དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-21

    བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།

    འཐུས་མི་རྣམ་པ། 

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་སྔོན་རྩིས་འཆར་ཟིན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2019ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ།

    2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་བཅས་ཀྱི་འགག་རྩའི་ལོ་ཞིག་ཡིན། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུཌ་ཁུར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོཌ་ཡོངས་ནས་ལག་བསྟར་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཕྱོཌ་ཡོངས་ནས་དོན་འཁྱོལ། མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པའི་སྔོན་རྩིས་ལག་བསྟར་ནན་ཏན། མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་ཁག་དོན་འཁྱོལ་ནན་ཏན། ནོར་སྲིད་ཀྱི་སྒྱུར་བཅོས་ཁག་ལ་སྐུལ་འདེད་ཏན་ཏིག་བཅས་བྱས་པར་བརྟེན་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་། ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་ཡང་ཡག་པོ་བྱུང་ཡོད།

    (གཅིག)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    1.ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2496.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་141.5%ཟིན་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་221.9ཡིན་ཞིང་། ལོ་འགོའི་སྔོན་རྩིས་ཀྱི་118.4%ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་3.7%ཆག་ཡོད། ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པའི་རྒྱུ་རྐྱེན་ཕུད་དངོས་སུ་5.5%འཕར་ཡོད། གཙོ་བོ་ནི་དཔལ་འབྱོར་ཉམས་ཆག་སོང་བའི་གནོན་ཤུགས་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་རྐྱེན་ཡོང་འབབ་ཀྱི་འཕར་ཚད་ཆག་ཡོད། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་1901.2དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་121 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་144.8 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་9.3 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་98.5བཅས་ཡིན།

    ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2396.2ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་135.8%ཟིན་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2180.5ཡིན་ཞིང་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་10.7%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་207དང་། གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.3 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་8.4བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་100.5འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    2.རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2193ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་146.2%ཟིན་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་28.9ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་205.1%ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་26.4%ཆག་ཡོད། ཐེངས་གཅིག་རང་ལ་མཛོད་འཇུག་བྱས་པའི་རྒྱུ་རྐྱེན་ཕུད་29.7%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1901.2དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་121 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་80 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་2.2 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་59.7བཅས་ཡིན།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2147.3ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་143.2%ཟིན་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་541.5ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་སྒོར་དུང་ཕྱུར་43.7ཉུང་དུ་ཕྱིན་ནས་7.5%ཆག་ཡོད། ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་1371.3ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་སྒོར་དུང་ཕྱུར་151.4མང་དུ་ཕྱིན་ནས་12.4%འཕར་ཡོད། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་137.8དང་། ཆེད་དམིགས་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.3 སྤྱིར་བཏང་གི་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་2.4 སྤྱིར་བཏང་གི་བུ་ལོན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་94བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་ལོ་མཇུག་ཏུ་མ་དངུལ་སྒོར་དུང་ཕྱུར་45.7འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་གཙོ་བོའི་རྣམ་གྲངས་ཀྱི་གནས་ཚུལ། ཁེ་ལས་ཀྱི་འབབ་ཁྲལ་སྒོར་དུང་ཕྱུར་0.2དང་། ཐོན་ཁུངས་དཔྱ་ཁྲལ་སྒོར་དུང་ཕྱུར་0.5 ས་ཆའི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་2.5 ཆེད་དམིགས་ཡོང་འབབ་སྒོར་དུང་ཕྱུར་8.5 སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུས་པའི་ཡོང་འབབ་སྒོར་དུང་ཕྱུར་1.8 གཞུང་ཁོངས་ཐོན་ཁུངས(རྒྱུ་ནོར)རིན་ཡོད་བེད་སྤྱོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་12.3 སྲིད་གཞུང་གི་སྡོད་ཁང་གི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་0.8བཅས་ཡིན།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་རྣམ་གྲངས་ཀྱི་གནས་ཚུལ། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་43.1དང་། སྤྱི་པའི་བདེ་འཇགས་ཐད་གཏོང་སྒོ་སྒོར་དུང་ཕྱུར་26.8 སློབ་གསོའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་33.9 ཚན་རིག་ལག་རྩལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་2.9 རིག་གནས་དང་། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར་བཅས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་19.7 སྤྱི་ཚོགས་འགན་སྲུང་དང་ལས་ཞུཌ་ཐད་གཏོང་སྒོ་སྒོར་དུང་ཕྱུར་73.7 འཕྲོད་བསྟེན་དང་བདེ་ཐང་ཐད་གཏོང་སྒོ་སྒོར་དུང་ཕྱུར་26.9 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་གཏོང་སྒོ་སྒོར་དུང་ཕྱུར་2 གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་0.8 ཞིང་ནགས་ཆུ་བེད་ཐད་གཏོང་སྒོ་སྒོར་དུང་ཕྱུར་26 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་གཏོང་སྒོ་སྒོར་དུང་ཕྱུར་252.6 ཐོན་ཁུངས་རྩད་འཚོལ་དང་བཟོ་ལས་ཆ་འཕྲིན་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་15.2 ཚོང་ལས་ཞབས་ཞུའི་ལས་རིཌ་སོགས་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་2 དངུལ་རྩའི་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.9 རང་བྱུང་ཐོན་ཁུངས་དང་རྒྱ་མཚོ་གནམ་གཤིས་སོཌ་ཀྱི་ཐད་གཏོང་སྒོ་སྒོར་དུང་ཕྱུར་4.8 སྡོད་ཁང་འགན་སྲུང་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.7 གནོད་འཚེ་འགོག་བཅོས་དང་འཕྲལ་སྡོམ་དོ་དམ་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.1 བུ་ལོན་གྱི་ངོ་འཇལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་2.4 སྤྱིར་བཏང་བུ་ལོན་གྱི་སྐྱེད་འཇལ་ཐད་གཏོང་སྒོ་སྒོར་དུང་ཕྱུར་1.8བཅས་ཟིན་ཡོད།

    3.ས་གནས(གྲོང་ཁྱེར)གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ས་གནས(གྲོང་ཁྱེར)ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1769ཟིན་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་193ཡིན་ཞིང་། སྔོན་རྩིས་གྲངས་འབོར་གྱི་111.3%ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་1%ཆག་ཡོད། རང་སྐྱོང་ལྗོངས་ནས་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་1371.3དང་། སྤྱིར་བཏང་གི་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་94 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་64.8 སྒྱུར་འཇུག་བྱས་པའི་མ་དངུལ་གཞན་དག་སྒོར་དུང་ཕྱུར་7.1 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་38.8བཅས་ཡིན།

    ས་གནས(གྲོང་ཁྱེར)ཁག་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་1714.2ཟིན་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1639དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩའི་ཐད་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་69.2 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་6བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་54.8འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    (གཉིས)སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་103.4ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་137.2%ཟིན་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་75.4ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་15.4%ཆག་པ་དང་། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་11.1 ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་7 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་9.9བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་95.3ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་126.5%ཟིན་ཡོད། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་84དང་། ཆེད་དམིགས་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་3 སྒྱུར་འཐེན་བྱས་པ་མ་དངུལ་སྒོར་དུང་ཕྱུར་8.3བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་8.1འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་26.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་111.6%ཟིན་ཡོད། དེའི་ནང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་5.8ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་15.8%ཆག་ཡོད། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་11.1དང་། ཆེད་དམིགས་བུན་འཛིན་གྱི་ཡོང་འབབ་སྒོར་དུང་ཕྱུར་7 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་2.8བཅས་ཡིན། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་24.8ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་104%ཟིན་ཡོད། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་3.4དང་། ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུར་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་12.7 ཆེད་དམིགས་བུ་ལོན་དངུལ་བུན་ལ་སྒྱུར་བའི་གཏོང་སྒོ་སྒོར་དུང་ཕྱུར་7 སྒྱུར་འཐེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1.7 བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་1.9འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་96.4ཡིན་ཞིང་། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69.6དང་། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒྱུར་སྤྲོད་བྱས་པ་སྒོར་དུང་ཕྱུར་12.7 ཆེད་དམིགས་བུ་ལོན་དངུལ་བུན་ལ་སྒྱུར་བའི་ཡོང་འབབ་སྒོར་དུང་ཕྱུར་7 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་7.1བཅས་ཡིན། ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་90.2ཟིན་ཡོད། དེའི་ནང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར་80.6དང་། ཆེད་དམིགས་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་3 སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་6.6བཅས་ཡིན། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་6.2འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    (གསུམ)གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་8.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་103.6%ཟིན་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་2.4%ཆག་པ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.7ཡོད། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་4.6ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་54.7%ཟིན་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་3.5ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་29.6%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒོར་དུང་ཕྱུར་1.1སྒྱུར་འཇུག་བྱས་ཡོད། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་མ་དངུལ་སྒོར་དུང་ཕྱུར་4.1འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་6.5ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་99.5%ཟིན་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.1ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་16%ཆག་པ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.4ཡོད། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.5ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་38.5%ཟིན་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1.9དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.6ཡིན། མ་དངུལ་སྒོར་དུང་ཕྱུར་4འཕྲོས་སྒྱུར་བྱས་ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2.2ཡིན་ཞིང་། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.9དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་0.3ཡོད། ས་གནས(གྲོང་ཁྱེར)ཁག་གི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.1ཟིན་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1.6དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཁོངས་སུ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.5ཡོད། འཕྲོས་སྒྱུར་བྱས་པ་མ་དངུལ་སྒོར་དུང་ཕྱུར་0.1ཡོད་པས་ཕྱི་ལོར་མུ་མཐུད་གཏོང་སྒོའི་ཐད་བཀོད་སྒྲིག་བྱེད་རྒྱུ།

    (བཞི)སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་194.9ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་107.1%ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་4.8%འཕར་ཡོད། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་159.6དང་། ནོར་སྲིད་ཀྱི་ཁ་གསབ་ཡོང་འབབ་སྒོར་དུང་ཕྱུར་31.4 སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་3.9བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་161.3ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་99.9%ཟིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་འབོར་དང་བསྡུར་ན་27.2%ཆག་ཡོད། གཏོང་ཡོང་གི་སྤྱི་འབོར་མགོ་ཐུག་བཏང་རྗེས་ལོ་འདིའི་གཏོང་ཡོང་གི་འཕྲོས་ལྷག་སྒོར་དུང་ཕྱུར་33.6དང་། ལོ་མཇུག་ཏུ་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་315.2ཡོད།

    གོང་གསལ་སྔོན་རྩིས་ལག་བསྟར་བྱས་ཚུལ་དེ་ནོར་སྲིད་པུའུ་ལ་མཆན་བཀོད་བཀའ་ལན་ཞུས་ནས་ངེས་རྩིས་བྱས་རྗེས་འགྱུར་ལྡོག་ཕྲན་བུ་འགྲོ་སྲིད།

    (ལྔ)2019ལོའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་གཙོ་གནད་ནོར་སྲིད་ལས་ཀའི་གནས་ཚུལ།

    2019ལོར། ནོར་སྲིད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ལྟེ་བའི་ལས་དོན་ལ་དམིགས་ནས་ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་པའི་ཕན་དངོས་ཐོན་ཤུགས་ཆེ་རུ་བཏང་བ་དང་། འགག་སྒྲོལ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། “ཞིང་གསུམ”དང་དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་པ། སྔོན་རྩིས་ལག་བསྟར་ལ་དོ་དམ་ནན་པོ་བྱས་པ། སྔོན་རྩིས་ཀྱི་ཕན་འབྲས་ལ་དོ་དམ་བྱེད་རྒྱུར་སྐུལ་འདེད་བཏང་བ་བཅས་ཀྱི་ཐོག་ནས་ནོར་སྲིད་ཐོན་ཁུངས་བགོ་སྒྲིག་གི་ལས་ཕྱོད་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།

    1.འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཤིང་། གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱས་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་པ་དང་ཤིན་ཏུ་དབུལ་བར་དམིགས་ནས་གནད་དོན་འཛིན་ཕྱོགས་མངོན་ཆེར་བཟུང་སྟེ། སྲིད་ཇུས་ལེགས་སུ་བཏང་བ་དང་མ་དངུལ་མཁོ་སྤྲོད་བྱས་ནས་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གས་གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་153.3བསྡུ་སྒྲིལ་བྱས་ཡོད། དེའི་ནང་གི་78.6%གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ལ་བཏང་སྟེ་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང(ཆུས)19ཚང་མ་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ་བྱས་ཡོད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གྱི་སྐབས་བསྟུན་ལྟ་འདོམས་ལམ་སྲོལ་བཙུགས་ཏེ་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ལས་ཕྱོད་ལ་དོ་དམ་བྱས་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་དབུལ་སྐྱོར་མ་དངུལ་བགོ་བཤའ་བརྒྱབ་པའི་མཇུག་འབྲས་ཚང་མ་ཡོངས་བསྒྲགས་དང་། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་དབུལ་སྐྱོར་རྣམ་གྲངས་བཀོད་སྒྲིག་དང་མ་དངུལ་བེད་སྤྱོད་བྱས་ཚུལ་ཚང་མ་སྤྱི་བསྒྲགས་དང་ཡོངས་བསྒྲགས་བྱས་ཏེ་དབུལ་སྐྱོར་མ་དངུལ་འཐེན་འཕྲི་གཞན་སྤྱོད་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། གཉིས་ནས་སྦགས་བཙོག་འགོག་བཅོས་བྱེད་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཡོད། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་པའི་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱེད་རྒྱུ་དང་སྦགས་བཙོག་གི་ས་རྒྱུའི་རིགས་སླར་གསོ་བཅོས་སྐྱོང་བྱེད་རྒྱུ་སོགས་ལ་ཤུགས་སྣོན་བརྒྱབ་ཡོད། ཆུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་7.9བཀོད་སྒྲིག་བྱས་ནས་བཙོག་ཆུ་དང་གད་སྙིགས་གཙང་གསིང་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་དང་གཙང་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་བདེ་ཐང་གནས་ཚུལ་ལ་བརྟག་ཞིབ་དང་ཞིབ་དཔྱད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གསུམ་ནས་ཉེན་ཆེའི་རིགས་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱས་ཡོད། ས་གནས་ཀྱི་སྲིད་གཞུང་བུ་ལོན་ལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོས་ཏེ། མངོན་མེད་བུ་ལོན་གྱི་གསོག་འབོར་ཐག་གཅོད་འོས་འཚམ་བྱས་ནས་མངོན་མེད་བུ་ལོན་མང་དུ་འགྲོ་རིགས་མཐའ་གཅིག་ཏུ་བཀག་པ་དང་། ཉེན་ཁར་ལྟ་དཔྱད་ཚད་ལེན་དང་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་སྲིད་གཞུང་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་དང་སེལ་ཐབས་ནུས་ལྡན་བྱས་པས་སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་དང་མངོན་མེད་བུ་ལོན་གཉིས་ཀ་རྒྱལ་ཁབ་ནས་གཏན་འཁེལ་བྱས་པའི་བདེ་འཇགས་ཀྱི་ཚད་གཞིའི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། 2019ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འཁེལ་བྱས་པའི་རང་ལྗོངས་ཀྱི་སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་གྱི་བཅད་གྲངས་ནི་སྒོར་དུང་ཕྱུར་326.3ཡིན་པ་དང་། སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་གྱི་ལྷག་འཕྲོ་སྒོར་དུང་ཕྱུར་251.4ཡོད་པས་བཅད་གྲངས་ཀྱི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ས་གནས(གྲོང་ཁྱེར)ཁག་གི་སྲིད་གཞུང་གི་བུན་འཛིན་བེད་སྤྱོད་བྱས་ཚུལ་ལ་ལྟ་བཤེར་བྱས་ནས་བུན་འཛིན་མ་དངུལ་བེད་སྤྱད་པའི་ཕན་ནུས་ཐོན་ཡོད། ས་གནས་ཀྱི་སྲིད་གཞུང་བུ་ལོན་གྱི་བཅད་གྲངས་དང་བུ་ལོན་གྱི་གཏོང་ཡོང་གཉིས་སྔོན་རྩིས་དང་མཉམ་དུ་ཡོངས་བསྒྲགས་བྱེད་པའི་རྒྱུན་གཏན་ལམ་སྲོལ་བཙུགས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་རྒྱ་ཁྱབ་བྱས་ཡོད།

