དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་ལྗོངས་ཀྱི་རྣམ་གྲངས་ཁེ་ལས་ཀྱི་ལས་འགོ་ཡང་བསྐྱར་འཛུགས་རིང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་འགན་འཁྲི་དོན་འཁྱོལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-05

     ཚེས་2ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་། བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཏེ། རང་ལྗོངས་ཀྱི་རྣམ་གྲངས་ཁེ་ལས་ཀྱི་ལས་འགོ་ཡང་བསྐྱར་འཛུགས་རིང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་འགན་འཁྲི་དོན་འཁྱོལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་རེད།

    བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་ཅང་ཅེས་ནན་བཤད་གནང་དོན། ཨར་སྐྲུན་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་འགོ་བསྐྱར་འཛུགས་ཀྱི་ཇུས་གཞི་ལེགས་སུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྣམ་གྲངས་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་གཉིས་བརྟན་པོར་སྲུང་བ། དུས་ཐོག་ཏུ་ཨར་པོ་བའི་བདེ་ཐང་གནས་ཚུལ་ཁོང་དུ་ཆུད་པ། ཨར་ལས་རྒྱུ་ཆའི་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱས་ཏེ། དམངས་འཚོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་དང་ནུས་ཤུགས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས།

    བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་ཅང་ཅེས་ནན་བཤད་གནང་དོན། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་པའི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ་དང་། མི་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་ལས་བཟོའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་པ། བོད་དུ་ལོག་པའི་མི་སྣ་ལོགས་སུ་འཇོག་པའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ། འཐབ་ས་དང་པོའི་ལས་བཟོར་འགོག་སྲུང་དངོས་པོ་བཀོད་སྒྲིག་ཡག་པོ་དང་། འགོག་སྲུང་བྱེད་ཐབས་དོན་འཁྱོལ་འགན་ལེན་བྱེད་པ། ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག ཁྲོམ་རའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཞབས་འདེགས་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་མ་གནས་དམའ་རུ་གཏོང་བ། ལས་མི་བསྡུ་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་ལས་མི་སྤྱོད་པའི་གྲངས་འབོར་མང་དུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་གཟུགས་བརྙན་ཡག་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།