བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
འཐུས་མི་རྣམ་པ།
ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཚོཌ་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོཌ་ཞུ་རྒྱུ་དང་འབྲེལ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་ཀྱང་བསམ་འཆར་འདོན་རོགས་གནང་།
2019ལོའི་ལས་དོན་གཙོ་བོ།
འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་དང་སྲིད་ཁྲིམས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་རྩ་བའི་གཞི་འཛིན་སར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་སྐབས་ཀྱི་སྤྱི་ཡོངས་ལས་དོན་དང་ཞིབ་དཔྱོད་ལས་དོན་ཁྲོད“ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསམ་གཞིག གོང་འཕེལ་ལ་ཧུར་བརྩོན། རང་སྟོབས་ཆེར་སྐྱེད”བཅས་བྱེད་རྒྱུའི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་རྣམ་དག་གིས་བསྒྲུབས་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཞབས་ཞུ་དང་འགན་སྲུང་བྱས་ཏེ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
གཅིག “སྣེ་ཁྲིད་གཅིག”མཐའ་འཁྱོངས་ཀྱིས་ཞིབ་དཔྱོད་ལས་དོན་ཕྱོཌ་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་བཏང་བ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོ་འཛུགས་སྐྱོང་བྱེད་རྒྱུ་གཉིས་མཉམ་འདྲེས་ཟབ་མོ་བྱུང་ན་ཆབ་སྲིད་འཛུགས་སྐྱོང་ལ་གཞི་ནས་སྟོབས་ཤུགས་ཡོད་པ་དང་ལས་སྒོ་འཛུགས་སྐྱོང་ལ་གཞི་ནས་བླ་སྲོག་ཡོད་པའི”བསམ་གཞི་བཟུང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པས་ཞིབ་དཔྱོད་ལས་དོན་ལ་རྩ་བའི་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྩ་བ་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་བའི་བླང་བྱ་སེམས་ལ་བརྟན་པོར་བཅངས་ཤིང་། ཞིབ་དཔྱོད་ལམ་ལུཌ་ཀྱི་ལེཌ་ཆ་དེ་སྤྱི་ཚོཌ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་རྒྱུའི་དམིཌ་ཚད་ལ་གཞིགས་ཏེ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཤུཌ་ཆེན་པོས་སྤེལ་བ་དང་། ཞིབ་དཔྱོད་མི་སྣ་སྣེ་ཁྲིད་ཀྱིས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་འཚོལ་བཤེར། ལེགས་བཅོས་དོན་འཁྱོལ་བཅས་བྱེད་རྒྱུ་གཞི་གཅིག་ངང་སྤེལ་བའི་ཁྲོད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱས་ཡོད། “དུས་བསྟུན་ཁྲིམས་བཟོ་དང་ལས་བསྟུན་ཐབས་བཟོའི”བླང་བྱ་གཞིར་བཟུང་། ཞིབ་དཔྱོད་ལས་དོན་དེ“འགལ་བའི་འགྱུར་ལྡོག་ལ་འཚམ་མཐུན་དང་། འགན་ནུས་སྤོ་སྒྱུར་ལ་འཚམ་བསྟུན། ལས་དོན་གྱི་གོ་སྐབས་དམ་འཛིན། འཕེལ་རྒྱས་ཕྱོགས་སྒྱུར་ཡོང་བ”བཅས་བྱས་ཁར། སྦྱངས་པ་གོ་ཆོད་བྱེད་རྒྱུ་དེ་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་ལས་དོན་གོང་དུ་སྤེལ་བའི་ཁྲོད་ནས་མངོན་ཐུབ་པ་དང་། ཞིབ་དཔྱོད་ལས་དོན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཐོན་པའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ཀྱི་སྙིང་སྟོབས་སྐྱེད་ཐུབ་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ཆེས་མཐོའི་ཞིབ་དཔྱོད་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་རིམ་ཁག་ཏང་ཨུད་དང་རིམ་པ་གོང་མའི་ཏང་ཙུའུ་ལ་དོན་དག་གལ་ཆེན་རིགས་དགོངས་སྐོར་སྙན་སེང་ཐེངས་349ཞུས་པ་དང་། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་སོགས་འགོ་ཁྲིད་བློ་མཐུན་གྱིས་བཀའ་མཆན་མཛུབ་སྟོན་ཐེངས་16གནང་ཡོད་པས་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་དེ་ལམ་ལུཌ་ཁག་ལག་བསྟར་བྱེད་པ་དང་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་བའི་ཁྲོད་ནས་དོན་འཁྱོལ་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་ཀའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་ཙུའུ་ཡིས་ཁ་ཕྱོཌ་འཛིན་པ་དང་། སྤྱི་ཡོངས་ལ་སྟངས་འཛིན། དོན་འཁྱོལ་བྱེད་པ་བཅས་ཀྱི་འགན་འཁྲི་ལག་བསྟར་གང་ལེཌ་བྱས་ཏེ། ལྗོངས་ཞིབ་དཔྱོད་ཁང་གིས་ཏང་ཙུའི་ཚོགས་འདུ་ཐེངས་28འཚོགས་ནས་དོན་དག་གལ་ཆེན་178ལ་གྲོས་ཞིབ་བྱས་ཡོད། དུས་རབས་གསར་པའི་བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་བསམ་གཞིགས་དང་འཆར་འགོད་བྱེད་སྐབས་སུ་ངོས་འཛིན་གལ་ཆེན་ཁ་ཤས་གྲུབ་ཡོད་ཅིང་། དེ་དག་གིས་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་གོང་འཕེལ་ཆེན་པོ་དང་ཡར་རྒྱས་ཆེན་པོ་འགྲོ་བའི་ཁྲོད་ཀྱི་ཞིབ་དཔྱོད་ཁྱབ་ཁོངས་ཀྱི“བཅོས་སྐྱོང་གི་མཚལ་ཡིག”འདུམ་སེལ་ནུས་ལྡན་བྱས་ཡོད།
དམངས་སེམས་ནི་གལ་ཆེའི་ཆབ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་མི་དམངས་ལ་དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་བཞག བདེན་དོན། བདེ་འཇགས། ཁོར་ཡུག་སོགས་ཀྱི་དགོས་མཁོ་སྔར་བས་ཆེན་པོར་དམིགས་ཤིང་། ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་དེ་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པ་དང་། རྙོག་འཛིང་ཆེ་བའི་འགལ་བར་ཁ་གཏད་པ། གནད་དོན་ཐག་གཅོད་བཅས་ཀྱི་ཞིབ་ཕྲའི་ལས་དོན་གྱི་དོན་དངོས་དང་དམ་འབྲེལ་བྱས་ཐོག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་དམངས་ཆེད་ཁྲིམས་འཛིན་གྱི་རྩ་བའི་དམིཌ་ཡུལ་མཐའ་འཁྱོངས་བྱ་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཐོག་མའི་དམིཌ་ས་དང་དོན་ལ་འབབ་སར་བརྩིས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་འཁང་ར་ཞི་བ། དམངས་སེམས་དྲོ་བར་བྱེད་པ་བཅས་ཀྱི་ཆེད་དུ་གྱོད་ཞིབ་ཐད་ལ་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྲིམས་འཛིན་ཁྱབ་ཁོངས་ནང་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་དང་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་རྒྱུར་ཤུགས་བརྒྱབ་སྟེ། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཐོག་ནས་མང་ཚོགས་ཀྱི་དོ་ཁུར་དང་རེ་ལྟོས་ལ་ལན་འདེབས་བྱས་པ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་ཧུར་སྒྲུབ་བྱས་པའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱས་པས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་སོང་ཡོད།
ཞིབ་དཔྱོད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ཞིབ་དཔྱོད་འགན་འཁྲིའི་བཅའ་ཁྲིམས་ཀྱི་ངེས་གནས་ལ་དམིགས་ཤིང་། “ཏང་རྩ་འཛུགས་ཀྱིས་མངགས་བཅོལ་བྱས་པའི‘ཞིབ་དཔྱོད་འགན་འཁྲིའི་ས་ཞིང’ཐ་རྒོད་དུ་ལུས་པ་ཡིན་ན‘སྲུང་སྐྱོང་གཉིས’ཐུབ་ཐབས་བྲལ་བ་ཡིན་པ”དང“ཁྲིམས་དཀྲིས་དབང་ཆ་ངེས་སྤྱོད་བྱ་རྒྱུའི”བསམ་གཞི་ཟབ་ཏུ་བཏང་ནས། ཞིབ་དཔྱོད་ལས་དོན་གྱི་ལྟེ་བ་དེ་འགན་ནུས་སྤོ་སྒྱུར་མ་བྱས་གོང་རུལ་སུངས་དང་ལས་འཛོལ་ལ་ངོ་རྒོལ་བྱེད་པ་གཙོ་བོ་ཡིན་པ་ནས་ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་དང་ལས་སྒོ་གཙོ་བོའི་ཐོག་སྒྱུར་བར་ཤུགས་སྣོན་བརྒྱབ་སྟེ། ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱིས“ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཚགས་ཚུད་དུ་གཏོང་བའི”ཁྲོད་དུ་གྲུབ་ཆའི་རང་བཞིན་གྱི་གཙོ་རྒྱུའི་བྱེད་ནུས་འདོན་ཤུགས་ཆེ་རུ་བཏང་བར་བརྟེན། ཞིབ་དཔྱོད་ལས་དོན་ཕྱོགས་སྒྱུར་ངང་འཕེལ་རྒྱས་བཏང་བ་དང་། ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་སེམས་དང་ཞིབ་དཔྱོད་ཀྱི་དབང་ཆ་སྤྱོད་སྟངས་དེ་བཅའ་ཁྲིམས་ཀྱི་བགྲོད་ལམ་དུ་དྲངས་ཡོད། རྒྱལ་ཁབ་རང་བཞིན་གྱི་སྤྱི་ཚོགས་ཀྱི་སྤྱི་པའི་ཐོན་རྫས་འདོན་ཕྱོགས་ལས་ཞིབ་དཔྱོད་ཀྱི་འགན་འཁྲི་ཁུར་ལེན་བྱ་རྒྱུར་དམིགས་ཏེ། འགན་འཁྲི་དང་ལས་སྒོ་གཙོ་བོ་ལེགས་སྒྲུབ་བྱ་རྒྱུ་དེ་ཞིབ་དཔྱོད་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་འབད་ཕྱོགས་སུ་བརྩིས་ནས་ཁྲིམས་འཛིན་གྱི་བསམ་གཞི་དང་རིག་ལམ་བསྒྱུར་བ་དང་། ཁྲིམས་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱེད་པ། ཁྲིམས་འཛིན་གྱི་ཐབས་ཤེས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིབ་དཔྱོད་ལས་དོན་གསར་གཏོད་ངང་འཕེལ་རྒྱས་བཏང་ཐོག ཞིབ་དཔྱོད་མཁོ་འདོན་བྱེད་རྒྱུ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། རིག་གནས། སྐྱེ་ཁམས་བཅས་གོང་དུ་སྤེལ་བའི་བླང་བྱ་དང་འཚམ་མཐུན་ཡོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་དམིགས་ཚད་དང་མཐུན་སྦྱོར་ཡོང་ཐབས་བྱས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་འགན་ལེན། སྤྱི་ཚོགས་ཀྱི་དྲང་བཞག་བདེན་དོན་དར་སྤེལ། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་བྱས་ཡོད། ཞིབ་དཔྱོད་ལས་དོན་འཕེལ་རྒྱས་གཏོང་རྒྱུ་དེ་དུས་རབས་གསར་པའི་ནང་དེ་བས་ལེགས་པའི་འཕེལ་ཕྱོགས་ཀྱི་ཁྱད་རྟགས་དང་། དེ་བཞིན་བོད་ཀྱི་ས་གནས་རང་བཞིན་དང་དུས་མཚམས་རང་བཞིན་གྱི་དགོས་མཁོར་དམིགས་ཏེ། ཞིབ་དཔྱོད་ཐོན་ཁུངས་ལ་གཅུན་སྡོམ་དམ་ནན་ཡོད་པའི་གནས་ཚུལ་འོག ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རྩའི་འགན་ནུས་ཇི་ལྟར་འདོན་སྤེལ་ཡག་པོ་བྱེད་པའི་དཀའ་གནད་དེ་སེལ་ཐབས་གང་ཐུབ་བྱེད་པ་དང་། གྲོང་ཁྱེར་གྱི་ཁུལ་ཁོངས་དང་ཞིང་ཆེན་གྱི་ཁུལ་ཁོངས་རིམ་པ་གཉིས་ཀྱི“ཞིབ་དཔྱོད་གཞི་གཅིག་ཅན”གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་ཞིབ་དཔྱོད་ནུས་ཤུགས་ཀྱི་ཐོན་ཁུངས་སུ་གཅིག་གྱུར་བགོ་སྒྲིག་བྱ་རྒྱུའི་ལེགས་ཆར་འགྱུར་བ་དང “གྱོད་གཞི་ཞིབ་གཅོད་བྱེད་པར་ལྟ་སྐུལ་དང་། ལྟ་སྐུལ་བྱེད་བཞིན་གྱོད་གཞི་ཞིབ་གཅོད་བྱེད་པ”དེ་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲིའི་ལས་འགན་སྒྲུབ་པ་དང་། སྤྱི་ཡོངས་ལས་དོན་ལ་འགན་སྲུང་དང་ཞབས་ཞུ་སྒྲུབ་པའི་གཞི་རྩའི་བྱེད་ཐབས་དང་གཞི་རྩའི་ཐབས་ལམ་ཞིག་ཏུ་འགྱུར་བར་བྱས་ཡོད།
གཉིས། “ཟབ་སྦྲེལ་གཉིས”ཁོང་དུ་ཆུད་པ་བྱས་ནས་ཞིབ་དཔྱོད་ཀྱི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་རྒྱུར་འགན་སྲུང་བྱས་པ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྐྱོང་བོད་ལྗོངས་འཛུཌ་སྐྱོང་བྱེད་པའི“མཁོ་དགོས་ཕྱོཌ”ལ་དམིགས་ཏེ། ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི“མཁོ་འདོན་ཕྱོཌ”ལ་སྒྱུར་བཅོས་བྱས་པ་མ་ཟད། “གྲངས་ཚད་ནི་རྨང་གཞི་དང་། སྤུས་ཚད་ནི་འགག་རྩ། གྲུབ་ཆ་ལེཌ་སྒྱུར་བྱ་རྒྱུ་ནི་གཙོ་གནད”བཅས་ཡིན་པའི་བླང་བྱ་གཞིར་བཟུང་སྟེ། གཙོ་གནད་དམ་འཛིན་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་སྒྱུར་བཅས་བྱས་ཤིང་། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞི”ཡི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་རྒྱུར་བློ་སྒྲིམ་ཤུགས་འདོན་བྱས་ནས“འཕེལ་རྒྱས་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང”བཅས་ལ་ཞབས་ཞུ་དང་འགན་སྲུང་བྱས་ནས་ས་གནས་ཀྱི་བཅོས་སྐྱོང་ནུས་ཕྱོད་ཀྱང་ཆེ་རུ་བཏང་ཡོད།
——བོད་ལྗོངས་ཀྱི་དམིགས་བསལ་གྱི་སྤྱི་ཚོགས་འགལ་བ་དང་ཟབ་སྦྲེལ་གྱིས་བཅའ་ཁྲིམས་ཀྱི་རིག་ལམ་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་སྟེ། ཁྱོན་བསྡོམས་རིགས་འདྲ་མིན་གྱི་ཉེས་གསོག་གྱོད་གཞི་ཁག་1150ཡི་མི་1635ཁྲིམས་བཞིན་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ(གཏན་འཁེལ)དང་། གྱོད་གཞི་ཁག་1818ཀྱི་མི་2616གཏུག་བཤེར་བྱས་པ་དེ་དུས་མཚུངས་དང་བསྡུར་ན་40.8%དང་52.2%སོ་སོ་འཕར་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་ཁྲིད་ཐབས་སུ་བྱས་ཏེ་བོད་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་བདེ་འཇགས་དང་། ལྷག་དོན་ལམ་ལུགས་དང་སྲིད་དབང་བདེ་འཇགས་ལ་འཇིགས་སྐུལ་བཟོ་བའི་ཉེས་གསོག་རིགས་ལ་རྡུང་རྡེག་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་2016ལོ་ནས་བཟུང་། གྱོད་ཞིབ་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་གྱོད་གཞིའི་གྲངས་གཞིར་དབྱེ་ཞིབ་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་སྟོན་སྐབས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་ཀ་ཡག་པོ་སྒྲུབ་ཇུས་བཟོ་བར་དཔྱད་གཞིར་ཕུལ་བར་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་བཀའ་མཆན་གནང་ཡོད། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གྱི་གནད་དོན་ལ་དམ་འཛིན་གྱིས་རྐང་བཙུགས་ནས་མི་བསད་པ་དང་གནོད་འཚེ་བཏང་བ་སོགས་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དང་། “འཕྲོག་གཉིས་དང་རྐུ་གཅིག” དེ་བཞིན་གློག་འཕྲིན་དྲ་རྒྱའི་ཐོག་ནས་ཁ་བསླུས་བརྒྱབ་པ་སོགས་ཐོན་མང་ཞིང་། མང་ཚོགས་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་བཙན་གནོད་ཀྱི་ཉེས་གསོག་གྱོད་གཞི་ཁག་946གི་མི་1239ལ་ཁྲིམས་བཞིན་ཉེས་ཆད་ནན་པོ་བཅད་པ་དེ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་15.6%དང་16.9%འཕར་ཡོད། དམིགས་བསལ་འགལ་བ་མངོན་གསལ་ཆེ་ལ་འཚུབ་ཆ་ཆེ་བའི་དུས་སྐབས་དང་དུས་ཚིགས་སུ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཉེན་རྟོག་པ་མི་ཐེངས་ཁྲི་4.86བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་གཞོགས་འདེགས་བྱས་པ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་16.4%ཟུར་འཐེན་གྱིས་གྲོང་ཚོ་དང་གྲོང་ལྷན་126ལ་བཅའ་སྡོད་དུ་མངགས་ནས་རྨང་བརྟན་དམངས་ཕན་དང་བརྟན་ལྷིང་གི་ལས་དོན་སྤེལ་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཞིབ་དཔྱོད་ཀྱི་འགན་ནུས་རྒྱུན་མཐུད་སྤྱད་དེ་ལས་གནས་ཉེས་གསོག་གི་མི་38ཁྲིམས་བཞིན་འཛིན་བཟུང་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་མི་56གཞུང་གཏུག་བྱས་པ་དེ་དུས་མཚུངས་དང་བསྡུར་ན་123.5%དང་25.6%སོ་སོ་འཕར་ཡོད། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་འཆར་ཨང་དང་པོ”དེ་སྐྱེལ་སྤྲོད་བྱས་ཏེ། སྡེ་ཚན་མང་པོ་མཉམ་འགུལ་ཐོག་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུ་མཐུན་སྦྱོར་བྱས་པ་དང་། ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་བཟོས་པའི་གྱོད་གཞི་བཙན་ཐབས་ཀྱིས་སྙན་སེང་ཞུ་བ་དང། དེ་འབྲེལ་གྱི་ལས་གཉེར་བཀག་སྡོམ་དང་ཁྲིམས་འགལ་ཉེས་གསོག་གི་ཆ་འཕྲིན་འཚོལ་འདྲི་བྱེད་པའི་ཐད་བོད་ལྗོངས་ཀྱི་གནས་ཚུལ་དང་མཐུན་པའི་ལམ་སྲོལ་བཟོས་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་དཔོན་ཆེ་མོ་ཡིས་ཐེངས་དང་པོར་ལྷ་ས་སློབ་འབྲིང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་འཁུར་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་ཁྲིམས་སྐྱོང་ཆེད་དོན་གྱི་འཆད་ཁྲིད་བྱས་པ་དང་། ལྗོངས་ཡོངས་ཀྱི་ཅན་ཁྲ་ཀྲང་80ཡིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་འཁུར་བ། ཞིབ་དཔྱོད་དཔོན་48ཡིས་ཁྲིམས་སྐྱོང་ཟུར་ཁྲིད་པའི་འགན་གཅིག་ལྕོགས་འཁུར་ཐོག སློབ་གྲྭ་ཁག་319ལ་ཞིབ་བཤེར་སྤེལ་ནས་ཞིབ་དཔྱོད་ཀྱི་གྲོས་འཆར་30བཏོན་པ་དང་སློབ་མཚམས་བཞག་པའི་སློབ་མ་85ལ་ཁ་ཏ་སློབ་གསོ་བརྒྱབ་ནས་ཡང་བསྐྱར་སློབ་གྲྭར་འགྲོ་རུ་བཅུག་ཡོད།
