགས་སྐྱེས་འབུལ་དགོས།

    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས།

    2020ལོའི་ཟླ་3ཚེས་7ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།