    2.གོང་འཕེལ་ཐད་ཀྱི་ཆད་སྐྱོན་སེལ་བར་རྒྱབ་སྐྱོར་བྱས་པ། ས་གནས་ཀྱི་སྲིད་གཞུང་བུན་འཛིན་སྒོར་དུང་ཕྱུར་128འགྲེམས་གཏོང་བྱས་ཏེ། ཡུལ་སྤོས་དབུལ་སྐྱོར་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། རིམ་རྩིས་བྱས་ན་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་246.1དོན་འཁྱོལ་བྱས་ཡོད་པས་31.5%འཕར་ཞིང་། ཤངས་ཆུའི་ཆུ་བེད་དང་། ལ་ལྷོ་ཆུ་བེད། འགན་བབས་སློབ་གསོ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས། དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་། རིག་གནས་དང་ཡུལ་སྐོར་རིམ་སྤོར། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དྲོད་གཏོང་སོགས་གཙོ་གནད་རྣམ་གྲངས་ཁག་དུས་ཐོག་ཏུ་གནད་སྨིན་ལག་བསྟར་ཐུབ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད། འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཐད་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་238དོན་འཁྱོལ་བྱས་ཤིང་། G318ཀྱི་ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ(དུས་ཁག་གཉིས་པ)སོགས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྣམ་གྲངས་ཐད་སྤྱད་ཡོད། གློག་འཕྲིན་གྱི་སྤྱིར་བཏང་ཞབས་ཞུར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་5.8དོན་འཁྱོལ་བྱས་ཤིང་། དེ་དག་སྲིད་འཛིན་གྲོང་ཚོ་1893དང་མཐའ་མཚམས་ས་ཁུལ་151ལ་4Gཡི་སྦྲེལ་ཚུགས་འཛུགས་སྐྲུན་བྱེད་རྒྱུར་སྤྱད་ཡོད། ཡུལ་སྐོར་དང་རིག་གནས་སོགས“ཐོན་ལས་ཆེན་པོ་བདུན”གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཡུལ་སྐོར་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་དང“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་ཐད་ཁ་གསབ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་2.1དང་། ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་3.2 དེང་རབས་ཞིང་ལས་ཀྱི་ནས་དང་འབྲི་གཡག་གི་ཁྱད་ལྡན་ལེགས་ཆ་ཆེ་བའི་གཙོ་ཁྲིད་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་1.2བཅས་བཀོད་སྒྲིག་བྱས་ཡོད། མ་དངུལ་བྱ་དགར་སྒྱུར་བ་དང་། དངུལ་བུན་ལ་སྐྱེད་ཀ་གསབ་པ། རྣམ་གྲངས་ལ་ཁ་གསབ་རོགས་དངུལ་སྤྲོད་པ། རྗེས་ལ་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚན་རྩལ་གསར་གཏོད་དང་གཙོ་གནད་ཚན་རྩལ་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་ཚན་རྩལ་ཐད་མ་རྩ་འཇོག་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་འབྲས་བུ་དངོས་སྒྱུར་དང་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཞིང་། ལྗོངས་ཡོངས་ཀྱི་ནོར་སྲིད་ནས་ཚན་རྩལ་ཐད་བཏང་བའི་གཏོང་སྒོ་སྒོར་དུང་ཕྱུར་10ཡན་ཟིན་ཡོད།

    3.སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་པ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ཀྱི་ཐོབ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་བཟོས་པ། མི་སྒེར་གྱི་ཐོབ་ཁྲལ་ཐད་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། དབང་སྐུར་དང་ཚད་གཞི་མཐོ་ཤོས་གཞིར་བཟུང་ཕྲན་ཚེགས་ཁེ་ལས་ཀྱི་དཔྱ་ཁྲལ་བསྡུ་རྒྱུ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་གནས་ཐང་འཕར་ཁྲལ་དམའ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་ཞུ་གྲོན་དམའ་རུ་བཏང་བ་བཅས་བྱས་པས་ཁེ་ལས་ཀྱི་ཁུར་པོ་སྔར་བས་ཡང་དུ་སོང་ཞིང་། ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱས་པ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་47.1ཟིན་ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་ཁག་4ཉུང་དུ་གཏོང་ཐུབ་པ་དང་། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གླ་རིན་བསྡུ་བའི་རྣམ་གྲངས་ཁག་25ཉུང་དུ་གཏོང་ཐུབ་ཡོད། དེའི་ནང་ཁེ་ལས་དང་འབྲེལ་བ་ཡོད་པའི་གླ་རིན་བསྡུ་བའི་རྣམ་གྲངས་ཁག་18ཉུང་དུ་བཏང་ཡོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ། ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུ་དང་དམངས་གཉེར་ཁེ་ལས་ཀྱི་དུས་འགྱངས་ཆད་དངུལ་གཙང་སྤྲོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། སྒོར་དུང་ཕྱུར་3གྱི་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་དང་། སྒོར་དུང་ཕྱུར་3གྱི་མ་དངུལ་བསྡུ་སྒྲིལ་གྱི་ཉེན་ཟོན་སྐྱོང་གསབ་ཐེབས་རྩ། སྒོར་དུང་ཕྱུར་1གི་གླ་ཆད་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་བཅས་བཙུགས་ཡོད། 

    ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་དཔྱད་ཞིབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.2དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་3དོན་འཁྱོལ་བྱས་ཡོད།

    4. དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་པ། གཅིག་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་བས་མངོན་ཆེའི་གནས་སར་བཞག་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སློབ་ཆེན་སློབ་མས་ལས་ཞུགས་ལས་གཏོད་བྱེད་པར་རྒྱབ་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་བཟོ་རྒྱུར་ཞིབ་འཇུག་བྱེད་པ། སློབ་ཆེན་ཐོན་པའི་སློབ་མས་ཁྲོམ་ར་བརྒྱུད་དེ་ལས་ཞུགས་ལས་གཏོད་བྱེད་པར་སྤྲོད་རྒྱུའི་ཁ་གསབ་རོགས་དངུལ་དང་ལས་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་3.2བཀོད་སྒྲིག་བྱས་ཡོད། “སྔོན་མངགས་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི”ལས་རིཌ་རྩལ་ནུས་སྦྱོང་བརྡར་ཐད་རྒྱབ་སྐྱོར་བྱས་ཡོད། གཉིས་ནས་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། སློབ་གསོའི་ཐད་དུ་མ་དངུལ་འཇོག་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ནོར་སྲིད་ནས་སློབ་གསོའི་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་272ཟིན་ཡོད། དེའི་ནང་ནས་མ་དངུལ་སྒོར་དུང་ཕྱུར་23.1བཀོད་སྒྲིག་བྱས་ཏེ། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དུད་ཚང་གི་སློབ་མ་ཁྲི་64ལ་ཕན་པ་ཐོབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་བཟོས་པ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་3.4དང་། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་5.6 གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.8 སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་3བཅས་བཀོད་སྒྲིག་བྱས་ཡོད། ས་བབ་མཐོ་བའི་སློབ་གྲྭའི་དྲོད་གཏོང་ལས་གཞི་ལག་བསྟར་དང་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭ་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་གསོ་རིག་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་གཙོ་གནད་སློབ་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གསུམ་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཤང་དང་གྲོང་རྡལ་96ལ་གཞི་རིམ་སྐོར་སྐྱོད་སྨན་བཅོས་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་86.2ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་12བཀོད་སྒྲིག་བྱས་ཏེ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་3.2བཀོད་སྒྲིག་བྱས་ཏེ། འདུས་འདྲིལ་གཅོང་ནད་དང་། གྲུམ་བུ་དང་ཚིགས་གྲུམ་གྱི་ནད། ཐུམ་འབུའི་ནད་སོགས་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་རྒྱུའི་ལོ་གསུམ་གྱི་དམིགས་ཚད་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་ཡོད། མ་དངུལ་སྒོར་དུང་ཕྱུར་4.3བཀོད་སྒྲིག་བྱས་ཏེ་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ཡོད། གཞི་རྩའི་སྨན་རྫས་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་། དམངས་ཡོངས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པ། འཆར་ལྡན་བུ་བཙའི“གསབ་དངུལ་ཁག་གཉིས”སོགས་ཀྱི་སྲིད་ཇུས་ལག་བསྟར་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་པའི་དམིགས་བསལ་ལས་གནས་ལ་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། བཞི་ནས་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་བཏོད་པ་དང་། མ་དངུལ་སྒོར་དུང་ཕྱུར་4.1བཀོད་སྒྲིག་བྱས་ཏེ་རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ཐོག་སྒོ་མོ་ཕྱེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་རྫོང་རིམ་པའི་རིག་རྩལ་ཚོགས་པར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་རྒྱབ་སྐྱོར་བྱས་ཡོད། རྩ་ཆེའི་རིག་གནས་གསར་རྩོམ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་3.1བཀོད་སྒྲིག་བྱས་ཏེ་གཙོ་གནད་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུ་དང་། དེ་བཞིན་ཕོ་བྲང་པོ་ཏ་ལའི་གནའ་དཔེ་ཡིག་ཚང་དང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་རྣམ་གྲངས་ལག་བསྟར་ནུས་ལྡན་ཐུབ་པར་རྒྱབ་སྐྱོར་བྱས་ཡོད། ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། མ་དངུལ་དོན་འཁྱོལ་བྱས་ནས་སྐབས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སོགས་ལུས་རྩལ་འགྲན་བསྡུར་བྱེད་སྒོ་གལ་ཆེན་སྤེལ་རྒྱུར་འགན་སྲུང་བྱས་ཡོད། ལྔ་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། དམངས་འཚོའི་ཚད་གཞི་སྤོར་བའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་180ལ་སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་555ལ་སྤར་ཡོད། ནད་ཆེན་འགན་བཅོལ་གྱི་ཐོག་མའི་དངུལ་ཚད་དམའ་རུ་བཏང་བ་མ་ཟད་གཏོང་སྒོའི་བསྡུར་ཚད་མཐོ་རུ་བཏང་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་ཁ་གསབ་རོགས་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་11.1བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པ་དང་། དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣར་རོགས་སྐྱོབ་བྱེད་པ། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ། དབང་པོ་སྐྱོན་ཅན་ལ་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མི་རེར་ཟླ་རེར་སྒོར་800དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མི་རེར་ལོ་རེར་སྒོར་4450ལ་སྤར་བ་དང་། “རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་50སྤར་ཡོད། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་གི་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་སྦྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་དུས་དང་བསྟུན་ནས་ལག་བསྟར་བྱེད་འགོ་བཙུགས་ཡོད། གཟིགས་སྐྱོང་བྱ་ཡུལ་དང་། རང་བརྟེན་ལས་གཏོད་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ། དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་རྩིས་སྤྲོད་བྱས་པའི་ལས་བྲལ་ལས་འཁྱུར་མི་སྣ་སོགས་ཀྱི་མ་དངུལ་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཡོད། མ་དངུལ་སྒོར་དུང་ཕྱུར་16.7བཀོད་སྒྲིག་བྱས་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་གྲོང་གསེབ་ཀྱི་ཁང་གོག་སྒྱུར་བཀོད་སོགས་བྱེད་པའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    5. གཅིག་གྱུར་འཆར་འགོད་ཀྱིས་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ། གཅིག་ནས་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ནོར་སྲིད་ནས་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་ནོར་སྲིད་ནས་ཞིང་ལས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད་ཅིང་། སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་ནོར་སྲིད་ནས་ཞིང་ལས་ཐད་ལ་རྒྱབ་སྐྱོར་བྱེད་པའི་གཏོང་སྒོ་སྒོར་དུང་ཕྱུར་376བཏང་སྟེ་6.8%འཕར་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་གང་ཐུབ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་དུང་ཕྱུར་12.8དང་། ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་བཅོས་སྐྱོང་སོགས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་དུང་ཕྱུར་8 “གསང་སྤྱོད་གསར་བརྗེ”བྱེད་པའི་མ་དངུལ་སྒོར་དུང་ཕྱུར་3.3བཅས་བཀོད་སྒྲིག་བྱས་ཡོད། ཞིང་འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱུགས་རིགས་རྒྱུད་བཟང་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་སོགས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཁ་གསབ་རོགས་དངུལ་མ་དངུལ་སྒོར་དུང་ཕྱུར་6དང་། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དང་། ནས་དང་། ཤ་རིགས། དཀར་ཆུའི་རིགས་ཀྱི་ཐོན་ཚད་འཕར་བ་བྱེད་རྒྱུ། དེ་བཞིན་གྲོང་གསེབ་མཉམ་སྡེབ་ཐོག་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་3.2བཅས་བཀོད་སྒྲིག་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་7བཀོད་སྒྲིག་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཉིས་ནས་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། རིམ་རྩིས་བྱས་ན་གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་138.2བསྡུ་སྒྲིལ་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། 《མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་ལ་དོ་དམ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》བཟོས་ནས་པར་འགྲེམས་བྱས་པ་དང་། མཐའ་མཚམས་མི་སེར་ལ་ཁ་གསབ་རོགས་དངུལ་སྤྲོད་ལམ་འཐུས་སྒོ་ཚང་དུ་བཏང་བ། མཐའ་མཚམས་ས་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་གང་ཐུབ་བྱས་པ། འཐབ་ས་དང་པོ་དང་གཉིས་པའི་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་4700དང་སྒོར་4500བར་ཁག་སོ་སོར་སྤར་ཡོད།