——བོད་ལྗོངས་སྤྱི་ཚོཌ་ཀྱི་འགལ་བ་གཙོ་བོར་དམ་སྦྲེལ་གྱིས་ཞིབ་དཔྱོད་འགན་ནུས་ལ་གཞི་བཙུགས་ཏེ་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་རྩ་བ་བརྟན་འཛུཌ་དང་། སྔོན་དཔག་བརྟན་པོ། ཕུཌ་ལ་ཕན་པ་བཅས་ཡོང་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་འདོན་སྤེལ་བྱས་པ་སྟེ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དང“འགག་སྒྲོལ་ཆེན་པོ་གསུམ”གྱི་ལས་འགན་ཡག་པོ་སྒྲུབ་དགོས་པ་སོགས་གཙོ་གནད་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། དབུལ་སྐྱོར་ཁྱབ་ཁོངས་ནང་གི་ཞིང་འབྲོག་རོགས་ཕན་མ་དངུལ་ལ་གནོད་སྐྱོན་གཏོང་བའི་རིགས་དང་ཞིང་འབྲོག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཁག་4ཡི་མི་4ཁྲིམས་བཞིན་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་གཞུང་གཏུག་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་གནོད་སྐྱོན་གཏོང་བའི་ཉེས་གསོག་གི་གྱོད་གཞི་ཁག་168ཀྱི་མི་291ཁྲིམས་བཞིན་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་གཞུང་གཏུག་བྱས་ཡོད། ལྷ་ས་ཏི་དབྱི་ཏིང་ཀུང་སིས་མང་ཚོགས་ཀྱི་གསོག་དངུལ་ཁྲིམས་དང་མ་མཐུན་པར་བསྡུ་ལེན་བྱས་པའི་ཚབས་ཆེའི་གྱོད་གཞི་གྱོད་ཞིབ་འཚམ་པོ་བྱེད་པར་ཁོངས་གཏོཌ་ཡོངས་ནས་བཅོས་སྐྱོང་བྱེད་པའི་ཇུས་གཞི་བཟོས་ཤིང་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་གྱིས་མ་འཇོག་མཁན་373གྱི་གྱོང་གུན་སྒོར་ཁྲི1629.86ཚུར་བླངས་ཡོད། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཌ་དང་མཉམ་དུ《དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བར་ཐུན་མོང་ཐོག་ཞབས་ཞུ་དང་འགན་སྲུང་བྱེད་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར》ལ་མཆན་འགོད་བྱས་ནས་དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཁག་42ཀྱི་མི་66ལ་གྱོད་ཞིབ་འོས་ཤིང་འཚམ་པ་བྱས་ཡོད། རྡུང་རྡེག་དང་། ལྟ་སྐུལ། སྲུང་སྐྱོང་། སྔོན་འགོག ཞུབས་ཞུ་སོགས་ཀྱི་བྱེད་ཐབས་ཕྱོཌ་བསྡུས་ཀྱིས་སྤྱད་དེ“ལམ་ལུཌ་དམ་ཤོས་དང་ཁྲིམས་སྐྱོང་དམ་ཤོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང”བྱེད་པའི་ཁྲོད་དུ་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་སེམས་ཤུཌ་ཆེར་བཏང་སྟེ། ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གི་གྱོད་གཞི་ཁག་49ཡི་མི་102ཁྲིམས་བཞིན་འཛིན་བཟུང་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་གཞུང་གཏུག་བྱས་པ་དེ་དུས་མཚུངས་དང་བསྡུར་ན་4.3%དང་2%སོ་སོ་འཕར་ཡོད། འགན་དབང་ལ་བརྟེན་ནས་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་དང་བཟའ་བཅའ་སྨན་རྫས་སོཌ་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་ཁག་443ཤེས་རྟོགས་ཐུབ་ནས་གྱོད་གཞི་ཁག་380ཁྲིམས་ཁོངས་སུ་བཅུག་པ་དང་། གཏུག་བཤེར་སྔོན་གྱི་ཞིབ་དཔྱོད་གྲོས་འཆར་ཁག་314བཏོན་ཡོད། གྱོད་གཞི་ཁག་15ཁྲིམས་བཞིན་སྤྱི་ཕན་གཏུག་བཤེར་བྱས་པ་དང་། ཉིང་ཁྲིའི་སྣང་རྫོང་ཞིབ་དཔྱོད་ཁང་གིས་ཐེངས་དང་པོར་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་ཚང་མར་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ནས་རྒྱབ་སྐྱོར་བྱས་ཡོད་ཅིང་། སྤྱི་ཕན་གཏུག་བཤེར་བྱེད་སྐབས་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པའི་ཁྲོད་ནས་བོད་ལྗོངས་ཁྲིམས་སྐྱོང་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་གྱོ ད་ཞིབ་ཐད་སྤྱི་ཕན་གཏུག་བཤེར་བྱ་རྒྱུ་དེ་ཁུལ་ཁོངས་ཡོངས་དང་། ས་ཁོངས་ཡོངས། རིཌ་གྲས་ཡོངས་སུ་ཁྱབ་ཐུབ་པ་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ནས《ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་སྤྱི་ཕན་ནཌ་ཚལ་སྲུང་སྐྱོབ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ནས《ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་ཞིབ་དཔྱོད་ཀྱིས་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་བར་རྒྱབ་སྐྱོར་ཐོབ་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་ཁྲིད་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་བོད་ལྗོངས་དང་། ཡུན་ནན། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། མཚོ་སྔོན་བཅས་རང་སྐྱོང་ལྗོངས་དང་། ཞིང་ཆེན། གྲོང་ཁྱེར་དྲུག་གི་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མཉམ་སྒྲུབ་ལམ་སྲོལ་བཟོས་ནས་ཉེ་འཁོར་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་བདེ་འཇགས་མཉམ་སྲུང་བྱས་ཡོད། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་དར་སྤེལ་གྱིས་མཉམ་སྐྱོང་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་སྟངས་ནང་རང་འགུལ་གྱིས་མཉམ་འདྲེས་ཐུབ་པ་བྱས་པ་དང་། ཞིབ་དཔྱོད་ལས་དོན་གྱིས་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་འདུམ་སེལ་བྱེད་ཐབས་ཚགས་ཚུད་བཟོས་ནས་མང་ཚོཌ་ཀྱི་འགལ་བ་རིཌ་འདྲ་མིན་450ལ་ཞིབ་བཤེར་འདུམ་སེལ་བྱས་པ་དང་། རིགས་འདྲ་མིན་གྱི་ཁྲིམས་རྩོད་དང་ཡིག་འབུལ་ཞུ་བཅར་ལ་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་284ཁྲིམས་བཞིན་ཐག་གཅོད་འོས་འཚམ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་133.2%དང་121.9%འཕར་ཡོད།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ཀྱི་སྤྱི་པའི་ཐོན་རྫས“མཁོ་འདོན་མི་འདང་བ”དང“གྲུབ་ཆ་དོ་མཉམ་མེད་པའི”གནད་དོན་ལ་གཞིགས་ཏེ། ཞིབ་དཔྱོད་ལས་དོན་དང་སྤྱི་ཡོངས་ལས་དོན་གཉིས་མཉམ་འདྲེས་ཟབ་མོའི་ཐོག་ནས་མཁོ་འདོན་སྤྱི་འབོར་མང་དུ་བཏང་བ་དང་མཁོ་འདོན་གྲུབ་ཆ་ལེགས་སྒྱུར་བྱས་ནས་འགལ་བ་དང་ཉེན་ཁའི་རིགས་སྔོན་འགོག་འདུམ་སེལ་བྱས་ཏེ་ཞིབ་དཔྱོད་ཀྱི་ལྟ་སྐུལ་ལས་དོན་གོང་དུ་སྤེལ་བར་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་དང་ཞིབ་དཔྱོད་ལས་སྒོའི་གྲུབ་ཆར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ལོ་ཧྲིལ་པོར་ཁྱོན་བསྡོམས་ཞིབ་དཔྱོད་ལྟ་སྐུལ་བྱེད་རྒྱུའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་10901བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་9374ཁྲིམས་ཐག་བཅད་པ་དེ་ན་ནིང་27%དང་29.5%སོ་སོར་འཕར་བའི་རྨང་གཞི་སྟེང་ད་ལོར་47.3%དང་32.8%སོ་སོ་འཕར་ཡོད། ཞིབ་དཔྱོད་ལྟ་སྐུལ་གྱི་གནས་སྟངས་དེ་ལོ་གོང་མར་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་གཏུག་བཤེར་ཆེན་པོ་གསུམ་ལ“རྒྱུ་མང་ཤུགས་འདོན”གྱིས་ལྟ་སྐུལ་བྱེད་པའི་རྨང་གཞིའི་སྟེང་དུ་ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞིའི”གྲུབ་ཆའི་བསྡུར་ཚད་དེ་93.6:1.9:0.4:4.1ལ་ལེགས་འགྱུར་བྱུང་ཡོད། ཞིབ་དཔྱོད་ཀྱི་མཁོ་འདོན་འབྱུང་ཁུངས་རྒྱ་སྐྱེད་བྱས་པར་བརྟེན་ནས་ཞིབ་དཔྱོད་ཀྱི་མཁོ་འདོན་སྤྱི་འབོར་མང་དུ་བཏང་བ་དང་། འགན་དབང་ལ་བརྟེན་ནས་རང་འགུལ་གྱིས་གྱོད་གཞི་ཁག་823ལ་ལྟ་སྐུལ་བྱས་ཡོད། སྐྱེལ་སྤྲོད་བདག་སྤྲོད་དང་། དོ་བདག་གི་རེ་ཞུ། འགན་དབང་ལ་བརྟེན་ནས་རང་འགུལ་གྱིས་ལྟ་སྐུལ་བྱེད་པ་བཅས་ཀྱི་ཞིབ་དཔྱོད་གྱོད་གཞིའི་ཡོང་ཁུངས་ཀྱི་གྲུབ་ཆའི་བསྡུར་ཚད་79.3:5.7:15.0ལ་ལེགས་འགྱུར་བྱུང་ཡོད།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལས་སྒོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