དབུ་ཤོག>སྲིད་དོན།
  • ཅང་ཅེས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-02

    ཟླ་2ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅང་ཅེས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས། ཐོན་སྐྱེད་སླར་གསོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཞིབ་འཇུག་སྤྱི་འདོམས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་དེ་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་དང་དུས་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཅང་ཅེས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གནད་སྨིན་ཞིབ་ཚགས་ཡོང་བར་བྱས་ནས་མི་སྣ་འགྲོ་འོང་གི་འགག་སྒོ་ནན་པོ་སྲུང་བ་དང་། འགག་སྒོ་མདུན་དུ་བཀོད་སྒྲིག་བྱེད་པ། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་དུ་གཏོང་བ་བཅས་བྱས་ཏེ། མེ་འཁོར་བབས་ཚུགས་དང་། དམངས་སྤྱོད་མཁའ་འགྲུལ། དེ་བཞིན་ཞིང་ཆེན་དབར་གྱི་ལམ་མདོ་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་ཞིང་པ་ལས་མིར“གཅིག་གཏད་གཅིག”གི་སྐྱེལ་འདྲེན་དང་། ལོགས་སུ་ནན་པོ་འཇོག་པ། སྒོ་རྒྱག་ཨར་ལས་སོགས་ཀྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ནུས་ཆེ་རུ་བཏང་སྟེ། རིམས་ནད་མ་མཆེད་སྔོན་འགོག་ནན་པོ་བྱེད་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ་དང་། དོ་བདག་གི་འགན་འཁྲི་ཁ་གསལ་དུ་གཏོང་བ། ལྟ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། “སུས་གཙོ་འགན་འཁུར་ན་དེས་འགན་འཁུར་བ་དང་། སུས་ལས་མི་སྤྱད་ན་དེས་འགན་འཁུར་བའི”རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཨར་ལས་མི་སྣའི་ཞག་སྡོད་དང་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ལས་མིའི་བདེ་ཐང་སྲུང་སྐྱོང་གི་འགོག་སྲུང་དྲ་བ་དམ་དུ་བཏང་སྟེ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།