    6. མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་བྱ་སྤྱོད་ལ་རོགས་སྐྱོར་བྱེད་པ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་བ་དང་རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་རྒྱ་ཆེ་རུ་གཏོང་བ། ནགས་ཚལ་ཐོན་ཁུངས་གསོ་འཕེལ་དང་བདག་སྐྱོང་ལ་ཤུཌ་སྣོན་རྒྱག་པ། འདམ་རའི་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་པ་དང་། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་དང་སྐྱེ་ཁམས་དབུལ་སྒྲོལ་ལས་གནས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། གཅིག་གྱུར་འཆར་འགོད་ཀྱིས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་པས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་པོ་རིའི་བཀོད་སྒྲིག་བྱ་ཡུལ་བདེ་བླག་ངང་འཛུགས་སྐྲུན་བྱེད་ཐུབ་ཡོད། གཙང་ཆུ་རྒྱུག་ཁུལ་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྣོད་བཅུད་སྲུང་སྐྱོབ་ཀྱི་སྐྱོང་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་འགན་སྲུང་ཐོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་། ལྟ་སྐུལ་ཞིབ་བཤེར། ལེཌ་བཅོས་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་སོགས་རིགས་ཁག་གི་སྣོད་བཅུད་ལ་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་97.7བཀོད་སྒྲིག་བྱས་ཤིང་། དེའི་ནང་ནས་མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་རྩྭ་མཚེའུ་བཅས་ཀྱི་རྒྱུད་ཁོངས་ལ་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པས་ལོ་ཧྲིལ་པོར་སྣོད་བཅུད་ཁྱབ་ཁོངས་ཐད་ཀྱི་གཏོང་ཆའི་འཕར་ཚད་20%ཡན་ཟིན་ཡོད།

    7. སྤྱི་ཚོཌ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གྱི་གཏོད་འདེམས་སོཌ་ཀྱི་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་མིན་རྩ་འཛུགས་ལ་རྡུང་རྡེག་གཏོང་བ་དང་ནག་སེལ་གཤེད་བཅོམ་བྱེད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། དགོན་སྡེའི་དོ་དམ་བྱེད་ཕྱོགས་གསར་གཏོད་བྱེད་པ། དགོན་སྡེ་དང་གྲྭ་བཙུན་གཉིས་ཀར་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་པའི་ཞབས་ཞུ་དགོན་སྡེར་སྒྲུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ། སྨན་བཅོས་འགན་བཅོལ་དང་། གཟུགས་པོ་བརྟག་དཔྱད། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་སོཌ་ཀུན་ལ་ཁྱབ་པ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགྲོ་གྲོན་སྒོར་དུང་ཕྱུར་5.5བཀོད་སྒྲིག་བྱས་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་གི་ནུས་པ་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    8. ནོར་སྲིད་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་ཏན་ཏིག་བཏང་བ། གཅིག་ནས་ནོར་སྲིད་ཀྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་ཡོད། མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་མ་ལག་ལེགས་སུ་བཏང་སྟེ། “འགན་ལེན་གསུམ”གྱི་གཏོང་སྒོའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། གཤམ་འོག་གི་དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་དང་། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའ་ཁ་གསབ་ཀྱི་མ་དངུལ། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སོགས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ནོར་སྲིད་འཁོར་རྒྱུག་གི་འགན་སྲུང་ནུས་པ་ཆེ་རུ་བཏང་ཡོད། ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་དང་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། 《གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཐུན་མོང་གི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་དང་སྒྱུར་བཅོས་བྱེད་རྒྱུའི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ནས་རིམ་ཁག་སྲིད་གཞུང་གི་དབང་འགན་དང་། དོན་དབང་གི་ཁྱབ་ཁོངས། གཏོང་སྒོ་བཅས་ཀྱི་འགན་འཁུར་སྟངས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་བཅད་ཡོད། གཉིས་ནས་སྔོན་རྩིས་ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཡོད། ཆེད་དམིགས་མ་དངུལ་དང་སྡེ་ཚན་གྱི་རྣམ་གྲངས་གཙང་བཤེར་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་བཀོད་སྒྲིག་ཐད་ཀྱི་གནད་དོན་ཆུང་ཙག་ཐག་གཅོད་གང་ཐུབ་བྱས་ཡོད། སྔོན་རྩིས་ལ་གཅུན་སྡོམ་བྱེད་རྒྱུ་དམ་དུ་བཏང་ནས་གསར་སྣོན་གྱི་གནས་སྐབས་རང་བཞིན་དང་འཕྲལ་སྡོམ་རང་བཞིན་གྱི་གཏོང་སྒོའི་རིགས་རང་སྐྱོང་ལྗོངས་ཀྱི་བླང་བྱ་ཁ་གསལ་ཡོད་པའམ་ཡང་ན་གོང་རིམ་སྡེ་ཚན་གྱི་གཏན་འབེབས་ལོགས་སུ་ཡོད་པ་ཕུད། དེ་མིན་ཚང་མ་སྡེ་ཚན་གྱི་སྐབས་བསྟུན་གྲོན་དངུལ་སོགས་ད་ཡོད་སྔོན་རྩིས་ནས་ཐག་གཅོད་བྱེད་པ་ལས། བསྐྱར་དུ་གསབ་སྣོན་ལེགས་སྒྲིག་བྱེད་རྒྱུ་མིན། འཕྲོས་སྒྱུར་འཕྲོས་ལྷག་གི་མ་དངུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར་35.1ཚུར་བསྡུས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་གཙོ་གནད་དགོས་མཁོའི་ཁྱབ་ཁོངས་སུ་བེད་སྤྱོད་བཏང་ཡོད། སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་དེ་སྔོན་རྩིས་ལག་བསྟར་བྱེད་རྒྱུ་དང་ལས་རྗེས་དཔྱད་གདེང་བྱེད་རྒྱུ་དང་ཟུང་སྦྲེལ་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཡོད། ས་གནས་ཀྱི་གནས་སྐབས་ཀྱི་བཅོལ་དངུལ་ལ་དོ་དམ་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་ཡོད། སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཡོངས་བསྒྲཌ་བྱེད་ཁོངས་དང་ནང་དོན་རྒྱ་སྐྱེད་བཏང་ཡོད། གསུམ་ནས་སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་དོ་དམ་བྱས་ཡོད། ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་མ་ལག་ཧུར་ཐག་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྔོན་རྩིས་ལས་རྗེས་དོ་དམ་ལག་བསྟར་བྱེད་རྒྱུའི་ལག་བསྟར་བསམ་འཆར་བཟོ་རྒྱུར་ཞིབ་འཇུག་བྱས་ཡོད། གཏོང་སྒོའི་སྔོན་རྩིས་ལས་རྗེས་ལ་ཕྱོགས་ཡོངས་ནས་རྗེས་འདེད་དོ་དམ་བྱས་ཡོད། གཙོ་གནད་རྣམ་གྲངས་ལ་ལས་རྗེས་དཔྱད་གདེང་དང་སྲིད་ཇུས་ཐད་ཀྱི་ཚོད་སྐོར་བྱས་ཡོད། ཕྱོགས་གསུམ་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ་སྡེ་ཚན་གྱི་སྔོན་རྩིས་རྣམ་གྲངས་ཀྱི་ལས་རྗེས་དམིགས་ཚད་ལ་ཞིབ་བཤེར་བྱས་ཡོད་པས་ལས་རྗེས་དམིགས་ཚད་ཞིབ་བཤེར་བྱས་འབྲས་དེ་སྔོན་རྩིས་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ལ་བརྩི་རྒྱུ་ཡིན། བཞི་ནས་སྲིད་གཞུང་གིས“གཏོང་མཁས་སྤྱོད་མཁས”བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་དང་ཉུང་འཕྲི་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་གཏོང་སྒོའི་སྔོན་རྩིས་11.4%ཉུང་དུ་བཏང་བ་དང་། “གཞུང་གྲོན་གསུམ”གྱི་འགྲོ་གྲོན་གྱི་སྔོན་རྩིས་10.6%ཉུང་དུ་བཏང་ནས་གྲོན་ཆུང་ཐུབ་པའི་མ་དངུལ་དེ་གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་རྒྱུར་སྤྱད་ཡོད། ལྔ་ནས་ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ནོར་སྲིད་པུའི་བླང་བྱ་གཞིར་བཟུང་། “སྔོན་འཛུགས་རྗེས་གཏོར་དང་། བཙུགས་ན་མ་གཏོགས་མི་གཏོར་བའི”སྒྱུར་བཅོས་རྩ་དོན་གཞིར་བཟུང་། “གཙོ་གནད་ཡོད་པ་དང་། དབྱེ་བ་ཡོད་པ། བང་རིམ་ཡོད་པ”བཅས་ཀྱི་ལས་དོན་སྒྲུབ་ཐབས་སྤྱད་དེ་ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་སྔོན་རྩིས་དོ་དམ་གྱི་གནས་ཚུལ་གསལ་ཞུ་དང་ཚོད་འཛིན་ནུས་ལྡན་ཐུབ་རྒྱུར་སྐུལ་སྤེལ་བཏང་བས་ནོར་སྲིད་སྔོན་རྩིས་དོ་དམ་བྱེད་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་སོང་ཡོད། དྲུག་ནས་རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་པ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐད་རྒྱ་བསྐྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ཐད་ཁྲིམས་བཞིན་ཞིབ་བཤེར་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དང་། གལ་ཆེའི་སྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུ། སྔོན་རྩིས་ཀྱི་གཅུར་བཀག་དང་ལས་རྗེས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་སྐོར་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་འབྲེལ་ཡོད་བསམ་འཆར་དང་གྲོས་འཆར་དོན་འཁྱོལ་ཧུར་ཐག་བྱས་ཡོད། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་བྱས་ཚུལ་སྙན་སེང་ཐེངས་དང་པོ་ཞུས་པ་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་བྱས་ཚུལ་མུ་མཐུད་སྙན་སེང་ཞུས་ཡོད། “གནད་དོན་ཐོན་རིགས་བཅོས་སྐྱོང་དང་མ་ཐོན་སྔོན་འགོག”བྱེད་རྒྱུ་དེ་བརྩི་སྲུང་ཞུ་སར་བརྩིས་ནས་རྩིས་བཤེར་བྱས་ཏེ་རྩད་ཆོད་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ཤིང་། ནོར་སྲིད་སྡེ་ཚན་རང་ངོས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་སྡེ་ཚན་དང་ཚན་པ་གཞན་དག་གི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད། དུས་མཚུངས་གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་ཀྱིས་འཚོལ་བཤེར་དང་། སྐྱོན་ཆ་འགོག་བཅོས། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་བརྒྱབ་པས་གནད་དོན་སྔོན་འགོག་ཐུབ་ཡོད།

    སྤྱིའི་ཆ་ནས་བལྟས་ན། 2019ལོར་སྔོན་རྩིས་ལག་བསྟར་བྱས་ཚུལ་ལེགས་ཙམ་བྱུང་ཞིང་། ནོར་སྲིད་སྒྱུར་བཅོས་དང་གོང་འཕེལ་གཏོང་བའི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞུམ་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བའི་འབྲས་བུ་ཞིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བའི་འབྲས་བུ་ཞིག་བཅས་ཡིན། གྲུབ་འབྲས་དེ་དག་ཐོབ་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགོ་ཁྲིད་ཡང་དག་གནང་བ་དང་ཁ་བྲལ་ཐབས་མེད་པ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ། རིམ་ཁག་སྡེ་ཚན་ཁག་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་དང་དེ་བས་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་ཡིན།

    དུས་མཚུངས། སྔོན་རྩིས་ལག་བསྟར་དང་ནོར་སྲིད་ལས་དོན་ཐད་ད་དུང་གནད་དོན་དང་འགྲན་སློང་འགའ་འཕྲད་ཡོད་པ་སྟེ། གཙོ་བོ་ནི། རང་ལྗོངས་ཀྱི་ཐོན་ལས་དཔལ་འབྱོར་གྱི་སྤྱིའི་བང་རིམ་དམའ་བ་དང་། སྤྱི་འབོར་ཆུང་བ། ནང་ཐོན་འཕེལ་ནུས་མི་འདང་བ། ནོར་སྲིད་ཀྱི་འབབ་འཕར་རྨང་གཞི་བརྟན་པོ་མེད་པ། མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཉུང་དུ་མི་འགྲོ་བ། གླ་ཕོགས་དང་། འཁོར་རྒྱུག གཞི་རྩའི་དམངས་འཚོ་བཅས་འགན་སྲུང་བྱེད་རྒྱུའི་གཏོང་སྒོའི་ཁུར་པོ་ལྕི་བ་བཅས་ཡིན་པའི་ཁར། སྔོན་རྩིས་བཟོ་འགོད་བྱེད་པའི་གནད་འཁེལ་རང་བཞིན་དང་སྔོན་རྩིས་དམ་ནན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ས་གནས་དང་སྡེ་ཚན་ཁག་གཅིག་གིས་སྔོན་རྩིས་ལག་བསྟར་བྱེད་པའི་རྨང་གཞིའི་ལས་དོན་ཏན་ཏིག་མི་སྒྲུབ་པ་དང་གཏོང་སྒོ་གཏོང་འགོར་བའི་རྐྱེན་གྱིས་ནོར་སྲིད་མ་དངུལ་བེད་མེད་དང་ཆུད་ཟོས་སུ་འགྲོ་བ། ས་གནས་ཁག་གཅིག་གིས་དོན་དངོས་དང་མི་མཐུན་པར་རང་ཉིད་ཀྱི་འབྱོར་སྟོབས་ཀྱི་ཚད་ལས་བརྒལ་ནས་ཁས་ལེན་བྱེད་ཤུགས་ཆེ་དྲགས་པ་སོགས་ཀྱི་གནད་དོན་ཡོད་པའི་རྐྱེན་གྱིས་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་རྐྱེན་བཟོ་བ། ཁག་གཅིག་གིས་སྲིད་ཇུས་ལག་བསྟར་དང་དོན་འཁྱོལ་བྱེད་རྒྱུ་གནད་ལ་མི་འཁེལ་བ་བཅས་ཡིན། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་རྒྱུ་ཡིན།

