ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་ཆེད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞུགས་ནས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། དངུལ་དང་དངོས་རྫས་ཞལ་འདེབས་ཧུར་ཐག་ཕུལ་ཡོད། ད་ལྟ་ཟླ་2ཚེས་10ཉིན་བར་ཞལ་འདེབས་བླངས་པའི་གནས་ཚུལ་སྤྱི་བསྒྲགས་གཤམ་གསལ།


རིམས་ནད་འགོག་པའི་ཐད་དངུལ་དང་དངོས་རྫས་ཞལ་འདེབས་ཕུལ་བ་དང་དེ་བཞིན་སྤྱད་པའི་གནས་ཚུལ་དུས་བཀག་ལྟར་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ།
དངོས་ཟོག་ཞལ་འདེབས་འབུལ་ཡུལ་བོད་རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང(ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་སྒོ་རྟགས་62པའི་གཞུང་ལས་ཐོག་ཁང་གི་ཐོག་སོ་དང་པོའི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་འདེགས་ལྟེ་གནས)དུ་བཙུགས་ཡོད།
འབྲེལ་གཏུག་མི་སྣ།ལི་ཝུན་ཅིན།
འབྲེལ་གཏུག་ཁ་པར་ཨང་གྲངས།0891—6198873 18989098297
མ་དངུལ་ཞལ་འདེབས་འབུལ་ཡུལ་བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་གཞུང་ལས་ཁང(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་སྒོ་རྟགས་81པའི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་སྟར་པ་Bཡི་གཞུང་ལས་ཐོག་ཁང་གི་ཐོག་སོ་གསུམ་པའི་6318གཞུང་ལས་ཁང)དུ་བཙུགས་ཡོད།
བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཞལ་འདེབས་ལེན་བྱེད་ཀྱི་རྩིས་ཁྲ།
རྩིས་ཁྲའི་མིང་།བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ།
རྩིས་ཁྲ་བཟོ་མཁན་དངུལ་ཁང་།ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ལྷ་ས་གྲོང་ནུབ་ཉིང་ལག་དངུལ་ཁང་།
རྩིས་ཁྲའི་ཨང་གྲངས།25910001040014968
མ་དངུལ་ཞལ་འདེབས་འབུལ་སྐབས་རིམས་འགོག་ཞལ་འདེབས་ཞེས་གསལ་བཤད་གནང་རོགས།
འབྲེལ་གཏུག་མི་སྣ། ལི་ཞའོ་ཡན།
འབྲེལ་གཏུག་ཁ་པར་ཨང་གྲངས།0891—6843370 18689080010
ལྗོངས་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་དངོས་ཟོག་འགན་ལེན་ཙུའུ།
བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་ནས།
2020ལོའི་ཟླ་2ཚེས་11ཉིན།