དམིགས་ཚད་འཛིན་ཕྱོགས་ཤུགས་ཆེར་བཏང་ནས་ཞིབ་དཔྱོད་ཀྱི་སྤུས་ཚད་མཐོ་བའི་མཁོ་འདོན་གྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པར་ཕུགས་འཕེར་གྱི་ཐབས་ཇུས་དང་རྩ་བ་བརྟན་ཚུགས་ཀྱི་ཐབས་ཇུས་བཟོས་ཡོད། བོད་ལྗོངས་ཞིབ་དཔྱོད་ལས་སྒོའི་ལས་རྗེས་གདེང་འཇོག་གི་དམིགས་ཚད་མ་ལག་བཙུགས་ཏེ། ཚད་གཞིའི་མ་ལག་རྒྱུད་ཁོངས་ཅན་དུ་འགྱུར་བར་བརྟེན་ནས་ལས་སྒོར་མཛུབ་སྟོན་བྱེད་པའི་རྒྱུད་ཁོངས་རང་བཞིན་ཤུགས་ཆེར་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། ཞིབ་དཔྱོད་ལས་སྒོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར“སྒུལ་ཤུགས་གསར་པ”སྦྱིན་པ་ལས་ཞིབ་དཔྱོད་ཀྱི་མཁོ་འདོན་གྲངས་འབོར་ལུགས་མཐུན་ངང་མང་དུ་ཕྱིན་པ་དང་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཉེས་དོན་ཞིབ་དཔྱོད་ཀྱི་ལས་རྗེས་གདེང་འཇོག་མ་ལག་བཟོས་ཏེ“མཐེབ་གཞོང”ནས་གྱོད་གཞི་རེ་ཞིབ་དཔྱོད་ལས་རིམ་དུ་བཅུག་རྗེས་གྱོད་ཞིབ་བྱེད་ཐེངས་གཅིག་ལ“གྱོད་གཞི་དང་གྱོད་ཐོའི་བསྡུར་ཚད”1:1གི་ཚད་བཀག་རང་བཞིན་གྱི་དམིགས་ཚད་གྲུབ་པ་བྱས་ཏེ་ཞིབ་དཔྱོད་ཐོན་རྫས་ཀྱི་གྱོད་གཞི་གཅིག་ལ་གྱོད་ཐོ་Nའབྱུང་བའི་ཕན་མེད་ཀྱི་མཁོ་འདོན་བྱེད་པའི་གནད་དོན་སེལ་ཐབས་བྱས་པས་ཉེས་དོན་གྱོད་གཞིའི་རིགས་བསྐྱར་ཞིབ་བྱེད་རྒྱུར་ཕྱིར་སློག་ཐེངས་དང་པོ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་8.7ཆག་པ་དང་། བསྐྱར་ཞིབ་བྱེད་རྒྱུར་ཕྱིར་སློག་ཐེངས་གཉིས་པ་བྱས་པ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་3.2ཆག་ཡོད། གྱོད་ཞིབ་སྤུས་ཚད་ལ་དཔྱད་བཤེར་དོ་དམ་བྱེད་པའི་འཕྲལ་བཅོས་བྱེད་ཐབས་ཀྱིས་ཞིབ་དཔྱོད་ལས་སྒོ་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་རྩ་བ་ནས་བཅོས་སྐྱོང་བྱེད་པའི་དུས་ཚོད་ཡོད་པར་བྱས་སྟབས། ལོ་གཉིས་བསྟུད་མར་རིགས་འདྲ་མིན་གྱི་གྱོད་གཞི་ཁག་2087འཐེན་བཤེར་བྱས་པར་དངོས་གཞིའི་གནད་དོན་63ཤེས་རྟོགས་བྱུང་ནས་ཐག་གཅོད་དང་། ལྟ་སྐུལ་དོན་ཐོག་ཏུ་མ་འཁྱོལ་བ་91ཡོ་བསྲང་། ཁྲིམས་འཛིན་བྱ་སྤྱོད་ཁག་4027ཚད་ལྡན་དུ་བཟོས་པ་བཅས་བྱས་ཤིང་། ནག་ཆུ་དང་། ཆབ་མདོ། ཉིང་ཁྲི། གཞིས་རྩེ་བཅས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་གྱོད་ཞིབ་སྤུས་ཚད་ལྟ་སྐུལ་དཔྱད་བཤེར་བྱེད་པའི“གྲོང་ཁྱེར་ཁྱབ་ཁོངས་ཀྱི་ཇུས་གཞི”མཁོ་འདོན་བྱས་ཡོད། “ཡིག་ཆ་བམ་པོ་གཅིག་ལས་གྱོད་དཔེ་གཅིག་གི་ཕན་པ་ཆེ་བའི”བསམ་གཞི་བཟུང་ནས་ལོ་གཉིས་བསྟུད་མར“ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་ལྟ་སྐུལ་བྱས་པའི་གྱོད་གཞི་ཆེན་པོ་བཅུ”ལོ་འཁོར་ལ་དཔྱད་འདེམས་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡོད་ཅིང་། དེར་བརྟེན་ཞིབ་དཔྱོད་ཀྱི་ལྟ་སྐུལ་དང་གྱོད་ཞིབ་ལས་དོན་ཚད་ལྡན་བཟོས་པ་དང་། “ཁྲིམས་སྐྱོང་གི་སྙིང་སྟོབས་དེ་ཞིབ་ཕྲའི་གྱོད་གཞིའི་ཁྲོད་ནས་མཚོན་ཐུབ་པའི”བསམ་གཞི་ཤུགས་ཆེར་བཏང་བ་དང་དུས་མཚུངས། མང་ཚོགས་ནས་དོན་དག་སྒྲུབ་པ་དང་། དོན་དག་བྱུང་བ། དོན་དག་ཐག་གཅོད་པ། འགལ་བ་འདུམ་སེལ་བྱེད་པ་བཅས་ཀྱི་སྐབས་སུ་ཁྲིམས་ལ་བརྟེན་རྒྱུར་ཁྲིད་སྟོན་བྱེད་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཡོད། ཞིབ་དཔྱོད་གྲོས་འཆར་གྱིས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལམ་ལུགས་ཀྱིས་འགན་ནུས་དཀྲི་བའི་ཁྲིམས་བཅད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིབ་དཔྱོད་ལྟ་སྐུལ་གྱི་ནུས་ཚད་གསར་པ་བསྐྱེད་ཡོད། ལོ་ཧྲིལ་པོར་རིགས་འདྲ་མིན་གྱི་ཞིབ་དཔྱོད་གྲོས་འཆར་505བཏོན་པ་དེ་དུས་མཚུངས་དང་བསྡུར་ན་54%འཕར་ཡོད། ཁྲིམས་འཛིན་དྲང་བཞག་ཡོང་བར་སྲུང་སྐྱོང་བྱེད་པ་དང་། ཁྲིམས་བཞིན་སྲིད་འཛིན་བྱེད་པ། ཁྲིམས་འགལ་ཉེས་གསོག་རིགས་སྔོན་འགོག་དང་ཉུང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཁྲོད་དུ་ཞིབ་དཔྱོད་ཀྱི་གྲོས་འཆར་དེ་དོན་འཁྱོལ་ཐུབ་རྒྱུར་འབད་བརྩོན་བྱས་ཡོད།
གསུམ། “དམིཌ་ས་གསུམ”མངོན་ཆེར་བཟུང་སྟེ་ཞིབ་དཔྱོད་ལས་ཁུངས་རང་ཉིད་གསར་བརྗེ་བྱེད་ཤུཌ་ཆེ་རུ་བཏང་བ།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་ལྟ་སྐུལ་མ་ལག་སྒྱུར་བཅོས་དང་བསྐྱར་སྒྲིག་བྱེད་བཞིན་པ་དང་། ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་ཤུཌ་མཐོར་གཏོང་བསྐྱར་འཛུཌ་བྱེད་བཞིན་པའི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། ཞིབ་དཔྱོད་ལས་དོན་གྱི་དམིཌ་ཚད་བླང་བྱ་མང་པོ་དང་སྲིད་ཇུས་འཛིན་ཕྱོཌ་ཀྱི་སྤྱི་ཡོངས་འབྲེལ་བའི་རང་བཞིན་དང་། བང་རིམ་གྱི་གྲུབ་ཆའི་རང་བཞིན། སྔ་རྗེས་ཀྱི་དུས་རིམ་རང་བཞིན་བཅས་ལ་སྟངས་འཛིན་ཡག་པོ་བྱས་ཐོག ཞིབ་དཔྱོད་ལས་ཁུངས་རང་ཉིད་གསར་བརྗེ་བྱེད་པའི་ཐོག་ནས་ཞིབ་དཔྱོད་ལམ་ལུཌ་ཀྱི་ལེགས་ཆ་དེ་ས་གནས་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་རྒྱུའི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་ཧུར་ཐག་བཏང་ཡོད།
——ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཟབ་ཏུ་གཏོང་རྒྱུའི་བླང་བྱར་དམིཌ་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་ཤུཌ་ཆེར་བཏང་བ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་དང་ལས་སྒོ་གཙོ་བོ་བསྒྲུབ་རྒྱུ་དེ་ཞིབ་དཔྱོད་ལས་དོན་ཕྱོཌ་སྒྱུར་དང་གསར་གཏོད་གོང་འཕེལ་གཏོང་བའི་སྤྱི་ཡོངས་རང་བཞིན་དང་། གཞི་རྩའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་གལ་ཆེའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་གྱི་ངེས་གནས་དེ་བཅའ་ཁྲིམས་ལྟ་སྐུལ་ལ་གཅིག་སྡུད་དང་། གཙོ་གནད་དེ་བཅའ་ཁྲིམས་ལྟ་སྐུལ་ལ་སྤོ་སྒྱུར། འགན་འཁྲི་དེ་བཅའ་ཁྲིམས་ལྟ་སྐུལ་ལ་ནན་དཀྲི། ནུས་ཤུཌ་དེ་བཅའ་ཁྲིམས་ལྟ་སྐུལ་ལ་འཕར་གཟིཌ་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ལྟ་སྐུལ་བྱེད་མི་འདོད་པ་དང་། ལྟ་སྐུལ་བྱེད་མི་ཕོད་པ། ལྟ་སྐུལ་བྱེད་མི་ཤེས་པ། ལྟ་སྐུལ་བྱེད་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུར་ཤུཌ་བརྒྱབ་ཡོད། དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལག་བསྟར་བྱས་ཏེ་ཉེས་དོན་ཐད་ཀྱི་གྱོད་དོན་ཐོ་འགོད་དང་། མྱུལ་ཞིབ། འདྲི་གཅོད། ལག་བསྟར་བྱེད་སྒོ་སྤེལ་བ་བཅས་ཀྱི་ལྟ་སྐུལ་ལ་ཤུཌ་སྣོན་བརྒྱབ་ཡོད།
མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་དང་། གྱོད་གཞི་ཕྱིར་འཐེན། ཁྲིམས་འགལ་དཔང་ལེན། བཙན་ཐབས་སྤྱོད་སྟངས་འཚམ་པོ་མ་བྱུང་བ་བཅས་ཀྱི་གྱོད་གཞི་ཁག་56དང་། འཛིན་བཟུང་དང་ཞུ་གཏུག་ཆད་ལུས་ཐེབས་པའི་མི་106ལ་ལྟ་སྐུལ་ཡོ་བསྲང་བྱས་པ་དེ་དུས་མཚུངས་དང་བསྡུར་ན་93.1%དང་47.2%འཕར་ཡོད། བཀག་ཉར་བྱས་པར་དགོས་ངེས་རང་བཞིན་གྱི་ཞིབ་བཤེར་ཤུཌ་ཆེར་བཏང་སྟེ་བཙན་ཐབས་སྤྱོད་སྟངས་ལ་འགྱུར་བ་གཏོང་རྒྱུའི་གྲོས་འཆར་བཏོན་པའི་མི་29ཡོད་པ་དེ་དུས་མཚུངས་དང་བསྡུར་ན་19.4%ཆག་ཡོད། ཉེས་ཚབས་ཆུང་བ་དང་ཁྲིམས་བཞིན་ཉེས་ཆད་མ་བཅད་ནའང་རུང་བར་ཞུ་གཏུག་མི་རྒྱག་རྒྱུའི་གཏན་འཁེལ་བྱས་པའི་མི་412ཡོད་པ་དེ་དུས་མཚུངས་དང་བསྡུར་ན་24.8%འཕར་ཡོད། ཉེས་དོན་ཁྲུན་གཅོད་བྱེད་སྟངས་ལ་དངོས་འབྲེལ་ནོར་འཁྲུལ་ཡོད་པར་བསྐྱར་གཏུག་བྱས་པའི་གྱོད་གཞི་ཁག་17ཡོད་པ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་བསྒྱུར་བ་དང་བསྐྱར་ཞིབ་ལ་ཕྱིར་སློག་བྱས་པའི་གྱོད་གཞི་ཁག་5ཡོད་པ་དེ་དུས་མཚུངས་དང་བསྡུར་ན་112.5%དང་25%སོ་སོར་འཕར་ཡོད། ཁྲིམས་བཅད་ཡང་དུ་བཏང་བ་དང་། དངོས་མིན་བཙོན་འགྲོལ་བཏང་བ། གནས་སྐབས་ཁྲིམས་བཅད་ཕྱི་འཁུར་བཅས་བྱས་པའི་གྱོད་གཞི་ཁག་2895ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཐག་གཅོད་བྱེད་རྒྱུ་འཚམ་པོ་མ་བྱུང་བའི་གྱོད་གཞི་ཁག་61ཡོ་བསྲང་བྱས་ཡོད། རྒྱུ་ནོར་གྱི་ཁྲིམས་ཆད་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བསམ་འཆར་ཁག་36བཏོན་ནས་དངུལ་སྒོར་ཁྲི་9.9ཡི་ཁྲིམས་ཆད་ལག་བསྟར་བྱེད་དུ་བཅུག་ཡོད། ལྷ་ས་བཙོན་ཁང་དང་། སྤོ་མེས་བཙོན་ཁང་། རང་སྐྱོང་ལྗོངས་ཀྱི་ནར་མ་སོན་པའི་མིའི་སློབ་འདོམས་ཁང་བཅས་སུ་སྐོར་སྐྱོད་ཞིབ་དཔྱོད་ཐེངས་དང་པོ་བྱས་ཏེ། ལྟ་སྐུལ་བསམ་འཆར་ཁག་56བཏོན་པ་མ་ཟད་བཙོན་ཁང་གི་གཙོ་འགན་སྡེ་ཚན་ལ་ཞིབ་དཔྱོད་གྲོས་འཆར་བཟོ་འགྲེམས་ཀྱང་བྱས་ཡོད།