    གཉིས། 2020ལོའི་སྔོན་རྩིས་འཆར་ཟིན།

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པར་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”གོང་འཕེལ་གཏོང་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་ཡག་པོ་འདིང་དགོས། སྔོན་རྩིས་བཟོ་འགོད་དང་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང《2020ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》(རྒྱལ་སྤེལ[2019]ཡིག་ཨང་27པ)བླང་བྱ་གཞིར་བཟུང་། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་གི་སྤྱིའི་བླང་བྱ། ཕྱི་ལོའི་སྔོན་རྩིས་དོ་སྙོམས་ཡོང་རྒྱུའི་དགོས་མཁོ་བཅས་ལ་གཞིཌ་པ་དང་། ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། འབྲེལ་ཡོད་གཏོང་སྒོའི་ལས་རྗེས་དཔྱད་ཞིབ་བྱས་འབྲས། ལོ་འཁོར་འདིའི་གཏོང་ཡོང་གི་སྔོན་དཔག་བཅས་ལ་དཔྱད་བསྡུར་དང་། གཏན་འབེབས་ཀྱི་གོ་རིམ་བཞིན་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་2020ལོའི་སྔོན་རྩིས་འཆར་ཟིན་བཟོ་འགོད་བྱས་ཡོད། 

    (གཅིག)2020ལོའི་ནོར་སྲིད་གཏོང་ཡོང་གི་གནས་བབ་ཀྱི་དབྱེ་ཞིབ།

    ནོར་སྲིད་ཡོང་འབབ་ཀྱི་གནས་བབ་ནས་བལྟས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གཞི་ཆེའི་དཔལ་འབྱོར་འཁོར་རྒྱུག་བྱེད་ཚུལ་སྤྱིའི་ཆར་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་མོད། ཡིན་ནའང་སྔར་བཞིན་ཕྱོགས་སྒྱུར་གོང་འཕེལ་གྱི་འགག་རྩའི་དུས་སུ་གནས་ཡོད་པས། ནོར་སྲིད་ཀྱི་ཡོང་འབབ་གཙོ་བོ་ཀྲུང་དབྱང་གི་རྒྱབ་སྐྱོར་ལ་བརྟེན་དགོས་པ་ལས་ནང་ཐོན་འཕེལ་ནུས་འདང་གི་མེད། 2020ལོར། དཔལ་འབྱོར་གོང་འཕེལ་གཏོང་བའི་ཁོར་ཡུག་ངེས་གཏན་མེད་པའི་རང་བཞིན་ཆེ་ཙམ་ཡོད་པ་དང་། ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་ཐད་ད་དུང་ལོ་མཇུག་ཏུ་འཕར་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ། ཆད་དངུལ་གཙང་སྤྲོད་སོགས་ཐེངས་གཅིག་རང་གི་འབབ་ཁུངས་ཞན་དུ་འགྲོ་བ་བཅས་ལ་བརྟེན། ནོར་སྲིད་ཡོང་འབབ་ཀྱི་གནས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དུས་མཚུངས། ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་ཡོང་གནས་ཚུལ་ཡང་ཛ་དྲག་ཆེ་ཙམ་ཡོད་པས་སྔོན་དཔག་བྱས་ན་2020ལོར་རང་ལྗོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་འཕར་ཚད་འགོར་རུ་འགྲོ་ཉེན་ཡོད། ནོར་སྲིད་གཏོང་སྒོའི་གནས་བབ་ནས་བལྟས་ན། རིམ་ཁག་ནོར་སྲིད་ཀྱིས་འགན་སྲུང་བྱེད་དགོས་ངེས་ཀྱི་གཏོང་སྒོ་མང་ཙམ་ཡོད་པ་དང་། གསར་སྣོན་གཏོང་སྒོའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་རྒྱུན་མཐུད་ངང་ཡག་པོར་བསྒྲུབ་རྒྱུ་སྔོན་ལ་འགན་སྲུང་བྱེད་དགོས་པ་དང་། མཐའ་མཚམས་འཛུགས་སྐྲུན་དང་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོ་སོགས་ཁྱབ་ཁོངས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས་པ། དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། མི་སྣའི་གཏོང་སྒོ་འགན་སྲུང་བརྟན་པོ་བྱེད་དགོས་པ་བཅས་ཡིན། ཕྱོགས་བསྡུས་ཐོག་དབྱེ་ཞིབ་བྱས་ན། 2020ལོར་ནོར་སྲིད་ཡོང་འབབ་ཀྱི་གནས་བབ་ཛ་དྲག་ཆེ་ཙམ་ཡོད་པ་དང་། ནོར་སྲིད་གཏོང་སྒོའི་རིགས་མགྱོཌ་མྱུར་མང་དུ་འགྲོ་བ། གཏོང་ཡོང་དོ་སྙོམས་ཀྱི་གནོན་ཤུགས་མངོན་གསལ་ཆེ་ཙམ་ཡོད་པ་བཅས་ཡིན་པས་ངེས་པར་དུ་མཐའ་ཚད་འཛིན་སེམས་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། སྲིད་ཇུས་དང་མ་དངུལ་གཅིག་གྱུར་འཆར་འགོད་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་པ་དང་སྦྲགས་ནོར་སྲིད་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།

    (གཉིས)2020ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན།

    2020ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ལག་བསྟར་གཏིང་ཟབ་བྱས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། “ཕྱོགས་ཡོངས་ནས་བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པ་དང་དཔལ་འབྱོར་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཁར། འཕར་སྣོན་བརྟན་པོ་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་སེལ། བརྟན་ལྷིང་སྲུང་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བཏང་ནས་ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཕྱོད་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་མ་ཟད། གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་དེ་བས་མཐོང་ཆེན་གྱིས“ཡོང་འབབ་ལ་གཞིགས་ནས་གཏོང་སྒོ་གཏན་འཁེལ་བྱེད་པའི”རྩ་དོན་ལག་བསྟར་ནན་ཏན་བྱེད་པ་དང“གཏོང་མཁས་སྤྱོད་མཁས”བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འགན་སྲུང་ཡོད་ལ་གནོན་ཤུགས་ཡོད་པའི་ཐོག་ནས་གཞི་རིམ་གྱི་གླ་ཕོགས་དང་། འཁོར་རྒྱུག གཞི་རྩའི་དམངས་འཚོ་བཅས་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་རྒྱུ། གོང་འཕེལ་གྱི་ཆད་སྐྱོན་སེལ་རྒྱུ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུཌ་སྐྲུན་བྱེད་རྒྱུ།  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་གཙོ་གནད་ཀྱི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཡོངས་སུ་མཇུག་བསྡུ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན།

    གོང་གསལ་མཛུབ་ཁྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་པར་གཤམ་གསལ་རྩ་དོན་ཁོང་དུ་ཆུད་དགོས་པ་སྟེ། གཅིག་ནི་གཙོ་གནད་མངོན་ཆེར་བཟུང་བ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དང་གཞི་ཆེའི་བཏང་འཛིན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་ཁོང་དུ་ཡང་དག་ཆུད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ཞབས་ཞུ་སྔར་བས་ཡག་པོ་བསྒྲུབ་རྒྱུ། གཉིས་ནི་འབྱོར་སྟོབས་གཅིག་སྒྲིལ་གྱིས་གཙོ་གནད་ལ་དམིགས་ནས་ཀྲུང་དབྱང་གི་སྲིད་ཇུས་གཏན་འབེབས་ཁ་གསལ་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཏན་འཁེལ་ཡོད་པ། མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་བཅས་ཀྱི་རྣམ་གྲངས་སྔོན་ལ་འགན་སྲུང་བྱེད་རྒྱུ། ཕྱོགས་ཡོངས་ནས་དབྱེ་གསེད་དང་ཚད་བསྡུར་བྱས་ཏེ། གཙོ་གནད་དམ་འཛིན་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གསབ་བཅས་བྱས་ནས་ཉེན་ཁ་སྔོན་འགོག་དང་། གནད་འཕིགས་དབུལ་གྲོལ། སྦགས་བཙོག་འགོག་བཅོས་བཅས“འགག་སྒྲོལ་ཆེན་པོ་གསུམ”གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། མི་ཐོག་ལ་བབས་པའི་གླ་ཕོགས་དང་། ཕོགས་སྣོན། ཁ་གསབ་བཅས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་དམངས་འཚོའི་བྱ་བ་དངོས་ལ་འགན་སྲུང་བྱེད་པ། མཐའ་མཚམས་འཛུཌ་སྐྲུན་དང་ས་ཁད་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསར་སྣོན་གྱི་འབྱོར་སྟོབས་ 90%ཡན“ཞིང་གསུམ”དང་དབུལ་གྲོལ་སྲ་བརྟན་གཏོང་རྒྱུ་སོགས་གཙོ་གནད་ཀྱི་གཏོང་སྒོའི་ཐད་གཏོང་རྒྱུ། གསུམ་ནི་དམ་པ་དོན་གཉེར་དང་འཁོས་དཔག་ལས་སྒྲུབ་ཀྱིས་གྲོན་ཆུང་བསྲི་ཚགས་དང“གཏོང་མཁས་སྤྱོད་མཁས”བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་དང་ཉུང་འཕྲི་ནན་པོ་བྱེད་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྡེ་ཚན་གྱིས་གཙོ་གནད་མིན་པ་དང་མི་གཏོང་ཀ་མེད་མིན་པའི་གཏོང་སྒོའི་རྣམ་གྲངས་ 16.3%ཉུང་འཕྲི་བྱེད་རྒྱུ། དེ་བཞིན་གཞུང་གྲོན11%ཉུང་འཕྲི་བྱས་ནས་གྲོན་ཆུང་ཐུབ་པའི་མ་དངུལ་ཚང་མ་གཙོ་གནད་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་རྒྱུ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཤུཌ་ཆེར་བཏང་ནས་ནོར་སྲིད་ཀྱི་འགན་སྲུང་བྱེད་ཁོངས་དང་གཏོང་སྒོའི་ཚད་གཞི་གཏན་འཁེལ་འཚམ་མཐུན་བཟོ་རྒྱུ། བཞི་ནི་གྲུབ་ཆ་ལེཌ་སྒྲིག་དང་ལས་ཕྱོད་ཆེ་རུ་བཏང་ནས་ནོར་སྲིད་མ་དངུལ་སྤྱད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་རྒྱུ། གཞི་གསར་སྔོན་རྩིས་ཀྱི་བསམ་གཞི་བཀོལ་སྤྱོད་བྱེད་རྒྱུ་འཚོལ་ཞིབ་བྱས་ཏེ་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྔོན་རྩིས་དོན་འཁྱོལ་དང་སྔོན་རྩིས་ལས་རྗེས་དེ་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་སྔོན་རྩིས་དོན་འཁྱོལ་བྱེད་ཚད་འགོར་བ་དང་ལས་རྗེས་དཔྱད་གདེང་བྱས་འབྲས་ཞན་པའི་རྣམ་གྲངས་ཀྱི་སྔོན་རྩིས་ཉུང་དུ་གཏོང་རྒྱུ། ལྔ་ནི་འབྱོར་སྟོབས་གཤམ་སྒྱུར་དང་གཞི་རིམ་ལ་འཕར་གཟིཌ་བྱས་ཏེ་གྲོང་ཁྱེར་དང་རྫོང་ཁག་གི་ནོར་སྲིད་བརྟན་ལ་སྐྱོན་བྲལ་ངང་འཁོར་རྒྱུག་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པ་འདི་གའི་དགོས་ངེས་ཀྱི་གཞི་རྩའི་འཁོར་རྒྱུག་དང་ལས་སྒོའི་གྲོན་དངུལ་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག གསར་སྣོན་གཏོང་སྒོ་མང་ཆེ་བ་ཁྱབ་ཁོངས་ཁག་གི་གྲོང་ཁྱེར་དང་རྫོང་ཁག་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཐད་སྤྱད་དེ་གྲོང་ཁྱེར་དང་རྫོང་ཁག་གི“གླ་ཕོགས་དང་། འཁོར་རྒྱུག གཞི་རྩའི་དམངས་འཚོ་བཅས་འགན་སྲུང་བྱེད་པའི”ནུས་པ་དང་། དེ་བཞིན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱི་ནུས་པ་འབྱུང་རྩ་ནས་ཆེ་རུ་གཏོང་རྒྱུ།

    (གསུམ) 2020ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་གི་གཙོ་གནད།

    རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་སྟེ།

    1.འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་མངོན་ཆེའི་ཆད་ཆ་སེལ་རྒྱུ། གཅིག་ནི་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། གཏོང་ཆ་འགན་སྲུང་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་གྲོལ་གྱི་ཕན་འབྲས་ལ་ལྟ་དཔྱད་ཚད་ལེན་བྱེད་རྒྱུ་དང་དབུལ་ལོག་གི་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་དངུལ་དང་བྱ་ཐབས་དེ་དབུལ་གྲོལ་འགག་སྒྲོལ་གྱི་དུས་སྐབས་རིང་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ་དང་། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་ 131སྒྲིལ་སྤྱོད་བྱས་ནས་དབུལ་གྲོལ་འགག་སྒྲོལ་ཐད་སྤྱོད་རྒྱུ་ཡིན། གཉིས་ནི་སྦགས་བཙོག་འགོག་བཅོས་མཐའ་གཅིག་ཏུ་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ། ཁོར་ཡུག་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། “གཙང་བཅོས་གསུམ་དང་ལེགས་གཏོང་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ། ཆུ་སྙིཌ་ཀྱི་སྦགས་བཙོག་བཅོས་སྐྱོང་དང“གསང་སྤྱོད་གསར་བརྗེ”བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཆུའི་སྦགས་བཙོག་དང་ས་རྒྱུ་འགོག་བཅོས། དེ་བཞིན་ནུས་རྒྱུ་བསྲི་ཚགས་བཅས་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར་ 3.9དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་སོགས་ལ་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 1.9བཀོད་སྒྲིག་བྱེད་རྒྱུ། གསུམ་ནི་བུ་ལོན་གྱི་ཉེན་ཁར་འགོག་ཟོན་དང་སེལ་ཐབས་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ། སྲིད་གཞུང་གི་ཁྲིམས་བཅད་བུ་ལོན་གྱི་བཅད་གྲངས་དང་སྔོན་རྩིས་ལ་དོ་དམ་བྱེད་རྒྱུ་ནན་དུ་བཏང་སྟེ། ས་གནས་ཀྱི་སྲིད་གཞུང་མངོན་མེད་བུ་ལོན་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཐོག མངོན་མེད་བུ་ལོན་གྱི་འཕར་ཚད་བཀག་འགོག་ནུས་ལྡན་དང་མངོན་མེད་བུ་ལོན་གྱི་གསོག་འབོར་རིམ་བཞིན་ཉུང་དུ་བཏང་ནས་གོ་རིམ་ལྡན་པའི་ངང་ས་གནས་བུ་ལོན་གྱི་ཉེན་ཁ་སེལ་ཐབས་བྱེད་རྒྱུ། དེ་སྔའི་ས་གནས་ཀྱི་སྲིད་གཞུང་བུ་ལོན་གྱི་དུས་ཚོད་གཙང་ཚུལ་གཞིར་བཟུང་། བསྐྱར་དུ་མ་དངུལ་བསྡུ་རྒྱུག་གི་བུན་འཛིན་སྒོར་དུང་ཕྱུར་ 19འགྲེམས་གཏོང་བྱས་ནས་དུས་ཚོད་གཙང་བའི་སྲིད་གཞུང་བུ་ལོན་གྱི་མ་དངུལ་འཇལ་རྩིས་ཡོད་པ་དང་། སྒོར་དུང་ཕྱུར་ 2.4གྲངས་ཚང་བཀོད་སྒྲིག་བྱས་ནས་སྲིད་གཞུང་བུ་ལོན་གྱི་སྐྱེད་ཀ་འཇལ་རྩིས་ཡོད། ནོར་སྲིད་པུའུ་ནས་སྔ་སྣུར་དུ་གཤམ་སྤྲོད་བྱས་པའི་ 2020ལོའི་ཆེད་དམིགས་བུན་འཛིན་གྱི་གསར་སྣོན་གྲངས་བཅད་འགའ་ཞིག་གཞིར་བཟུང་། ས་གནས་ཀྱི་སྲིད་གཞུང་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ 16འགྲེམས་གཏོང་བྱས་ནས། ལྷ་སའི་སྦུག་དྲ་བསྒྱུར་བཀོད་དང་བློ་རིག་ཆུ་འདོན་འཛུགས་སྐྲུན་བྱེད་རྒྱུ་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུད་ཀྱི་ཆུ་འདོན་རིམ་སྤོར་བསྒྱུར་བཀོད་བྱེད་རྒྱུ་སོགས་གཙོ་གནད་རྣམ་གྲངས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད། 

    2.སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ། གཙོ་གནད་རྣམ་གྲངས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ས་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་ 11དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་འགོད་བྱེད་རྒྱུ་སོགས་ལས་ཀའི་གྲོན་དངུལ་སྒོར་དུང་ཕྱུར་ 1 ཀྲུང་དབྱང་ནས་ས་གནས་ལ་འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཐད་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 130.4 གཞུང་ལམ་བདག་སྐྱོང་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མ་ཉམས་གསོ་ཆེ་འབྲིང་རིགས་བྱེད་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 26.8བཅས་བཀོད་སྒྲིག་བྱེད་རྒྱུ། གཉིས་ནི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ། ད་ཡོད་ཀྱི་མ་དངུལ་འདོན་ལམ་སྒྲིལ་སྤྱོད་བྱས་ཏེ་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཀྱི་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་སོགས“ཐོན་ལས་ཆེན་པོ་བདུན”གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སྔོ་ལྗང་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ། ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 1.7དང་། “དགུན་དུས་བོད་དུ་ཡུལ་སྐོར”ཐད་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 0.3 དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 1.2 ཚོང་དོན་འཁོར་རྒྱུག་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 0.1 གློག་ཤུགས་ཐད་ཁ་གསབ་སྤྲོད་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 3.2བཅས་བཀོད་སྒྲིག་བྱེད་རྒྱུ། དམངས་སྤྱོད་མཁའ་འགྲུལ་དང་། འཕྲིན་གཏོང་། སྦྲག་སྲིད་ཀུན་ཁྱབ་ཞབས་ཞུ་སོགས་དམིགས་བསལ་ལས་རིགས་ལ་ཁ་གསབ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 5.2བཀོད་སྒྲིག་བྱེད་རྒྱུ། འབྲུ་རིགས་ཀྱི་ཉེན་ཟོན་ཐེབས་རྩ་དང་ཞོར་ཟས་གྲབས་གསོག་བྱེད་རྒྱུ་སོགས་འབྲུ་སྣུམ་ལས་ཀའི་མ་དངུལ་སྒོར་དུང་ཕྱུར་1.4 བཀོད་སྒྲིག་བྱེད་རྒྱུ། གསུམ་ནི་ཚན་རྩལ་གསར་གཏོད་ཐད་རྒྱབ་སྐྱོར་བྱེད་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཐོག ཞིང་འབྲོག་ཚན་རྩལ་ཞིབ་འཇུག་དང་འབྲས་བུ་ཉེར་སྤྱོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁེ་ལས་ནས་ཚན་རྩལ་ཐད་མ་དངུལ་བཏང་སྟེ་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་རྒྱུ། ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 2.6བཀོད་སྒྲིག་བྱེད་རྒྱུ། ཞིང་འབྲོག་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་རིན་མེད་ཐོག་སྒོ་མོ་ཕྱེ་བར་རྒྱབ་སྐྱོར་བྱེད་རྒྱུ། “གཉིས་གཏོད”ཀྱི་ལོ་གསུམ་གྱི་ལས་འགུལ་འཆར་གཞི་དང་གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་འགུལ་གྱི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

    3.བསྒྱུར་བཅོས་སྒོ་དབྱེ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་རྒྱུ། གཅིག་ནི་ཁྲལ་རིན་གཉིས་ཆག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ཁྲལ་རིན་གཉིས་ཆག་གི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དང་སྤྱི་ཚོགས་འགན་སྲུང་གི་འཇལ་གྲོན་གྱི་ཚད་གཞི་དམའ་རུ་གཏོང་བའི་སྲིད་ཇུས་ཁག་མུ་མཐུད་ལག་བསྟར་བྱེད་པ། སྲིད་འཛིན་བྱ་གཞག་གི་གྲོན་བསྡུའི(དྲ་རྒྱ་གཅིག)འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བ། ཚང་སྒྲིག་བྱ་ཐབས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དངོས་གཞིའི་དཔལ་འབྱོར་གྱིས་ལས་མི་བཀོལ་སྤྱོད་དང་། གློག་བེད་སྤྱོད། ཟོག་འགྲུལ་སོགས་ཀྱི་མ་གནས་དམའ་རུ་ཤུགས་ཆེ་གཏོང་བ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེཌ་སུ་གཏོང་རྒྱུ། གཉིས་ནི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོཌ་ཡོངས་ཀྱིས་ཐེ་ཞུགས་བྱེད་པ། ཁྲོམ་ར་ཅན་གྱི་བཀོལ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱིས་མ་དངུལ་འཇོག་རྒྱུར་སྐུལ་འདེད་དང་སྣེ་ཁྲིད་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། དམངས་གཉེར་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་དེ་བས་ཆུང་དུ་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 3བཀོད་སྒྲིག་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་ཕྱོགས་སྒྱུར་རིམ་སྤོར་བྱེད་རྒྱུ་དང་། སྤུས་འབྲས་ལེགས་སུ་གཏོང་རྒྱུ། འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུ་བཅས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ། མ་དངུལ་བསྡུ་རྒྱུག་གི་ཉེན་ཟོན་གུན་གསབ་ཐེབས་རྩ་སྒོར་དུང་ཕྱུར་3དང་། ཁེ་ལས་ཆུང་ཕྲན་དང“ཞིང་གསུམ”གྱི་ཕྱོགས་བསྡུས་མ་དངུལ་བསྡུ་རྒྱུག་གི་མ་རྩ་དམའ་རུ་ཏན་ཏིག་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཁག་ཐེག་ཀུང་སི་སྒྲིལ་སྤྱོད་དང་བསྐྱར་བཙུགས་ལ་སྐུལ་འདེད་གཏོང་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་དུང་ཕྱུར་0.6བཀོད་སྒྲིག་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་ཉོ་ཚོང་དོ་སྙོམས་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། སྐབས་ལྔ་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་ཐུབ་པར་རྒྱབ་སྐྱོར་བྱེད་རྒྱུ། གསུམ་ནི་སྤྱི་ཚོགས་ཀྱི་མ་འཇོག་འདྲེན་འགུགས་ཐད་རྒྱབ་སྐྱོར་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དམངས་ཁྲོད་ཀྱི་མ་འཇོག་ཁེ་ལས་བརྟན་པོའི་ངང་མང་དུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། རིམ་ཁག་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་ཧུར་སེམས་སྐུལ་སློང་བྱེད་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་ཐད་བྱ་དགའ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་5དང་། དཔལ་འབྱོར་དམིགས་ཚད་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་ནས་བྱ་དགའ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་3བཀོད་སྒྲིག་བྱེད་རྒྱུ།