དམངས་དོན་གྱི་ནུས་ཐོན་ཁྲུན་གཅོད་དང་། འདུམ་ཁྲ། འདྲི་གཅོད། ལག་བསྟར་བྱེད་སྒོ་བཅས་ལ་ལྟ་སྐུལ་ཤུགས་ཆེར་བཏང་སྟེ་དམངས་དོན་གྱི་ཞིབ་དཔྱོད་ལྟ་སྐུལ་བྱེད་རེ་ཞུས་པའི་གྱོད་གཞི་ཁག་212བདག་སྤྲོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན་190.4%འཕར་ཡོད། དམངས་དོན་འདྲི་གཅོད་བྱེད་སྒོའི་ཁྲིམས་འགལ་རིཌ་ལ་ལྟ་སྐུལ་ཡོ་བསྲང་དང་བསྐྱར་གཏུག་གྱོད་གཞི་ཁག་7ཡོད་པ་དེ་དུས་མཚུངས་དང་བསྡུར་ན་250%འཕར་ཡོད། མི་དམངས་ཁྲིམས་ཁང་གིས་བསྐྱར་ཞིབ་ཕྱིར་སློག་བྱས་པའི་གྱོད་གཞི་1ཡོད། ཁྲིམས་འཛིན་ཁྲུན་གཅོད་ཀྱི་དྲང་གཞག་རང་བཞིན་ལ་ལྟ་སྐུལ་དང་སྲུང་སྐྱོང་བྱས་ཏེ་ལྟ་སྐུལ་བྱེད་རེ་ཞུས་པའི་གྱོད་གཞི་ཁག་39ལ་ཁྲིམས་བཞིན་རྒྱབ་སྐྱོར་མི་བྱེད་རྒྱུའི་ཐག་བཅད་པ་དེ་དུས་མཚུངས་དང་བསྡུར་ན་116.7%འཕར་ཡོད། གདམ་གསེས་ངང་ལག་བསྟར་དང་ཁྱབ་ཁོངས་ལས་བརྒལ་ནས་བཀག་ཉར་སོགས་ཁྲིམས་འགལ་གྱིས་ལག་བསྟར་བྱས་པའི་གྱོད་གཞི་ཁག་7ལ་ལྟ་སྐུལ་ཡོ་བསྲང་བྱས་པ་དེ་དུས་མཚུངས་དང་བསྡུར་ན་36.4%ཆག་ཡོད། སྲིད་འཛིན་གྱི་ནུས་ཐོན་ཁྲུན་གཅོད་དང་། འདྲི་གཅོད། ལག་བསྟར་བྱེད་སྒོ དེ་བཞིན་སྲིད་འཛིན་གཏུག་བཤེར་མིན་པའི་ལག་བསྟར་བཅས་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་ཁྲུན་གཅོད་དང་ལེན་མི་བྱེད་པ་དང་སྲིད་འཛིན་ལག་བསྟར་བྱེད་སྒོ་ཁྲིམས་དང་འགལ་བའི་གྱོད་གཞི་ཁག་21གྱོད་ཞིབ་བྱས་པ་མ་ཟད། སྲིད་འཛིན་ལས་ཁུངས་ལ་འགན་འཁྲིའི་ལས་འགན་ཁག་308བསྒྲུབ་ཏུ་བཅུག་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་སྟངས་འཚམ་པོ་མ་བྱུང་བ་13ལ་ལྟ་སྐུལ་ཡོ་བསྲང་བྱས་པ་དེ་དུས་མཚུངས་དང་བསྡུར་ན་ལྡབ་20དང་། 22.7% 85.7%བཅས་སོ་སོར་འཕར་ཡོད། སྤྱི་བདེ་མངགས་གཏོང་ཁང་གི་སྲིད་འཛིན་ཁྲིམས་སྒྱུར་གྱོད་གཞི་ཁག་466ལ་ཞིབ་བསྡུར་བྱས་ནས་ཡོ་བསྲང་བྱེད་རྒྱུའི་བསམ་འཆར་ཁག་16བཏོན་ཡོད།
——ཁྲིམས་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་ལ་སྒྱུར་བཅོས་བྱེད་རྒྱུའི་བླང་བྱར་དམིགས་ཏེ་ཞིབ་དཔྱོད་ནུས་ཤུགས་བསྐྱར་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ། ཀྲུང་དབྱང་གི་སྒྱུར་བཅོས་དགོངས་དོན་དང་ས་གནས་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིབ་དཔྱོད་ལ་སྒྱུར་བཅོས་བྱེད་པ་ནི་བོད་ཀྱི་ཞིབ་དཔྱོད་ལས་དོན་དང་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་ངོ་བོ་གཅིག་མཚུངས་ངང་གོང་འཕེལ་བརྟན་འཁྱོངས་ཡོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་ཀྱི་དོན་དངོས་གནས་ཚུལ་མངོན་ཆེར་བཟུང་སྟེ་གོང་འཕེལ་གྱི་དཀའ་གནད་སེལ་བའི་དམིགས་བསལ་གྱི་བླང་བྱ་ཡང་ཡིན་པ་དེར་སྟངས་འཛིན་ཡང་དག་བྱས་ཤིང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགན་བགོས་ཇུས་གཞི་གཞིར་བཟུང་། སྒྱུར་བཅོས་ཀྱི་འགན་འཁྲིའི་ཡི་གེ་དང་། ལམ་ཐིག་རི་མོ། དུས་ཚོད་རེའུ་མིག དེ་བཞིན་ཞིབ་དཔྱད་བྱེད་ཆོག་པའི་གྲུབ་འབྲས་རྣམ་པ་བཅས་བཟོ་འབེབས་བྱས་པར་བརྟེན། ཞིབ་དཔྱོད་སྒྱུར་བཅོས་ཁག་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་ཡོད།
དཀའ་ངལ་ཁྱད་བསད་ཀྱིས་རྣམ་པ་ཀུན་གསར་ཡོང་བ་བྱེད་རྒྱུའི་ཞིབ་དཔྱོད་ཀྱི་ནང་བཙུགས་སྡེ་ཚན་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིབ་དཔྱོད་འགན་ནུས་དང་ཞིབ་དཔྱོད་ནུས་ཤུགས་ཀྱི་རྒྱུད་ཁོངས་རང་བཞིན་བསྐྱར་འཛུགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་ཀྱིས་ཞིབ་མཆན་གནང་བའི《བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འགན་ནུས་བགོ་སྒྲིག་དང་། ནང་བཙུགས་སྡེ་ཚན། མི་སྣའི་སྒྲིག་གྲངས་བཅས་ཀྱི་གཏན་འབེབས》གཞི་འཛིན་སར་བྱས་ཏེ། ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ནང་བཙུགས་སྡེ་ཚན་ལ་སྒྱུར་བཅོས་བྱེད་རྒྱུ་ལམ་ལྷོངས་བྱུང་བ་མ་ཟད། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་ཞིབ་དཔྱོད་ཁང་གི་ནང་བཙུགས་སྡེ་ཚན་སྒྱུར་བཅོས་བྱེད་རྒྱུའི་ལག་བསྟར་ཇུས་གཞི》གོང་འབུལ་ཞུས་པར་ཞིབ་མཆན་ཐོབ་པ་དང་། གྲོང་ཁྱེར་དང་རྫོང་ཞིབ་དཔྱོད་ཀྱི་ནང་བཙུགས་སྡེ་ཚན་གྱི་འགན་ནུས་དང་མི་སྣ་སྒྲིལ་སྤྱོད་དང་། ལས་སྒོའི་ལས་དོན་མཉམ་འདྲེས། ལམ་སྲོལ་གྱི་བརྒྱུད་རིམ་འབྲེལ་མཐུད་བཅས་ཁྱབ་འགོད་བྱེད་བཞིན་ཡོད། ཁྲིམས་འཛིན་སྒྲིག་སྲོལ་ལ་ཕྱོགས་བསྡུས་ཚང་སྒྲིག་ངང་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ལྟེ་བར་བྱེད་པའི་ཞིབ་དཔྱོད་དཔོན་གྱི་མི་གྲངས་ལ་འགྱུར་ལྡན་དོ་དམ་དང་། ཞིབ་དཔྱོད་མི་སྣར་རིགས་དབྱེ་དོ་དམ། ལས་རིགས་འགན་སྲུང་། ལས་རྗེས་དཔྱད་ཞིབ། འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྒྲིག་གྲངས་དཀོན་པའི་དོན་དངོས་ལ་དམ་པོར་དམིགས་ཏེ། གདན་ཞུའི་ལམ་ལུགས་ཀྱི་ཁྲིམས་སའི་དྲུང་ཡིག་བསྡུ་འཇུག་ལམ་ལུགས་ལ་སྒྱུར་བཅོས་བྱེད་པར་སྐུལ་འདེད་ཤུགས་ཆེ་བཏང་ཐོག གདན་ཞུའི་ལམ་ལུགས་ཀྱི་ཁྲིམས་སའི་དྲུང་ཡིག་180ཚང་མ་གྱོད་ཞིབ་ཀྱི་འཐབ་ས་དང་པོའི་ལས་གནས་ཐོག་བཀོད་སྒྲིག་བྱས་ནས་ཞིབ་དཔྱོད་ལས་དོན་བསྒྲུབ་རྒྱུར་རམ་འདེགས་བྱས་ཡོད། ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཞིབ་དཔྱོད་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་དང་གཙོ་རྒྱུ་ཡོངས་རྫོགས་དོ་བདག་དང་སྤྱི་ཚོགས་ལ་གྱོད་གཞི་ཁག་3697དང་། བཅའ་ཁྲིམས་ཀྱི་ཡིག་ཆ་དང་གནད་ཆེའི་གྱོད་གཞིའི་ཆ་འཕྲིན་ཁག་1422ཀྱི་ཁྲིམས་བཞིན་ཁྱབ་བསྒྲགས་བྱས་པས་སྦུག་མཐུན་གཡོ་སྒྱུར་བྱེད་ཐབས་མེད་པ་དང་ཁྲིམས་འཛིན་གྱི་རུལ་སུངས་བྱ་ཡུལ་མེད་པ་བཟོས་ཡོད།
སྲིད་ཁྲིམས་ཁྱབ་ཁོངས་སྒྱུར་བཅོས་བྱེད་པའི་དུས་བབ་གསར་པ་དང་། དུས་མཚམས་གསར་པ། ཁྱད་ཆོས་གསར་པ་བཅས་ལ་སྟངས་འཛིན་ནན་པོ་བྱས་ཏེ། མིག་སྔའི་སྒྱུར་བཅོས་ཀྱི་ཁོངས་གཏོགས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། མཉམ་ལས་རང་བཞིན་བཅས་དེ་བས་མངོན་གསལ་དོད་པའི་དོན་དངོས་ལ་གཞིགས་པ་དང་། ཞིབ་དཔྱོད་ལས་དོན་ཁྱབ་ཁོངས་ཀྱི་སྤྱི་ཡོངས་རང་བཞིན་དང་། རྨང་གཞིའི་རང་བཞིན། འགག་རྩའི་རང་བཞིན་བཅས་ཀྱི་གལ་ཆེའི་གནད་དོན་ལ་དམིགས་ནས། སྲིད་ཁྲིམས་ཁྱབ་ཁོངས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་ཞིབ་དཔྱོད་དོན་གནད་ཀྱི་སྤྱིའི་ཇུས་འགོད་དང་བྱེད་ཐབས་སྒྲིལ་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱེད་རྒྱུ་དེ“ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཚགས་ཚུད་དུ་གཏོང་བའི”ཁྲོད་ཀྱི་གྲུབ་ཆའི་གཙོ་རྒྱུའི་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ཏེ། ལྗོངས་ཡིག་འབུལ་ཞུ་བཅར་ཅུས་དང་མཉམ་དུ《ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལ་ལྟ་སྐུལ་གྱི་ལས་དོན་གཉིས་སྦྲེལ་མཐུད་དང་གཞོགས་འདེགས་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས(ཚོད་ལྟར་སྤྱོད་རྒྱུ)》ལ་མིང་རྟཌ་བཀོད་པ་མ་ཟད། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱས་ནས་རིགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་འཚམ་པོ་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་རམ་འདེགས་བྱས་ཡོད། དེང་རབས་ཚན་རྩལ་བེད་སྤྱོད་ལ་བརྟེན་ནས་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ཐབས་དང་ཞིབ་དཔྱོད་ལས་དོན་གྱི་ལས་རྣམ་ལ་འགྱུར་ལྡོག་གཏིང་ཟབ་ཡོང་བར་སྐུལ་ཁྲིད་བྱེད་པའི་གཙོ་རྒྱུའི་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ཏེ། “ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བློ་རིག་ཞིབ་དཔྱོད་ལས་དོན་གྱི་རྒྱུད་ཁོངས་བེད་སྤྱོད་བྱེད་པའི་དཔེ་མཚོན་གྱི་གྱོད་དཔེ་ཆེན་པོ་བཅུ་འཚོལ་བསྡུ་དཔྱད་འདེམས”བྱེད་རྒྱུ་དེས་ལམ་སྲོལ་གྱི་འདེགས་སྐྱོར་བྱས་ཐོག