    4.དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གཅིག་ནི་ལས་ཞུགས་གནས་བབ་བརྟན་པོ་ཡོང་ཐུབ་པར་རྒྱབ་སྐྱོར་བྱེད་རྒྱུ། ལས་ཞུགས་གྲུབ་ཆ་ལེགས་སུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལྷག་པར་དུ་སློབ་ཆེན་ཐོན་པའི་སློབ་མ་སོགས་གཙོ་གནད་ཚོགས་པ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། སློབ་ཆེན་ཐོན་པའི་སློབ་མས་ལས་ཞུགས་ལས་གཏོད་བྱེད་པར་གཟིགས་སྐྱོང་དང་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ་དང་། ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། “དགོས་མཁོར་གཞིགས་ནས་ལས་གནས་འཛུགས་པ་དང་། ལས་གནས་ལ་གཞིགས་ནས་མི་སྣ་གདན་ཞུ་བྱེད་པ། ལས་ཐོག་རོགས་དངུལ་ལེན་པ། གོ་རིམ་ལྡན་པའི་ངང་ལས་གནས་ལས་བྲལ་བ”བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་དོ་དམ་ལམ་སྲོལ་ཚགས་ཚུད་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཁ་གྲངས་དང་རིགས་གཏན་འཁེལ་བྱེད་རྒྱུ་ཡིན་ཞིང་། སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་པར་ཁ་གསབ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 6.3བཀོད་སྒྲིག་བྱེད་རྒྱུ། སློབ་ཆེན་སློབ་མས་ལས་ཞུགས་ལས་གཏོད་བྱེད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁ་གསབ་སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་ཡིན་ཞིང་། ལས་ཞུགས་ཐད་ཁ་གསབ་རོགས་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་ 2.7བཀོད་སྒྲིག་བྱེད་རྒྱུ། གཞི་རིམ་སྲིད་དབང་འཛུགས་སྐྱོང་དང་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་འགྲོ་གྲོན་སྒོར་དུང་ཕྱུར་ 5.1བཀོད་སྒྲིག་བྱེད་རྒྱུ། གཉིས་ནི་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། སློབ་གསོའི་དྲང་གཞག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ཀྱི་སློབ་གསོ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་ཞིང་འབྲོག་ཁུལ་གཙོ་གནད་དུ་བྱེད་པའི་འགན་བབས་སློབ་གསོའི་འགྲོ་གྲོན་འགན་སྲུང་བྱེད་པའི་ལམ་སྲོལ་བརྟན་དུ་གཏོང་བ་དང་། གྲོང་གསེབ་ཀྱི་སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་ལེགས་སུ་བཏང་སྟེ་རྫོང་ཁོངས་ཀྱི་འགན་བབས་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུ་དང་། སློབ་གསོའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ། ལས་རིགས་སློབ་གསོའི“མཐོ་གཉིས”འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། སློབ་གསོའི་རོགས་དངུལ་སྤྲོད་པའི་མ་ལག་འཛུགས་སྐྱོང་འཐུས་ཚང་བྱེད་རྒྱུ། རིམ་ཁག་གི་རིགས་འདྲ་མིན་གྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མའི་བསམ་བློ་ཆབ་སྲིད(ཀུན་སྤྱོད་སློབ་གསོ)ཀྱི་གཞུང་ལས་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་འགན་སྲུང་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། སློབ་གསོའི་བྱ་གཞག་གི་འགྲོ་གྲོན་སྒོར་དུང་ཕྱུར་ 212.4བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་ 10.7%འཕར་ཡོད། དེའི་ནང་། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཐད་སྒོར་དུང་ཕྱུར་ 25.5བཀོད་སྒྲིག་བྱེད་རྒྱུ་དང་། ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་ 4200ལ་སྤོར་རྒྱུ་དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཁག་འགན་སྲུང་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་དུང་ཕྱུར་ 8.6བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེ་དག་ནི་སློབ་ཞུགས་གོང་གི་སློབ་གསོའི་ཐད་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 2.8དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 1.5 ལས་རིགས་སློབ་གསོའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་1.6 སློབ་ཆེན་ཁག་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་ཐད་སྒོར་དུང་ཕྱུར་ 2.3བཅས་ཡིན། སློབ་གསོའི་ཤེས་ལྡན་པ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མཐོ་རིམ་སློབ་གྲྭའི་སློབ་མར་མ་དངུལ་གྱི་ཐད་ནས་རོགས་སྐྱོར་དང་། གཞི་རིམ་དུ་ལས་ཞུགས་བྱེད་མཁན་ལ་ཚབ་སྤྲོད། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་བུ་ཕྲུག་ལ་མཐོ་རིམ་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བཅས་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་ 11.4བཀོད་སྒྲིག་བྱས་ཏེ་ས་ཁད་མཐོ་བའི་སློབ་གྲྭའི་དྲོད་གཏོང་ལས་གཞི་ལག་བསྟར་བྱེད་རྒྱུ་དང་འགན་བབས་སློབ་གསོའི་ཞན་ཆ་ལེགས་བཅོས་དང་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ནང་སར་སློབ་གསོ་སློབ་གཉེར་དང་དགེ་རྒན་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་བོད་ལྗོངས་ལག་རྩལ་སློབ་གླིང་གང་མགྱོགས་འཛུགས་བསྐྲུན་ཐུབ་པར་རྒྱབ་སྐྱོར་བྱས་ཏེ་བོད་ལྗོངས་ལག་རྩལ་སློབ་གླིང་སློབ་གཉེར་འཁོར་རྒྱུག་ཐུབ་པར་འགན་སྲུང་བྱེད་རྒྱུ། གསུམ་ནི་བདེ་ཐང་བོད་ལྗོངས་གང་མགྱོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་གང་མགྱོགས་བསྒྱུར་བཅོས་བྱེད་པ་དང་། གཞུང་བཙུགས་སྨན་ཁང་གི་སྨན་གྱིས་སྨན་ཁང་གསོ་བའི་ཚུལ་མེད་པ་བཟོས་པའི་འབྲས་བུ་སྲ་བརྟན་གཏོང་བ། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བསྒྱུར་བཅོས་བྱས་འབྲས་ལ་དཔྱད་གདེང་བྱེད་དུ་འཇུག་པ། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་བགོ་བཤའ་རྒྱག་རྒྱུ་དེ་དཔྱད་གདེང་བྱས་འབྲས་དང་ཟུང་སྦྲེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་རིམ་དབྱེའི་ཐོག་སྨན་བཅོས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་སྤེལ་གཏོང་བ་དང་། གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ། སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནད་ཚབས་ལྕི་ཙམ་གྱི་ནད་གཞི་རོགས་སྐྱོབ་བྱེད་ནུས་འཛུགས་སྐྱོང་བྱེད་པ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཁེབས་ཚད་དང་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་ཆ་སྒོར་དུང་ཕྱུར་ 32.7བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེའི་ནང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་ 2.8དང་། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 6.2 དམངས་ཡོངས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་འགྲོ་གྲོན་སྒོར་དུང་ཕྱུར་ 5.7 བུད་མེད་དང་བྱིས་པའི་བདེ་ཐང་འགན་སྲུང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 2.7 རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་བསྒྱུར་བཅོས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.9 གྲོང་ཚོའི་སྨན་པའི་ཁ་གསབ་འགྲོ་གྲོན་སྒོར་དུང་ཕྱུར་ 1.3 སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་ 2 བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་0.8 བཅས་ཡིན། བོད་རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་བྱེད་རྒྱུ་དང་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གི་ནུས་པ་འཛུགས་སྐྱོང་བྱེད་པའི་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། བཞི་ནི་རིག་གནས་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་དཔེ་མཛོད་ཁང་དང་ཤིན་ཧྭ་དཔེ་ཚོང་ཁང་སོགས་འཛུགས་སྐྲུན་ཐད་ཀྱི་ཆད་སྐྱོན་གང་མགྱོགས་སེལ་བ་དང་། ཤེས་རིག་རླུང་འཕྲིན་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་རླུང་འཕྲིན་བརྙན་འཕྲིན་བྱ་གཞག་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ། དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་རིན་པ་མི་བསྡུ་བའམ་རིན་གོང་དམའ་བའི་ཐོག་ནས་སྒོ་མོ་དབྱེ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། སྔོག་འདོན། བེད་སྤྱོད་བཅས་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ཕོ་བྲང་པོ་ཏ་ལའི་གནའ་དཔེ་ཡིག་ཚང་དང་ཏ་ལའི་ལོ་མའི་ཐོག་བྲིས་པའི་དཔེ་ཆ་སྲུང་སྐྱོང་བྱེད་པའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་པ། གཙོ་གནད་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་མ་དངུལ་སྒོར་དུང་ཕྱུར་13.2 བཀོད་སྒྲིག་བྱེད་རྒྱུ་ཡིན་ཞིང་། དེའི་ནང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་ 6.7དང་། རིག་གནས་ཐོན་ལས་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་ 0.4 རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་གོང་འཕེལ་གཏོང་རྒྱུའི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་ 2.2 རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་ 3.6བཅས་ཡིན། ལྔ་ནི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་ཐད། མ་དངུལ་གྲབས་གསོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྐྱོན་བྲལ་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་སྤྲོད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་གི་གཅིག་གྱུར་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་། རྨང་གཞིའི་རྒན་གསོའི་མ་དངུལ་རྒྱུན་ལྡན་ལྟར་ལེཌ་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་ཤོར་འགན་བཅོལ་ཐེབས་རྩ་ནས་ཁེ་ལས་ཀྱི་ལས་ཞུགས་ལས་གནས་བརྟན་དུ་གཏོང་རྒྱུ་དང་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་སོགས་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་ 22.8དང་། རྒན་གསོའི་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་རོཌ་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་14.3 བཀོད་སྒྲིག་བྱེད་རྒྱུ། སྤྱི་ཚོཌ་རོགས་སྐྱོབ་ཐད། གཅིག་གྱུར་འཆར་འགོད་ཐོག་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོཌ་འགན་སྲུང་གི་མཐའ་གྲས་སྐྱོང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོ་འགན་སྲུང་གི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་དང་ཁ་གསབ་རོཌ་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་ 9བཀོད་སྒྲིག་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་བྱེད་པ་དང་། དམིཌ་བསལ་དཀའ་ངལ་ཡོད་པའི་མིར་རོགས་སྐྱོབ་དང་འཚོ་སྐྱོང་བྱེད་པ། སྐབས་ཕྲལ་རོགས་སྐྱོབ། ཡུལ་གྱར་སློང་མོ་བར་རོགས་སྐྱོབ་བྱེད་རྒྱུ། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་ 847ལ་སྤར་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་ 4713ལ་སྤར་རྒྱུ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ས་ཁུལ་རིགས་གཉིས་པར་ཟླ་རེར་མི་རེར་ཆ་སྙོམས་སྒོར་ 1059དང་། ས་ཁུལ་རིགས་གསུམ་པར་ཟླ་རེར་མི་རེར་ཆ་སྙོམས་སྒོར་ 1271 ས་ཁུལ་རིགས་བཞི་པར་ཟླ་རེར་མི་རེར་ཆ་སྙོམས་སྒོར་ 1430བཅས་ལ་སྤར་རྒྱུ། “རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་40 མཐོ་རུ་གཏོང་རྒྱུ་དང་། ཆབས་ཅིག་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལེགས་སྒྲིག་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དམིཌ་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་གི་ཚད་གཞི་འོས་འཚམ་སྤར་རྒྱུ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་སྐྱོང་བར་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། དེར་འགྲོ་གྲོན་སྒོར་དུང་ཕྱུར་ 1.3བཀོད་སྒྲིག་བྱེད་རྒྱུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་རྐྱ་མི་འཕེར་བ་སོཌ་ཀྱི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། སྡོད་ཁང་འགན་སྲུང་ཐད། མ་དངུལ་སྒོར་དུང་ཕྱུར་ 6.4བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུཌ་སྐྲུན་བྱེད་པ་དང་གྲོང་གསེབ་ཀྱི་ཁང་གོག་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།

    5.མཐུན་སྦྱོར་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་ཁུལ་ཁོངས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ། གཅིག་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཞིང་ལས་དང་གྲོང་གསེབ་དེ་ཉིད་ནོར་སྲིད་གཏོང་སྒོས་སྔོན་ལ་འགན་སྲུང་བྱེད་རྒྱུའི་ཁྱབ་ཁོངས་སུ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་སྐུལ་སྤེལ་བརྟན་པོ་གཏོང་བ་དང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་གཏོང་སྟངས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ནོར་སྲིད་ཀྱི་མ་འཇོག་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པའི་དམངས་ཕན་བྱ་ཐབས་ཁག་བཅུ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཞིང་ལས་ཐད། ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུའི་མ་དངུལ་དང་ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་གཏོང་རྒྱུར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སོགས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་ 10.1དང་། ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཐད་མ་དངུལ་སྒོར་དུང་ཕྱུར་ 30.6 ས་ཞིང་འཛུགས་སྐྲུན་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་17.5 ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར་6.6 བཅས་བཀོད་སྒྲིག་བྱེད་རྒྱུ། ཆུ་བེད་ཐད། ཆུ་བེད་གོང་འཕེལ་བསྒྱུར་བཅོས་དང་ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ས་ཞིང་གི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ། ཆུ་བེད་གོང་འཕེལ་བསྒྱུར་བཅོས་བྱེད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་ 10.3དང་། ཆུ་བེད་ལས་གྲྭ་འཁོར་རྒྱུག་དང་སྲུང་སྐྱོང་བྱེད་རྒྱུར་སྒོར་དུང་ཕྱུར་ 2 ཆུ་བེད་ཐོན་སྐྱེད་ཀྱི་གེགས་སེལ་ཐད་སྒོར་དུང་ཕྱུར་ 0.8བཅས་བཀོད་སྒྲིག་བྱེད་རྒྱུ། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུའི་ཐད། གྲོང་གསེབ་ཀྱི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བདག་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་ 2.3དང་། གྲོང་གསེབ་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པར་ཁ་གསབ་རོཌ་དངུལ་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་ 4.2བཀོད་སྒྲིག་བྱེད་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུཌ་ཀྱི་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར་ 14.3གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུཌ་སྐྲུན་ཚད་ལྡན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། འཆར་གཞི་ལྟར་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ། གཉིས་ནི་མཐའ་མཚམས་ས་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི“མཐའ་མཚམས་གང་མགྱོཌ་གོང་འཕེལ་བཏང་སྟེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་རྒྱུ་འགན་སྲུང་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་བྱས་ཏེ། མཐའ་སྲུང་མཐའ་བརྟན་ཡོང་བར་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་དར་རྒྱས་བརྟན་ལྷིང་ཡོང་བར་སྲུང་སྐྱོབ་བྱས་ཐོག ཕྱོཌ་ཡོངས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གང་ཐུབ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་ 14.5བཀོད་སྒྲིག་བྱས་ཏེ་མཐའ་མིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མིར་ཁ་གསབ་རོཌ་དངུལ་སྤྲོད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མིར་ཁ་གསབ་རོཌ་དངུལ་སྤྲོད་པའི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། འགག་སྒོའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་འགག་སྒོ་སྒྲོལ་བདེ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    6.མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུཌ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་ཐུབ་པའི་སྐྱེ་ཁམས་སྲུང་བཅད་སྲ་བརྟན་གཏོང་རྒྱུ། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་བྱ་སྤྱོད་དང་བྱེ་སྐྱོན་འགོག་བཅོས་བྱེད་པ་དང་།  རང་བྱུང་ནཌ་ཚལ་སྲུང་སྐྱོབ་ཀྱི་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་བ། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་བ་དང་རྩྭ་སྦོལ་ཞིང་ཁ་རྩྭ་རར་སྒྱུར་རྒྱ་ཆེ་རུ་གཏོང་བ། ནགས་ཚལ་ཐོན་ཁུངས་གསོ་སྤེལ་དང་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདམ་ར་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། བྱེ་འགྱུར་ས་ཆ་སྒོ་སྡོམ་སྲུང་སྐྱོབ་བྱེད་པ། རང་བྱུང་སྲུང་སྐྱོབ་ཁུལ་ཆེད་ལས་བདག་སྐྱོང་བྱེད་རྒྱུའི་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། ནགས་ལས་བསྒྱུར་བཅོས་དང་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་22.1དང་། ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་7.1བཀོད་སྒྲིག་བྱེད་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར་8.3བཀོད་སྒྲིག་བྱས་ཏེ་ལྷ་སའི་རི་ཆུ་ནགས་ཞིང་རྩྭ་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གྲྭར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་6བཀོད་སྒྲིག་བྱས་ཏེ་འཆར་གཞི་ལྟར་ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ལ་རྒྱབ་སྐྱོར་བྱེད་རྒྱུ། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་སྲིད་གཞུང་གི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་0.7བཀོད་སྒྲིག་བྱས་ནས་གཙོ་གནད་ཁོར་ཡུག་བཅོས་སྐྱོང་གི་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་རྒྱུ།

    7.སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ཞི་མཐུན་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་བདེ་འཇགས་འགོག་ཟོན་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དང་། གཡེམ་འཆལ་ལོག་རིགས་ལ་རྡུང་རྡེག་དང་ཁྲིམས་མིན་ལ་རྡུང་རྡེག་གཏོང་བའི་ལས་དོན་མུ་མཐུད་སྤེལ་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཆ་སྙོམས་སྒོར་ཁྲི་10ཡི་ཚད་གཞི་གཞིར་བཟུང་གྲོང་ཚོའི(གྲོང་ལྷན)ཏང་ལེགས་སྐྱོང་བྱེད་པའི་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུ། གནོད་འཚེ་འགོག་བཅོས་མ་ལག་དང་། འཕྲལ་སྡོམ་རོགས་སྐྱོབ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྡོམ་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་རྒྱུ།

    (བཞི)2020ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་བཀོད་སྒྲིག

    1.ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1912.9ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.4%འཕར་ཡོད། དེའི་ནང་། ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་193ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3%འཕར་ཡོད་པ་དང་། ཀྲུང་དབྱང་ནས་ཁ་གསབ་རོགས་དངུལ་གནང་བའི་ཡོང་འབབ་སྒོར་དུང་ཕྱུར་1415.8ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.5%འཕར་ཡོད། ཐེབས་རྩ་ནས་བེད་སྤྱོད་གཏོང་རྒྱུ་སྒོར་དུང་ཕྱུར་201.8དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.2 སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་100.5བཅས་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་1912.9ཡིན་ཞིང་། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.4%འཕར་ཡོད། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    2.རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1627.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.5%འཕར་ཡོད། དེའི་ནང་། ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་18.4ཡིན་པ་དེ་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་སྒོར་དུང་ཕྱུར་4.3མང་དུ་སོང་ཞིང་31.1%འཕར་ཡོད། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1415.8ཡིན་ཞིང་། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.3%འཕར་ཡོད། ཐེབས་རྩ་ནས་བེད་སྤྱོད་གཏོང་རྒྱུ་སྒོར་དུང་ཕྱུར་147དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་45.7བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་1627.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.5%འཕར་ཡོད་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཐོག་བཏོན་པའི“འགན་དབང་ཁ་གསལ་དང་། འབྱོར་སྟོབས་མཐུན་སྦྱོར། ཁུལ་ཁོངས་དོ་མཉམ་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འབྲེལ་བ་འཛུགས་དགོས་པའི”བླང་བྱ་གཞིར་བཟུང་། ནོར་སྲིད་པུའུ་ནས་དེ་སྔའི་ཆེད་དམིགས་མ་དངུལ་སྒྱུར་སྤྲོད་ནང་བཅུག་པའི་རྣམ་གྲངས་དེ་ཐུན་མོང་གི་ནོར་སྲིད་དོན་དབང་གི་མ་དངུལ་སྒྱུར་སྤྲོད་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་པས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་དང་ཆེད་དམིགས་མ་དངུལ་སྒྱུར་སྤྲོད་ཀྱི་རྣམ་གྲངས་དང་གཞི་ཁྱོན་གྱི་བསྡུར་གཞིར་འགྱུར་ལྡོག་ཆེ་ཙམ་འགྲོ་རྒྱུ་ཡིན་པ་དང་། འབྲེལ་ཡོད་ཀྱི་གཏོང་ཡོང་རྣམས་2020ལོའི་སྔོན་རྩིས་ནང་བཏོན་ཡོད། 2020ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་རྣམས་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་དང་། ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་བྱེད་རྒྱུ། ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་གྲབས་འཕར་གྲོན། རང་སྐྱོང་ལྗོངས་རིམ་པ་འདི་གའི་ཆེད་དམིགས་གོང་འཕོས་གཏོང་སྒོ་བཅས་སུ་དབྱེ་ནས་གསལ་ཞུ་བྱས་ཡོད།