འོག་ནས་གོང་དུ་སྤེལ་རྒྱུར་བཀོད་སྒྲིག་བྱས་པའི་གྲོང་ཁོངས་ཀྱི་ལག་ལེན་ཐོག་འགག་སྒྲོལ་འཚོལ་ཞིབ་བྱས་པ་དང་། “བློ་རིག་ནུས་འདོན་གྱི་ཞིབ་དཔྱོད”ཡོང་གང་ཐུབ་ཀྱིས་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་ལ་འགྱུར་ལྡོག་དང་། ལས་ཕྱོད་ལ་འགྱུར་ལྡོག འགུལ་ཤུགས་ལ་འགྱུར་ལྡོག་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
——དུས་རབས་གསར་པའི་ཏང་འཛུཌ་སྐྱོང་གི་སྤྱིའི་བླང་བྱར་དམིགས་ཏེ། ཞིབ་དཔྱོད་དཔུང་ཁག་འཛུཌ་སྐྱོང་བྱེད་ཤུཌ་ཆེ་རུ་བཏང་བ། ཞིབ་དཔྱོད་དཔུང་ཁག་ནི་ཞིབ་དཔྱོད་ལས་སྒོའི་ཐོན་རྫས་ཀྱི་མཁོ་འདོན་བྱེད་པོའི་ངོས་ནས་དེར་ཉག་གཅིག་རང་བཞིན་དང་གདམ་གསེས་མེད་པའི་ཁྱད་རྟགས་ཡོད་པར་སྟངས་འཛིན་གཏིང་ཟབ་བྱས་ཐོག གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིཌ་ཅན་བཅས་ལ་འགྱུར་བ་བྱ་རྒྱུའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། “འགྱུར་མེད་བཞིའི”གངས་ལྗོངས་ཀྱི་ཞིབ་དཔྱོད་དཔུང་ཁག་གཏོད་རྒྱུར་ཤུཌ་བརྒྱབ་པ་མ་ཟད། ཞིབ་དཔྱོད་གོང་འཕེལ་གཏོང་བའི་ཁྲོད་ཀྱི་འགག་རྩའི་གཙོ་རྒྱུའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།
ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཞིབ་དཔྱོད་ལས་དོན་ནི་ཆབ་སྲིད་རང་བཞིན་ཤུགས་ཆེ་ལྡན་པའི་ལས་སྒོའི་ལས་དོན་ཞིག་ཡིན་ལ། ལས་སྒོའི་རང་བཞིན་ཤུགས་ཆེ་ལྡན་པའི་ཆབ་སྲིད་ཀྱི་ལས་དོན་ཞིག་ཀྱང་ཡིན་པའི”གོ་དོན་ཟབ་མོ་ཡང་དག་ཁོང་དུ་ཆུད་པ་བྱས་ཐོག ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱེད་པའི་ཕུགས་ཕན་གྱི་དམིགས་ཚད་དང་དུས་མཚམས་རང་བཞིན་གྱི་ལས་འགན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་ལས་སྒོའི་འཛུགས་སྐྱོང་གི་ནང་གནས་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཞིབ་དཔྱོད་ལས་ཁུངས་རང་ཉིད་དྭངས་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ཉིད་མཐོར་འདེགས་བཅས་རང་ཉིད་ཀྱི་གསར་བརྗེར་བརྟེན་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱི་ནང་གནས་གོང་འཕེལ་གཏོང་ཤུགས་མི་འདང་བ་དང་རང་ཉིད་གོང་འཕེལ་གཏོང་ནུས་ཆེན་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞིབ་དཔྱོད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཡོད། མི་སྣ་འདེམས་སྤྱོད་བྱེད་རྒྱུར་ཁྲིད་སྟོན་ཡང་དག་བྱས་ཤིང་། ཆབ་སྲིད་ཀྱི་ཚད་གཞི་མངོན་ཆེར་བཟུང་ནས་ལས་བྱེད་པ་འདེམས་སྤྱོད་ནན་པོ་བྱས་ཐོག འགོ་ཁྲིད་ཚན་ཁག་གི་གོང་བུ་སྒྲིལ་ཤུཌ་དང་། འཐབ་འཛིང་བྱེད་ཤུཌ། གསར་གཏོད་བྱེད་ཤུཌ་བཅས་ཆེ་རུ་འགྲོ་རྒྱུར་ཤུགས་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པས་ལས་དོན་སྒྲུབ་འདོད་ཡོད་ལ་དངོས་འབྲེལ་སྒྲུབ་པའི་རང་རྟོཌ་དང་། ལས་དོན་སྒྲུབ་མཁས་ལ་སྒྲུབ་ཐུབ་པའི་འཇོན་ཐང་ཡང་ལྡན་པ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།
ཆེད་ལས་ནུས་པ་འཛུཌ་སྐྱོང་གིས་རྨང་གཞི་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། དངོས་འཐབ་དང་། དངོས་སྒྲུབ། དངོས་སྤྱོད་བཅས་ཀྱིས་ཁྲིད་ཕྱོཌ་མངོན་ཆེར་བཟུང་བ་དང་། ཆེད་ལས་ཅན་གྱི་བླང་བྱ་དང་འཚམ་པའི་སློབ་གསོ་སྦྱོང་བརྡར་དང་དོ་དམ་བྱེད་རྣམ་གསར་པ་འཚོལ་ཞིབ་དང་། སྒོ་དབྱེ་དང་། བསྟུན་མཁས། མཉམ་སྤྱོད་བཅས་ཀྱི“དྲ་རྒྱ་+”སྦྱོང་བརྡར་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། སྦྱོང་བརྡར་འཛིན་གྲྭ་ཐེངས་90སྒྲིག་འཛུཌ་བྱས་པར་མི་ཐེངས་9795ལ་སྦྱོང་བརྡར་སྤྲད་ཡོད། “ཞིབ་དཔྱོད་ལན་འདེབས་དྲ་རྒྱའི”སློབ་སྦྱོང་ལས་སྟེཌ་ཐོག་ནས་ཆེས་མཐོའི་ཞིབ་དཔྱོད་ཁང་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁང་། ལྗོངས་ཞིབ་དཔྱོད་ཁང་རིཌ་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཅས་ཀྱི་བློ་འདྲིའི་བསམ་འཆར་གྱི་རིག་ནུས་ལ་བརྟེན་ནས་ཞིབ་དཔྱོད་ཀྱི་ལྟ་སྐུལ་བྱེད་ནུས་དང་ཆེད་ལས་ཀྱི་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། དམངས་དོན་གྱི་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞིའི་རིཌ་གཅིག་མཁས་ཅན་གྱི་བློ་འདྲི་དང་རིཌ་སྒྲུབ་ཚོཌ་འདུ་ཐེངས་དང་པོ་སྐོང་འཚོག་བྱེད་རྒྱུའི་སྒྲིག་འཛུཌ་བྱས་ཏེ། རེ་ཞུ་བྱས་པའི་ལྟ་སྐུལ་གྱོད་གཞིའི་རྩོད་གླེང་ཆེ་ས་དང་། བཅའ་ཁྲིམས་ཀྱི་འབྲེལ་བ། དཔང་རྟཌ་ཁོང་ཆུད། བཅའ་ཁྲིམས་སྤྱོད་འཐུས་སོཌ་ཀྱི་གྱོད་གཞི་ཁག་4བསྐྱར་གཏུག་བྱས་པར་རིཌ་སྒྲུབ་བྱས་ཡོད།
སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་གིས་འགན་སྲུང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཚམས་མེད་རྒྱུན་སྒྲུབ”བྱེད་པའི་ཏང་དོ་དམ་ནན་པོ་དང་ཞིབ་དཔྱོད་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་བྱས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་ལ་འགོག་རྐྱེན་བཟོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཡོད། ཞིབ་དཔྱོད་མི་སྣའི་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ལ་དུས་བཀག་ལྟར་ཞིབ་དཔྱོད་དང་། དབྱེ་ཞིབ། བརྡ་ཁྱབ་བཅས་བྱེད་པའི་ལམ་ལུགས་བཟོས་ཏེ། ལྟ་སྐུལ་སྒྲིག་སྒྱུར་གྱི“རྣམ་པ་བཞིར”བརྟེན་ནས་སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་བཏང་ཐོག མི་29ལ་ཁྲིམས་ཆད་བཅད་པ་དང་། “རྣམ་པ་བཞིའི”བསྡུར་ཚད་ནི་55.3:17.2:10.3:17.2ཡིན་ཞིང་། བོད་ཀྱི་རང་བྱུང་ཁོར་ཡུག་དམིཌ་བསལ་ཡིན་ནའང་ཏང་ནན་པོས་སྐྱོང་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་དམིཌ་བསལ་རང་བཞིན་གང་ཡང་མེད་པའི་ཉེན་བརྡ་བཏང་ཡོད། ཁོངས་གཏོཌ་ནང་ཁུལ་དུ་ཆབ་སྲིད་སྐོར་ཞིབ་བྱེད་པའི“རལ་གྲིའི”ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། ལྷ་ས་དང་ཆབ་མདོ་གྲོང་ཁྱེར་རིམ་པའི་ཞིབ་དཔྱོད་ཁང་2དང་གཞི་རིམ་ཞིབ་དཔྱོད་ཁང་17གྱི་ཏང་ཙུའུ་དང་དེ་བཞིན་ལྗོངས་ཞིབ་དཔྱོད་ཁང་གི་ནང་བཙུཌ་སྡེ་ཚན་2ཀྱི་གཞི་རིམ་ཏང་རྩ་འཛུཌ་ལ་སྐོར་ཞིབ་བཅོས་སྒྲིག་བྱེད་པའི“མཇུག་མཐའི་ལས་ཀ”ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་དང་ཐེག་པ་ཁུར་ལེན་ཕོད་པའི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་གཏོད་གང་ཐུབ་བྱས་ཡོད།
གཞི་རིམ་གྱི་རྨང་གཞི་དམ་འཛིན་ལྷོད་མེད་བྱ་རྒྱུ་དེས་འཛིན་ཕྱོགས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ལྗོངས་ཞིབ་དཔྱོད་ཀྱི་ལས་དོན་འཕེལ་རྒྱས་འགྲོ་བར་ཕྱི་རོལ་ཆ་རྐྱེན་གྱི་ཚད་བཀག་ཡོད་ལ་འཕེལ་རྒྱས་འགྲོ་བར་དུས་མཚམས་རང་བཞིན་གྱི་ཚོད་འཛིན་ཡང་ཡོད་པའི་དོན་དངོས་དེར་དམིགས་ནས། སྙིང་སྟོབས་ཆེར་སྐྱེད་ཀྱིས་མིག་སྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སེམས་རྣལ་དུ་ཕབ་པ་དང་དོ་དོ་ཏན་ཏན་ངང་གཞི་རིམ་དམ་འཛིན་དང་། རྨང་གཞི་འདིང་བ། ཡུན་རིང་བརྟན་འཁྱོངས་བཅས་ཡོང་བ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་པ་མ་ཟད། ཞིབ་དཔྱོད་ནུས་ཤུགས་ཀྱི་ཐོན་ཁུངས་བགོ་སྒྲིག་བྱེད་སྟངས་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད། ལས་དོན་སྒྲུབ་སེམས་ཡོད་པ་དང་། ལས་དོན་སྒྲུབ་ནུས་ཡོད་པ། ལས་དོན་སྒྲུབ་ཐུབ་པ། གནས་ཚུལ་མི་ཐོན་པ་བཅས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་ལ་འཕར་གཟིགས་བྱེད་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མངོན་ཆེར་བཟུང་བ་དང་། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེ་བྱེད་པའི་འཛིན་ཕྱོགས་ཤིག་ཆགས་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་དངོས་ཡོད་ནུས་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་གསོན་ཤུགས་འཕེལ་ཐུབ་པ་བཅས་བྱས་ནས་དཀའ་ཚེགས་ཆེ་ཞིང་ས་ཐག་རིང་བའི་ས་ཁུལ་གྱི་ཞིབ་དཔྱོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་ཡོད། ནག་ཆུ་དང་མངའ་རིས་སོགས་དཀའ་ཚེགས་ཆེ་ལ་ས་ཐག་རིང་བ་དང་ས་ཁད་མཐོ་བའི་ས་ཁུལ་གྱི་གཞི་རིམ་ཞིབ་དཔྱོད་ལས་ཁུངས་འཛུགས་སྐྱོང་དང་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། མངོན་ཆེའི་གནད་དོན་དང་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པར་རྒྱུན་མཐུད་རོགས་རམ་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་ཞིབ་དཔྱོད་ལས་དོན་ཕྱོཌ་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བ་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོའི་གྲངས་གཞི་མཐའ་དཔྱོད་མཉམ་གྲོས་ཀྱི་མཛུབ་ཁྲིད་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། གྲངས་གཞིའི་ཐོག་ནས“སྐད་ཆ་ཤོད་པའི”བྱ་ཐབས་སྤྱད་དེ་ཞིབ་དཔྱོད་ཀྱི་གཙོ་རྒྱུའི་ཐོན་ཁུངས་བགོ་སྒྲིག་ནུས་ལྡན་བྱེད་པར་ཁྲིད་སྟོན་བྱས་ཐོག ལས་སྒོ་འཕེལ་རྒྱས་གཏོང་བའི་ཆད་སྐྱོན་དང་ཞན་ཆ། དེ་བཞིན་ལས་ཀའི་ཤུགས་རྒྱག་ས་འཚོལ་ཞིབ་གནད་འཁེལ་བྱེད་པར་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་། ལས་སྒོའི་མཛུབ་ཁྲིད་ཀྱི་དམིགས་བསལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་ཕྱིར་རྨང་གཞིའི་འགན་སྲུང་བྱས་ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་དབང་ཆའི་ལས་ཁུངས་ཀྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ཐོག ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཅུ་གཅིག་པའི་ཚོཌ་འདུ་ཐེངས་གཉིས་པའི་གྲོས་ཆོད་དང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་སྐོར་གྱི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་མི་ཐེངས་342ལ་རང་འགུལ་ངང་འདྲི་རྟོག་དང་། དཔྱད་གཞིའི་ཡིག་ཆ་ཁག་1940ལྷག་ཙམ་དཔྱད་གཟིཌ་སུ་མཁོ་འདོན། འཐུས་མི་དང་ཨུ་ཡོན་མི་ཐེངས་1394ཞིབ་དཔྱོད་ལས་དོན་ལ་རྟོག་ཞིབ་བྱེད་པར་གདན་ཞུ་བཅས་བྱས་ཡོད། “ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་སྟེ། མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ངལ་རྩོལ་དཔེ་བཟང་བ། དམངས་གཉེར་ཁེ་ལས་མཁས་ཅན། དེ་བཞིན་ལས་རིཌ་ཁག་གི་མི་སྣ་བཅས་མི་གྲངས་3856རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད་ནས་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་ཤེས་རྟོཌ་བྱས་པར་བརྟེན། ཞིབ་དཔྱོད་ལས་ཀའི་གསལ་ཆ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།
འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་བོད་ལྗོངས་ཞིབ་དཔྱོད་ལས་དོན་གྱི་གནས་རིམ་དམའ་བ་དང་། ཞིབ་ཆ་མེད་པ། གཞན་ལ་བརྟེན་པ་བཅས་ཀྱི་མངོན་ཆེའི་ཁྱད་རྟཌ་ལ་སྟངས་འཛིན་ནན་པོ་བྱས་ཏེ། ཞིབ་དཔྱོད་བོད་སྐྱོར་གྱི་འཐབ་ཇུས་དོན་འཁྱོལ་དུས་རབས་གསར་པའི་བོད་ལྗོངས་ཞིབ་དཔྱོད་ལས་དོན་ཕྱོཌ་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་གཏོང་རྒྱུའི་གཞི་རྩའི་མཛད་ཇུས་ཤིག་ལ་བརྩིས་ཐོག ལོ་འཁོར་སྙན་ཞུའི་ལམ་ལུཌ་བཙུགས་ནས་རོཌ་སྐྱོར་ལས་དོན་གྱི་སྤུས་འབྲས་མཐོ་རུ་བཏང་བ་དང་། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་6གི་ཅན་ཁྲ་ཀྲང་བོད་དུ་བོད་སྐྱོར་ལས་དོན་སྦྲེལ་མཐུད་ལ་ཡོང་ནས་རོཌ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་4309ཐག་གཅོད་བྱས་ནས་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་རང་ཉིད་འཕེལ་རྒྱས་འགྲོ་བའི་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེཌ་བྱས་ཡོད། དམག་དཔུང་དང་ས་གནས་ཞིབ་དཔྱོད་ཀྱིས་གྱོད་ཞིབ་མཉམ་སྒྲུབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་དམག་དཔུང་དང་འབྲེལ་བ་ཡོད་པའི་ས་ཞིང་གི་སྤྱི་ཕན་སྲུང་སྐྱོང་སྐོར་གྱི་གྱོད་གཞི་ཐོག་མ་དེ་མཉམ་དུ་གྱོད་ཞིབ་བྱས་པས་དམག་མིའི་ཁེ་ཕན་དང་རྒྱལ་སྲུང་ཁེ་ཕན་ལ་ཞབས་ཞུ་འགན་སྲུང་བྱེད་པའི་ཐད་འཕེལ་རིམ་གསར་པ་བྱུང་ཡོད།
འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ནེ་པ་ལ་དང་ས་མཚམས་འབྲེལ་བའི་ས་བབ་ཀྱི་ལེཌ་ཆ་འདོན་སྤེལ་གང་ལེཌ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་གཏོད་དང་ནེ་པ་ལའི་སྤྱི་ཁྱབ་ཅན་ཁྲ་ཀྲང་འཚམས་འདྲིར་ཡོང་བ་དེ་གོ་སྐབས་སུ་བཟུང་ནས་ཞིབ་དཔྱོད་ཕྱི་འབྲེལ་གྱི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མིང་རྟཌ་བཀོད་པའི་ཀྲུང་ནེ་ཉེས་དོན་ཁྲིམས་འཛིན་རོཌ་སྐྱོར་ཆིངས་ཡིག་དང་རྒྱལ་ཁབ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི《མཉམ་ལས་བསམ་ཤེས་དྲན་ཐོ》དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། “ཀྲུང་ནེ་ཞིབ་དཔྱོད་ལས་དོན་གྱི་མཉམ་ལས་སྤེལ་རེས་གླེང་སྟེཌ”རེས་མོས་གཉེར་རྒྱུའི་ལམ་སྲོལ་དང་མཐའ་མཚམས་ཞིབ་དཔྱོད་ལས་ཁུངས་ཀྱི་ཐུགས་འཕྲད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོཌ་ལ་ལས་དོན་གྲོས་མོལ་དང་མཉམ་ལས་སྤེལ་རེས་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་པར་བརྟེན། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་རྒྱུ་དང་། ཕྱོགས་གཉིས་པོའི་ས་མཚམས་འབྲེལ་བའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུཌ་སྣོན་རྒྱག་རྒྱུའི་བར་མཐོངས་རྒྱ་སྐྱེད་བཏང་ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་ཞིབ་དཔྱོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་ལས་བྱུང་བ་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ཞིབ་དཔྱོད་མི་སྣ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་པའི་མངོན་ཚུལ་ཞིག་ཀྱང་ཡིན། དུས་རབས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་ཚད་འཛིན་སར་བལྟས་ན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ལ་ད་དུང་ཐག་གཅོད་་དགོས་ངེས་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད་པ་སྟེ། གཅིག་ནི་ཏང་གི་ཆབ་སྲིད་འཛུཌ་སྐྱོང་གིས་ཞིབ་དཔྱོད་ལས་དོན་ལ་སྤྱི་འདོམས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོཌ་སྔར་བས་ཤུཌ་ཆེར་གཏོང་དགོས་པ་དང་། གཉིས་ནི་ཞིབ་དཔྱོད་ཀྱི་མཁོ་འདོན་ཕྱོཌ་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་ལ་བརྟེན་ནས་ས་གནས་བཅོས་སྐྱོང་ནུས་ཕྱོད་ཆེར་གཏོང་ལ་སྤུས་ལེགས་ནུས་ཆེའི་ཞིབ་དཔྱོད་ཐོན་རྫས་མཁོ་འདོན་ཧུར་ཐག་བྱེད་དགོས་པ། གསུམ་ནི་ཁྲིམས་འཛིན་སྒྲིག་སྲོལ་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་སྒྱུར་བཅོས་གཏིང་ཟབ་བྱས་པར་བརྟེན་ནས་ཞིབ་དཔྱོད་དཔུང་ཁག་དང་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་བྱེད་རྒྱུར་ད་དུང་སེལ་དགོས་ངེས་ཀྱི་དཀའ་གནད་མང་དག་ཅིག་འཕྲད་པ། བཞི་ནི་དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་དང་ཞིབ་དཔྱོད་ལས་དོན་མཉམ་འདྲེས་ཟབ་མོ་ཡོང་བར་བརྟེན་ནས་ལས་ཀའི་ཞན་ཆ་གསབ་རྒྱུར་ད་དུང་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཡིན། གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་མ་ཟད་མུ་མཐུད་ལེགས་བཅོས་ཀྱང་བྱེད་རྒྱུ་ཡིན།