    (1)རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་699.4(རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གི་གལ་ཆེའི་དོན་གནད་དང་དེ་བཞིན་དོན་དངོས་གནས་ཚུལ་གཞིར་བཟུང་དོན་འཁྱོལ་བྱེད་སྐབས་བགོ་བཤའ་བརྒྱབ་ནས་གཤམ་འོག་ལ་སྤྲོད་རྒྱུའི་སྔོན་གྲབས་གཏོང་སྒོ་དང་ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་ཚུད)ཡིན་ཞིང་1.4%ཆག་ཡོད། དེའི་ནང་། སློབ་གསོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་31.1 ཚན་རིག་ལག་རྩལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.4 རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་16.5 སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་69.9 འཕྲོད་བསྟེན་དང་བདེ་ཐང་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་26.5 ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་17.7 གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་0.7 ཞིང་ནཌ་ཆུ་བེད་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་89 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་153.4 ཐོན་ཁུངས་རྩད་འཚོལ་ཆ་འཕྲིན་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་8 ཚོང་ལས་ཞབས་ཞུའི་ལས་རིགས་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.8 རང་བྱུང་ཐོན་ཁུངས་རྒྱ་མཚོ་གནམ་གཤིས་སོགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.9 སྡོད་ཁང་འགན་སྲུང་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་6.9 གནོད་འཚེ་འགོག་བཅོས་དང་དེ་བཞིན་འཕྲལ་སྡོམ་དོ་དམ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.4བཅས་དང་། དེ་བཞིན་བུ་ལོན་གྱི་སྐྱེད་འཇལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2.5ཡིན།

    (2)ས་གནས(གྲོང་ཁྱེར)ལ་ཁྲལ་འབབ་ཕྱིར་སློག་བྱེད་རྒྱུ་སྒོར་དུང་ཕྱུར་34.6ཡིན་ཞིང་5.2%འཕར་ཡོད།

    (3)ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་877.2ཡིན་ཞིང་17.7%འཕར་ཡོད། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་786.2ཡིན་ཞིང་27.3%འཕར་ཡོད། དེ་དག་ནང་གཙོ་བོ་ནི་ལམ་སྲོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྒོར་དུང་ཕྱུར་14.7དང་། དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་243.1 རྫོང་རིམ་པའི་རྨང་གཞིའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་21.2 དུས་རྩིས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྒོར་དུང་ཕྱུར་14.8 གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་12.2 གྲངས་འབོར་གཏན་འཇགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་86.6 མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་7.1 དབུལ་ཕོངས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་89.7 སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་20.6བཅས་ཚུད་ཡོད། ཐུན་མོང་གི་ནོར་སྲིད་དོན་དབང་གི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་275.8ཡོད། དེ་དག་གཙོ་བོ་འགན་སྲུང་སློབ་གསོ་དང་། བདེ་ཐང་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ཞིང་ལས་དང་གྲོང་གསེབ། རིག་གནས་ལུས་རྩལ། སྡོད་ཁང་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་ཐུན་མོང་གི་ནོར་སྲིད་དོན་དབང་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ལ་སྤྱོད་རྒྱུ། ཆེད་དམིགས་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་91ཡིན་ཞིང་28.6%ཆག་ཡོད། མ་དངུལ་སྒྱུར་སྤྲོད་ལ་འགྱུར་ལྡོག་འགྲོ་རྐྱེན་གཙོ་བོ་ནི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་དམིགས་མ་དངུལ་སྒྱུར་སྤྲོད་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་པ་དང་། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་པའི་གཞི་ཁྱོན་རང་འགུལ་ངང་ཆེ་རུ་བཏང་བས་ཡིན།

    (4)རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་གྲབས་འཕར་གྲོན་སྒོར་དུང་ཕྱུར་16ཡིན་ཞིང་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་4མང་དུ་སོང་ཡོད།

    (5)རང་སྐྱོང་ལྗོངས་རིམ་པ་འདི་གའི་ཆེད་དམིགས་གོང་འཕོས་གཏོང་སྒོ་སྒོར་དུང་ཕྱུར་0.3ཡིན་ཞིང་ལོ་གོང་མ་དང་གཅིག་མཚུངས་བྱུང་ཡོད།

    3.ས་གནས(གྲོང་ཁྱེར)ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ས་གནས(གྲོང་ཁྱེར)ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་1197.3ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་14.8%འཕར་ཡོད། དེའི་ནང་ས་གནས་ཡོང་འབབ་སྒོར་དུང་ཕྱུར་174.7ཡིན་ཞིང་1%འཕར་ཡོད་པ་དང་། གོང་རིམ་ནས་ཁྲལ་འབབ་ཕྱིར་སློག་དང་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་911.8དང་སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་སྤྱོད་རྒྱུ་སྒོར་དུང་ཕྱུར་54.8 གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6 སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ནས་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་54.8བཅས་ཡིན། ས་གནས(གྲོང་ཁྱེར)ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1197.3ཡིན་ཞིང་། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་14.8%འཕར་ཡོད་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    (ལྔ)2020ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་བཀོད་སྒྲིག

    ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་90ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་19.4%འཕར་ཡོད། དེའི་ནང་ས་གནས་ཡོང་འབབ་སྒོར་དུང་ཕྱུར་54.7ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་12%འཕར་ཡོད་པ་དང་། ཀྲུང་དབྱང་ནས་ཁ་གསབ་རོགས་དངུལ་གནང་རྒྱུ་སྒོར་དུང་ཕྱུར་11.2དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་16 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་8.1བཅས་ཡིན། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་90ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་19.4%འཕར་བ་བཅས་ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་34.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་43.1%འཕར་ཡོད། དེའི་ནང་ས་གནས་ཡོང་འབབ་སྒོར་དུང་ཕྱུར་5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་9.4%ཆག་ཡོད། ཀྲུང་དབྱང་ནས་ཁ་གསབ་རོགས་དངུལ་གནང་རྒྱུ་སྒོར་དུང་ཕྱུར་11.2དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་16 ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་1.9བཅས་ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་34.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་43.1%འཕར་ཡོད། དེའི་ནང་ས་གནས(གྲོང་ཁྱེར)ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་དུང་ཕྱུར་9བཅས་ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    ས་གནས(གྲོང་ཁྱེར)ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་64.9ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3.8%ཆག་ཡོད། དེའི་ནང་། ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་49.7ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་14.4%འཕར་ཡོད། གོང་རིམ་གྱི་མ་དངུལ་སྒྱུར་སྤྲོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་9དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་6.2བཅས་ཡིན། ས་གནས(གྲོང་ཁྱེར)ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་64.9བཅས་ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    (དྲུག)2020ལོའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་ཡོང་གི་བཀོད་སྒྲིག

    ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་8.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3.6%ཆག་ཡོད། དེའི་ནང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་4.1ཡིན། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་8.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་3.6%ཆག་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་1.2ཡིན།

    རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་6.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6.2%ཆག་ཡོད། དེའི་ནང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.1དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་4ཡིན། རང་སྐྱོང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་6.1ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་6.2%ཆག་ཡོད། དེའི་ནང་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6ཡིན།

    ས་གནས(གྲོང་ཁྱེར)གྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་0.2%འཕར་ཡོད། དེའི་ནང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.9དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུ་སྒོར་དུང་ཕྱུར་0.1ཡིན། ས་གནས(གྲོང་ཁྱེར)གྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་0.2%འཕར་ཡོད། དེའི་ནང་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་སྒྱུར་འཇུག་བྱེད་རྒྱུ་སྒོར་དུང་ཕྱུར་0.6ཡིན།

    (བདུན)2020ལོའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་བཀོད་སྒྲིག

    ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་205ཡིན། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་168.7དང་། ནོར་སྲིད་ཁ་གསབ་ཀྱི་ཡོང་འབབ་སྒོར་དུང་ཕྱུར་31.9 སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་4.4བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་177.8བཅས་ཡིན་པས། གཏོང་ཡོང་མགོ་ཐུག་བཏང་རྗེས་སྔོན་དཔག་བྱས་ན་ལོ་དེ་གར་ལྷག་འཕྲོ་སྒོར་དུང་ཕྱུར་27.2དང་། ལོ་མཇུག་ཏུ་རིམ་གསོག་ལྷག་འཕྲོ་སྒོར་དུང་ཕྱུར་342.4ཡོང་རྒྱུ་ཡིན།

    གསལ་བཤད་ཞུ་དགོས་པ་ཞིག་ལ། ས་གནས(གྲོང་ཁྱེར)ཀྱི་སྔོན་རྩིས་ནི་ས་གནས(གྲོང་ཁྱེར)གྱི་རིམ་ཁག་མི་དམངས་སྲིད་གཞུང་ནས་བཟོ་འགོད་བྱས་རྗེས་རིམ་མཚུངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཞུ་དགོས་ཤིང་། སྙན་ཞུ་འདིའི་ནང་གི་ས་གནས(གྲོང་ཁྱེར)གྱི་ཡོང་འབབ་ཀྱི་སྔོན་རྩིས་གྲངས་དང་གཏོང་སྒོའི་བཀོད་སྒྲིག་གྲངས་ཚང་མ་རང་སྐྱོང་ལྗོངས་ནོར་སྲིད་ནས་ཚབ་བྱས་ནས་བཟོ་འགོད་བྱས་པ་ཡིན།

    སྔོན་རྩིས་ཀྱི་བཅའ་ཁྲིམས་ནང་འཁོད་གཏན་འབེབས་གཞིར་བཟུང་། 2020ལོའི་ལོ་འཁོར་གྱི་སྔོན་རྩིས་བཟོ་འགོ་ཚུཌ་རྗེས། ལྗོངས་ཡོངས་ཀྱི་སྔོན་རྩིས(འཆར་ཟིན)རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོག་མཆན་ཞུ་རྒྱུར་མ་འཕུལ་གོང་ངེས་པར་དུ་གཏོང་སྒོ་གཏོང་དགོས་ངེས་སྡེ་ཚན་གྱི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་གཏོང་ཐུབ་ཆེད། ང་ཚོས་སྡེ་ཚན་ཁག་གཅིག་གི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་དང་། ས་གནས(གྲོང་ཁྱེར)དང་རྫོང(ཆུད)གི་སྒྱུར་སྤྲོད་མ་དངུལ་ཁག་གཅིག ལོ་གོང་མ་ནས་འཕྲོས་སྒྱུར་བྱེད་རྒྱུའི་གཏོང་སྒོ། ངེས་པར་དུ་གཏོང་དགོས་ངེས་ཡིན་པ་ཁྲིམས་ལུགས་ནང་གཏན་འབེབས་ཡོད་པའི་གཏོང་སྒོ། དེ་བཞིན་རང་བྱུང་གནོད་འཚེ་སོགས་གློ་བུར་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་གཏོང་སྒོ་བཅས་སྔ་སྣུར་དུ་བཀོད་སྒྲིག་བྱས་ཟིན་པ་ཡིན།

    གསུམ། 2020ལོའི་ནོར་སྲིད་ཀྱི་བསྒྱུར་བཅོས་དང་དོ་དམ་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་ཀའི་བྱ་ཐབས་གཙོ་བོ།

    2020ལོར་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་བསྒྱུར་བཅོས་ཀྱི་སྤྱིའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཤིང་། གཅིག་འགྱུར་འཆར་འགོད་དང་གཙོ་གནད་མངོན་ཆེར་བཟུང་ཐོག ཤུགས་འདོན་གནད་འཕིགས་ཀྱིས་ནོར་སྲིད་བསྒྱུར་བཅོས་བྱེད་པ་དང་གོང་འཕེལ་གཏོང་བའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ནོར་སྲིད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་རྒྱུའི་ཐད་ཤུགས་བརྒྱབ་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

    (གཅིག)ཕྱོགས་ཡོངས་ནས་ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་དུ་བསྒྱུར་བཅོས་བྱེད་རྒྱུ།

    ནོར་སྲིད་པུས་གཅིག་གྱུར་བཟོས་པའི་ལས་སྒོའི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་། རང་ལྗོངས་ཀྱི་སྔོན་རྩིས་ལས་སྒོའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ཚོད་ལྟའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག གཞི་གཅིག་ཅན་གྱི་རྒྱུད་ཁོངས་རིམ་སྤོར་བསྒྱུར་བཀོད་བྱས་ཚར་བ་བྱས་ཏེ་ལྗོངས་ཡོངས་སུ་ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་དུ་བསྒྱུར་བཅོས་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། སྦྱོང་བརྡར་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་སྔོན་རྩིས་དོ་དམ་ཐད་འགྱུར་ལྡན་གསལ་ཞུ་དང་ཚོད་འཛིན་ནུས་ལྡན་ཐུབ་པ་བྱས་ནས་རང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་རྒྱུད་ཁོངས་དེ་ནོར་སྲིད་པུའི་ཕྱོགས་བསྡུས་རྒྱུད་ཁོངས་དང་འབྲེལ་མཐུད་ཐུབ་པ་བྱས་ཏེ་ནོར་སྲིད་ཀྱི་སྔོན་རྩིས་ལ་དོ་དམ་བྱེད་རྒྱུ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    (གཉིས)“འགན་ལེན་གསུམ”གྱི་གཏོང་སྒོའི་མཐའ་ཚད་མཐའ་གཅིག་ཏུ་སྐྱོང་རྒྱུ།