2020ལོའི་ལས་འགན་གཙོ་བོ།
2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ལས་ལོ་བརྒྱ་དང་པོའི་འབད་འཐབ་དམིཌ་ཚད་མངོན་གྱུར་ཡོང་བའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཡང་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་དང་སྲིད་ཁྲིམས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་ཀྱི་བླང་བྱར་དམིགས་ཏེ། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུའི་འཕེལ་རིམ་ཁྲོད་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་དེ་བས་ལེགས་པའི་ཞབས་ཞུ་དང་འགན་སྲུང་བྱེད་རྒྱུ་ཡིན།
——ཞིབ་དཔྱོད་ལས་ཁུངས་ཀྱི་ཆབ་སྲིད་རང་བཞིན་ནི་ངོ་བོ་ཨང་དང་པོ་ཡིན་པ་མངོན་ཆེར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུཌ་སྐྱོང་ལ་ཤུཌ་སྣོན་རྒྱག་རྒྱུ་དེ་ལུས་བདེ་སྟོབས་རྒྱས་ཡོང་བའི་རྩ་བའི་འགན་ལེན་དང་ཆབ་སྲིད་ཀྱི་སྐྱོན་ཟོན་ནུས་པ་ཆེ་རུ་གཏོང་རྒྱུའི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩིས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཡོངས་ལ་མཉམ་འདྲེས་ཟབ་མོ་དང་ཞབས་ཞུ་འགན་སྲུང་གནད་འཕིཌ་དང་། དེ་བཞིན་ལྟ་སྐུལ་ཕོད་པ་དང་། ལྟ་སྐུལ་མཁས་པ། ཁྲིམས་བཞིན་ལྟ་སྐུལ། ཚད་ལྡན་ལྟ་སྐུལ་བཅས་ཀྱི་འགན་འཁྲི་ཁུར་ནས་ཞིབ་དཔྱོད་ཀྱི་ཆབ་སྲིད་ཚུགས་གནས་མངོན་པར་བྱས་ཐོག ཡིན་མིན་ཆེན་པོའི་གནད་དོན་ཐད་དར་ཆ་གསལ་སྟོན་དང་། རལ་གྲི་ཤོམ་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱེད་རྒྱུ།
——ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས“མཚན་སྲུང་བའི”འགན་འཁྲིའི་ངེས་གནས་མངོན་ཆེར་བཟུང་སྟེ། “ཁྲིམས་འཛིན་དྲང་གཞག་ཡོང་བ་བྱེད་རྒྱུ་ནི་འགྱུར་མེད་ཀྱི་དགོས་མཁོ”ཡིན་པའི་བླང་བྱར་དམིཌ་ནས་ཞིབ་དཔྱོད་ཀྱི་ཐོན་རྫས་ཕྱོགས་ཡོངས་དང་། མཐུན་སྦྱོར། འདང་ངེས་བཅས་མཁོ་འདོན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུཌ་རྒྱུན་འཁྱོངས་བྱས་ཐོག ཕྱོཌ་ཡོངས་ནས་ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ཞིབ་དཔྱོད་ཐོན་རྫས་ཀྱི“མཁོ་འདོན་ཕྱོགས”དེ“མཁོ་དགོས་ཕྱོགས”དང་འཚམ་མཐུན་བྱུང་མིན་དང་། མཁོ་འདོན་གྱི་གཞི་ཁྱོན་དང་དགོས་མཁོའི་སྤྱི་འབོར་སྙོམ་སྒྲིག་བྱུང་མིན་གྱི་ཐོག་ནས་ཞིབ་དཔྱོད་ཐོན་རྫས་མཁོ་འདོན་ཕྱོཌ་ཀྱི་གནད་དོན་ལ་ཞིབ་དཔྱད་བྱེད་རྒྱུ། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཞིབ་དཔྱོད་ཆེན་པོ་བཞིའི”ལྟ་སྐུལ་གནས་སྟངས་ཀྱི་འགྱུར་ལྡོག་དེ་མི་དམངས་མང་ཚོཌ་ཀྱི་ཕྱོཌ་རིམ་མང་བ་དང་། ཁྱབ་ཁོངས་མང་བ། སྣ་མང་ཅན་བཅས་ཀྱི་ཁྲིམས་སྐྱོང་དགོས་མཁོ་དང་འཚམ་མཐུན་བྱུང་ཡོད་མེད་ཀྱི་ཐོག་ནས་ཞིབ་དཔྱོད་ལས་སྒོའི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་བྱེད་པའི་ཕན་ནུས་འདྲི་རྩད་བྱས་ཏེ། མི་དམངས་ཀྱི་རེ་འདོད་མངོན་གྱུར་གང་ཐུབ་ཡོང་བར་ཤུཌ་རྒྱག་རྒྱུ།
——ཞིབ་དཔྱོད་སྒྱུར་བཅོས་ཀྱིས་འཕེལ་རྒྱས་འགུལ་ཤུཌ་ལ་འདེགས་སྐྱོར་བྱེད་ནུས་མངོན་ཆེར་བཟུང་སྟེ། ཞིབ་དཔྱོད་ལམ་ལུགས་ཀྱི་ནུས་ཕྱོད་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་མངོན་ཆེའི་གནད་དོན་རྒྱུན་མཐུད་སེལ་ཐབས་བྱེད་རྒྱུར་དམིགས་ནས་བསམ་གཞིག་གི་ངེས་ཚུལ་དང་། སྤྱོད་ཚུལ་གྱི་བྱེད་ལུགས། ལས་ཀའི་རྣམ་པ། ཐབས་ལམ་གྱི་རྒྱབ་རྟེན་བཅས་འཚམ་པོ་མེད་རིཌ་ཀྱི་ཁྲོད་ནས་རང་འགུལ་ངང་བཅིངས་འགྲོལ་ཐོབ་པ་བྱས་ཏེ། ཞིབ་དཔྱོད་ལས་དོན་ཕྱོཌ་སྒྱུར་དང་གསར་གཏོད་ངང་འཕེལ་རྒྱས་འགྲོ་བར་བྱེད་ནུས་གསར་པ་རྒྱུན་ཆད་མེད་པར་ཐོན་པ་བྱེད་རྒྱུ། གྲོང་ཁྱེར་དང་རྫོང་ཞིབ་དཔྱོད་ལས་ཁུངས་ཀྱི་ནང་བཙུཌ་སྡེ་ཚན་ལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། ཞིབ་དཔྱོད་ཀྱི་ལྟ་སྐུལ་ནུས་པ་དང་། གྱོད་ཞིབ་ཀྱི་སྤུས་ཚད་ལས་ཕྱོད། ཆེད་ལས་ཅན་འཛུཌ་སྐྱོང་བཅས་ཀྱི་བསྐྱར་འཛུཌ་རང་བཞིན་ལ་འགྱུར་ལྡོག་བཏང་ནས་ཞིབ་དཔྱོད་ལས་ཀའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། “བློ་རིག་ནུས་འདོན་གྱི་ཞིབ་དཔྱོད”ལ་སྐུལ་འདེད་ཤུཌ་ཆེ་བཏང་སྟེ། དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་བྱེད་རྒྱུ་དེ་ཞིབ་དཔྱོད་འཕེལ་རྒྱས་ཀྱི“འགན་སྲུང་རྒྱུ་རྐྱེན”ནས“ཐོན་སྐྱེད་གཙོ་རྒྱུའི”ཕྱོཌ་སུ་བསྒྱུར་བ་དང་སྦྲགས། ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉིད་གསར་བརྗེ་བྱེད་ནུས་ཆེ་རུ་གཏོང་བའི་གལ་ཆེའི་མངོན་ཚུལ་ཞིག་ཏུ་འགྱུར་བ་བྱས་ཏེ། ཞིབ་དཔྱོད་ལྟ་སྐུལ་བྱེད་རྣམ་གསར་སྒྱུར་དང་། ཞིབ་དཔྱོད་ནུས་ཤུཌ་གསར་སྒྱུར། ཞིབ་དཔྱོད་ལས་དོན་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་རྒྱུ།
——ཞིབ་དཔྱོད་དཔུང་ཁག་གིས་སྒྲིག་འཛུཌ་ལ་འགན་སྲུང་བྱེད་ནུས་མངོན་ཆེར་བཟུང་སྟེ། གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིཌ་ཅན་བཅས་ལ་འགྱུར་བར་བྱེད་རྒྱུ་ཁ་ཕྱོཌ་སུ་བཟུང་ནས་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་སྤྲོད་ཤུཌ་ཆེ་རུ་བཏང་ཐོག བོད་ལྗོངས་ཞིབ་དཔྱོད་ཀྱི་བློ་རིག་དང་ནུས་ཤུཌ་གཅིག་ཏུ་སྒྲིལ་རྒྱུར་གསོན་ཤུཌ་གསར་པ་སྣོན་རྒྱུ། ཕྱོཌ་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཞིབ་དཔྱོད་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག དོ་དམ་ནན་པོ་བྱེད་པ་ནི་བརྩེ་སེམས་ཟབ་མོ་ཡིན་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུཌ་ལ་སྒྱུར་བཅོས་བྱས་རྗེས་ཁྲིམས་འཛིན་དབང་ཆ་སྤྱོད་སྟངས་ལ་འགྱུར་བ་ཆེན་པོ་སོང་བ་དང་། ཞིབ་དཔྱོད་དཔོན་གྱི་གྱོད་ཞིབ་རང་གཅོད་དབང་ཆ་ཆེ་རུ་སོང་རྐྱེན་སྲིད་གཙང་ཉེན་ཁའི་གནད་དོན་མང་དུ་འགྲོ་བར་དམིགས་ནས་ལྟ་སྐུལ་སྒྲིག་འཛིན་གྱི་འགན་འཁྲི་རྩད་གཅོད་བྱེད་ཤུཌ་ཆེ་རུ་བཏང་སྟེ། ཏང་ཐུགས་བློ་བདེ་པོ་དང་། མི་དམངས་བློ་ཡིད་ཚིམ་པོ། ལྷག་བསམ་རྣམ་དག་དང་བློས་འཁེལ་ཐུབ་པ། སྤྱོད་གཙང་གཞུང་དྲང་བཅས་ཡིན་པའི་ཞིབ་དཔྱོད་པའི་དཔུང་ཁག་ཅིག་གང་ཐུབ་ཀྱིས་འཛུགས་སྐྱོང་བྱེད་རྒྱུ།
འཐུས་མི་རྣམ་པ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་ཉིད་གསར་བརྗེ་བྱེད་པར་འབད་འཐབ་ལྷོད་མེད་བྱས་ཏེ་ཐོག་མའི་བསམ་འདུན་ལ་གད་བདར་དང་འགན་འཁྲི་དང་དུ་བླངས་ཐོག བོད་ཀྱི་ས་གནས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་དང་ཞིབ་དཔྱོད་ལམ་ལུགས་ཀྱི་ལེགས་ཆ་དེ་ས་གནས་བཅོས་སྐྱོང་བྱེད་པའི་ནུས་ཕྱོད་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་དཀའ་སྤྱད་འབད་འཐབ་བྱེད་རྒྱུ་ཡིན།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