    “འགན་ལེན་གསུམ”བྱེད་རྒྱུ་དེ་ནོར་སྲིད་ལས་དོན་གྱི་གཙོར་བཟུང་གནས་བབ་ཐོག་བཞག་ཐོག རྫོང་རིམ་པའི“འགན་ལེན་གསུམ”གྱི་གཏོང་སྒོའི་ཉེན་ཁའི་རྐྱེན་ངན་རིམ་པ་བཞིན་མཐིལ་རྟོགས་བརྟག་དཔྱད་བྱེད་རྒྱུ་དང་། “འགན་ལེན་གསུམ”གྱི་གཏོང་སྒོའི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“འགན་ལེན་གསུམ”གྱི་ཐད་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི་འགན་ལེན་བྱེད་རྒྱུ། “འཁོས་དཔག་ལས་སྒྲུབ་དང་ཞིབ་རྩིས་རྒྱག་མཁས”ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཁས་ལེན་བྱེད་དྲགས་པ་དང་འགན་སྲུང་བྱེད་དྲགས་པའི་གཏོང་སྒོའི་སྲིད་ཇུས་གཙང་སེལ་དང་ཚད་ལྡན་བཟོ་རྒྱུའི་ཐད་ཤུགས་རྒྱག་རྒྱུ། རྩ་དོན་ཐོག ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ནང་ཁྱབ་ཁོངས་དང་ཚད་གཞི་གཏན་འཁེལ་ཁ་གསལ་ཡོད་པ་བསྐྱར་དུ་བཟོ་འདོན་བྱེད་མི་ཆོག་པ་དང་། ཁྱབ་ཁོངས་དང་ཚད་གཞི་ལས་བརྒལ་བའི་སྲིད་ཇུས་རིགས་མཐའ་གཅིག་ཏུ་ལེགས་སྒྲིག་བྱེད་རྒྱུ་དང་། རང་སོ་སོས་བཟོ་འདོན་བྱས་པའི་སྲིད་ཇུས་རིགས་རིམ་པས་གཙང་སེལ་བྱས་ནས་མང་དུ་མི་འགྲོ་བ་བྱེད་རྒྱུ། “འགན་ལེན་གསུམ”གྱི་སྔོན་རྩིས་ལ་ཞིབ་བཤེར་དང་། ལྟ་སྐུལ་ཚོད་འཛིན། ཉེན་སེལ་ཐག་གཅོད་བཅས་བྱེད་པའི་ལམ་སྲོལ་བཙུགས་ཏེ་ཉེན་ཁ་ཆུང་ས་ནས་སེལ་ཐུབ་པ་བྱེད་རྒྱུ།

    (གསུམ) སྡེ་ཚན་གྱི་སྔོན་རྩིས་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ།

    ཕྱོགས་བསྡུས་སྔོན་རྩིས་ཀྱི་དོ་དམ་ལ་སྐུལ་སྤེལ་བཏང་སྟེ་ནོར་སྲིད་ཀྱིས་གཏོང་སྤྲོད་བྱས་པའི་མ་དངུལ་དང་སྡེ་ཚན་སོ་སོའི་ཡོང་འབབ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞི་གསར་སྔོན་རྩིས་ཀྱི་བསམ་གཞིར་བརྟེན་ནས་སྔོན་རྩིས་བཀོད་སྒྲིག་དང་མ་དངུལ་བགོ་འགྲེམས་བྱེད་པའི་ཁྲོད་ཀྱི་གཞི་གྲངས་ལ་བརྟེན་རིགས་འགྱུར་ལྡོག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། དངོས་ཡོད་ཀྱི་དགོས་མཁོར་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྔོན་རྩིས་ཞིབ་དཔྱད་གཏན་འཁེལ་བྱས་ནས་འཕར་ཆག་ཐུབ་ཅིང་། འགན་ལེན་དང་གནོན་ཤུགས་ཡོད་པའི་བགོ་འགྲེམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག གཏོང་སྒོ་འཕར་བ་ལས་ཉུང་དུ་མི་འགྲོ་བའི་འགྱུར་མེད་ཀྱི་གནས་སྟངས་མེད་པ་བཟོ་རྒྱུ། སྔོན་རྩིས་གཏོང་སྒོའི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་གཏོང་སྒོའི་ལས་བྱ་དང་དངུལ་གྲངས་གཏན་འཁེལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཀྱི་གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་སྟེ་གཏོང་སྒོའི་ཚད་གཞི་དངོས་སྤྱོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྣམ་གྲངས་ཀྱི་སྔོན་རྩིས་ལ་དཔྱད་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་རྣམ་གྲངས་མཛོད་འཇུག་གི་དོ་དམ་ནན་དུ་བཏང་ནས་དཔྱད་ཞིབ་བྱས་འབྲས་དེ་རྣམ་གྲངས་ཁོངས་སུ་འཇུག་པ་དང་སྔོན་རྩིས་བཀོད་སྒྲིག་བྱེད་པའི་གལ་ཆེའི་དཔྱད་གཞིར་འཛིན་རྒྱུ།

    (བཞི)ཕྱོགས་ཡོངས་ནས་ལས་རྗེས་ལ་དོ་དམ་བྱེད་རྒྱུ།

    གལ་ཆེའི་སྲིད་ཇུས་གསར་དུ་བཟོ་འདོན་དང་རྣམ་གྲངས་མ་གཉེར་གོང་དུ་ལས་རྗེས་ལ་ཚོད་སྐོར་བྱས་ཏེ་ཚོད་སྐོར་བྱས་འབྲས་དེ་སྔོན་རྩིས་རེ་ཞུ་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩི་རྒྱུ། ལས་རྗེས་ཀྱི་དམིཌ་ཚད་ལེགས་སུ་བཏང་ནས་ལས་རྗེས་ཀྱི་དམིགས་ཚད་དེ་སྔོན་རྩིས་དང་མཉམ་དུ་ཞིབ་མཆན་དང་གཤམ་འགྲེམས་བྱས་ཐོག ལས་རྗེས་ཀྱི་དམིགས་ཚད་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་རྗེས་འཁོར་རྒྱུག་ལ་ལྟ་སྡོམ་ཡག་པོ་དང་ལས་རྗེས་ལ་རང་ཞིབ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་རྗེས་དཔྱད་གདེང་བྱེད་པའི་སྤུས་ཚད་ལེགས་སུ་གཏོང་བ། བྱས་འབྲས་ལན་སྤྲོད་དང་བཅོས་སྒྲིག་བྱེད་པའི་ལམ་ལུགས་ཚཌ་ཚུད་དུ་གཏོང་བ། ལས་རྗེས་དཔྱད་གདེང་བྱས་འབྲས་དེ་སྔོན་རྩིས་བཀོད་སྒྲིག་དང་སྲིད་ཇུས་ལེཌ་སྒྲིག་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་ལས་རྗེས་དཔྱད་གདེང་བྱས་འབྲས་ཞན་ཙམ་ཡིན་པའི་རྣམ་གྲངས་རིགས་ལ་སྔོན་རྩིས་འོས་འཚམ་གྱིས་ཉུང་དུ་གཏོང་བའམ་ཡང་ན་བཀོད་སྒྲིག་མི་བྱེད།

    (ལྔ)སྔོན་རྩིས་དོན་འཁྱོལ་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    སྔོན་རྩིས་དོན་འཁྱོལ་ཐད་གཅུན་སྡོམ་བྱེད་རྒྱུ་ནན་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་དོན་འཁྱོལ་ནན་པོ་བྱས་ཐོག སྔོན་རྩིས་སྙོམས་སྒྲིག་བྱེད་པའི་དོན་གནད་ཚོད་འཛིན་ནན་པོ་བྱེད་རྒྱུ། སྔོན་རྩིས་དོན་འཁྱོལ་བྱེད་པའི་ཁྲོད་སྤྱིར་ན་སྔོན་རྩིས་གསབ་སྣོན་བྱེད་རྒྱུ་མིན་ལ། ལོ་འདི་གའི་གཏོང་སྒོ་མང་དུ་གཏོང་རྒྱུའི་ཐད་ཀྱི་སྲིད་ཇུས་ཀྱང་བཟོ་འདོན་བྱེད་རྒྱུ་མིན། གཏན་འབེབས་ལྟར་དུས་ཐོག་ཏུ་སྔོན་རྩིས་གཤམ་སྤྲོད་དང་མཆན་འགོད་བཀའ་ལན་སྤྲད་དེ་ནོར་སྲིད་མ་དངུལ་གྱི་ནུས་པ་གང་མགྱོགས་ཐོན་པར་སྐུལ་འདེད་གཏོང་རྒྱུ། ནོར་སྲིད་ཀྱི་ཐེག་ནུས་ལ་ཚོད་སྐོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱུན་མཐུད་བྱེད་དཀའ་བའི་གཏོང་སྒོའི་སྲིད་ཇུས་རིགས་བཟོ་འདོན་མི་བྱེད་རྒྱུ། ནོར་སྲིད་ཀྱི་གསོག་ཐེབས་མ་དངུལ་ཕན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏན་འབེབས་ལྟར་ཡུན་རིང་བེད་སྤྱོད་གཏོང་མ་ཐུབ་པའི་མ་དངུལ་དུས་ཐོག་ཏུ་ཡར་བསྡུ་རྒྱུ་དང་། སྔོན་རྩིས་དོན་འཁྱོལ་དང་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ་འབྲེལ་མཐུད་བྱེད་པ་དང་། གཏོང་ཚད་བླང་བྱ་དང་མི་འཚམ་པའི་གཏོང་སྒོའི་རིགས་ཀྱི་སྔོན་རྩིས་མ་དངུལ་གྱི་སྔོན་རྩིས་བཀོད་སྒྲིག་མི་བྱེད་པའམ་ཡང་ན་ཉུང་དུ་བཏང་ནས་གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་སུ་ལེགས་སྒྲིག་བྱེད་རྒྱུ་ཡིན།

    (དྲུག)ས་གནས་ཀྱི་སྲིད་གཞུང་བུ་ལོན་ལ་དོ་དམ་དམ་འཛིན་ནན་པོ་བྱེད་རྒྱུ།

    ས་གནས་ཀྱི་སྲིད་གཞུང་བུ་ལོན་གྱི་མ་དངུལ་བསྡུ་རྒྱུག་བྱེད་པའི་ལམ་སྲོལ་ཚགས་ཚུད་དང་ཚད་ལྡན་བཟོས་ནས་ས་གནས་ཀྱི་སྲིད་གཞུང་བུ་ལོན་གྱི་བཅད་གྲངས་ལ་དོ་དམ་དང་སྔོན་རྩིས་ལ་དོ་དམ་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། དུས་ཚོད་གཙང་བའི་བུན་འཛིན་གྱི་སྐྱེད་ཀ་གཏོང་སྤྲོད་བྱེད་རྒྱུ་འགན་སྲུང་ནན་པོ་བྱས་ཏེ་བུ་ལོན་གཡར་ནས་སྐྱེད་ཀ་འཇལ་རིགས་ནན་འགོག་བྱེད་རྒྱུ། ས་གནས་ཀྱི་སྲིད་གཞུང་བུན་འཛིན་འགྲེམས་གཏོང་དང་བེད་སྤྱོད་བྱེད་རྒྱུ་མགྱོགས་སུ་བཏང་ནས་སྐྲུན་མུས་ལས་གྲྭ་དང་ཆད་སྐྱོན་སེལ་རྒྱུ་སྔོན་ལ་འགན་སྲུང་བྱས་ནས་གཏན་འབེབས་ལྟར་ཆེད་དམིགས་བུན་འཛིན་ཁག་གཅིག་རྣམ་གྲངས་ཀྱི་མ་རྩའི་ཐོག་སྤྱོད་རྒྱུ། བརྟན་པོ་གཙོར་བཟུང་དང་བརྟན་ཐོག་མར་གཅོག་གི་སྲིད་ཇུས་འཛིན་ཕྱོགས་མཐའ་འཁྱོངས་ཀྱིས་ས་གནས་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་སེལ་རྒྱུ། སྒྲིག་འགལ་ཐོག་ས་གནས་ཀྱི་སྲིད་གཞུང་བུ་ལོན་ལེན་པའི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ཚེ་གང་འགན་འཁྲི་བདའ་འདེད་དང་འགན་འཁྲི་ལྡོག་བཤེར་ཐུབ་པ་བྱེད་རྒྱུ།

    (བདུན)རང་འགུལ་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་ཧུར་ཐག་ཞུ་རྒྱུ།

    མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལྷུག་གཏོང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལ་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྡོམ་བྱེད་པར་གཞོགས་འདེགས་བྱེད་རྒྱུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་དང་། རྩིས་བཤེར་བྱས་ཏེ་རྩད་ཆོད་ཐུབ་པའི་མངོན་ཆེའི་གནད་དོན། བྱ་གཞག་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་འགག་རྩའི་གནད་དོན་སོགས་དང་ཟུང་འབྲེལ་བྱས་ནས་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྔོན་རྩིས་དང་ངེས་རྩིས་ཀྱི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ནས་ལས་ཀའི་བཀོད་སྒྲིག་དང་ལས་ཀའི་འཕེལ་རིམ་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་དོན་འཁྱོལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། གནད་དོན་ལ་རྩིས་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། འཐུས་མི་དང་ཨུ་ཡོན་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འཆར་བསྡུ་ལེན་བྱེད་རྒྱུར་ཞིབ་འཇུག་གང་ལེགས་བྱས་ཐོག རྒྱུན་ལྡན་གྱི་འབྲེལ་མཐུད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཟོ་འགོད་ཡག་པོ་བྱེད་རྒྱུ་དང་། གྲོས་འཆར་དང་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཐུས་མི་དང་ཨུ་ཡོན་གྱིས་དོ་ཁུར་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུ་སོགས་ཀྱི་ཐད་ཤུགས་དེ་བས་ཆེ་བ་རྒྱག་རྒྱུ། སྔོན་རྩིས་ཡོངས་བསྒྲགས་ཀྱི་བྱེད་པོའི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ཡོངས་བསྒྲཌ་ལས་དོན་སྔར་བས་ཚད་ལྡན་བཟོ་རྒྱུ། ལས་རྗེས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་གལ་ཆེའི་རྣམ་གྲངས་ཀྱི་ལས་རྗེས་དཔྱད་གདེང་བྱས་འབྲས་དེ་མི་དམངས་འཐུས་ཚོགས་ལ་སྙན་སེང་ཞུ་བ་དང་སྦྲགས་སྤྱི་ཚོགས་ཐོག་ཡོངས་བསྒྲཌ་བྱེད་རྒྱུར་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ།

    འཐུས་མི་རྣམ་པ། 2020ལོའི་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དོན་སྙིང་ཆེ་ལ་ལས་འགན་ལྕི་བ་ཞིག་ཡིན། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ་དང་། ཁེངས་སྐྱུང་ངང་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་བྱས་ཐོག དཀའ་ངལ་མདུན་བསུ་དང་ལམ་བཤངས་ཡར་བརྩོན་གྱིས་ནོར་སྲིད་སྔོན་རྩིས་ཀྱི་ལས་དོན་ཁག་དོ་ཏན་ངང་ཡག་པོ་བསྒྲུབས་ཐོག ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ནས་ལས་དོན་ཁག་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 


    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།