དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-01-29

    འཐུས་མི་རྣམ་པ། 

    ད་ལྟ་ངས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་དེ་མིན་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་། 

    2019ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

    2019ལོ་ནི་མི་སེམས་ལ་སྐུལ་མ་རབ་ཏུ་ཐེབས་པའི་ལོ་ཞིག་ཡིན་ཞིང་། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཟབ་རྒྱས་ཞུས་པ་དང་། ལྗོངས་ཡོངས་ལྷིང་འཇགས་བདེ་བར་འཁོད་དེ་མེས་རྒྱལ་གྱི་འཁྲུངས་སྐར་ལ་ངོ་མཚར་དཔལ་གྱིས་བརྒྱན་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དུས་རབས་ཀྱི་ཉམས་བཟང་མངོན་ཡོད། མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་དང་། མེས་རྒྱལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་ཀྱི་བཀའ་དྲིན་སྙིང་བཅངས་ཐོག བསམ་པའི་སྒུལ་ཤུགས་ཆེན་པོར་བསྒྲིལ་ནས་བོད་ལྗོངས་གོང་འཕེལ་ཡར་ཐོན་འགྲོ་བའི་ལེའུ་གསར་པ་ཞིག་ཧུར་ཐག་བརྩམས་ཡོད། 

    2019ལོ་ནི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ལོ་ཞིག་ཡིན་ཞིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་ཁག་ཡོངས་སུ་ལེགས་འགྲུབ་ཐུབ་ཡོད། 

    —— སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་ཤུགས་ཆེན་པོ་མངོན་པ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1600ལས་བརྒལ་ཞིང་། སྔོན་དཔག་བྱས་ན་9%འཕར་རྒྱུ་ཡིན་པས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རེད། སྒུལ་ནུས་བརྗེ་ཤུགས་སྔར་བས་མངོན་གསལ་དོད་དུ་སོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་མཐུད་ནས་ལེགས་སུ་སོང་ཡོད། 

    —— དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཡོངས་སུ་ཐོབ་ཉེར་ཡོད་པ། དབུལ་ཕོངས་རྫོང(ཆུས)19དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་15དབུལ་གྲོལ་བྱུང་ཞིང་། དབུལ་པོ་དབུལ་ནག་རྩ་བའི་ཆར་མེད་པ་བཟོས་ཏེ་འགག་སྒྲོལ་ཧྲིལ་པོར་རྒྱལ་ཁ་ཡོངས་སུ་ཐོབ་ཉེར་ཡོད། 

    —— དམངས་འཚོའི་བདེ་རྩ་བཟང་དུ་ཤུགས་ཆེ་བཏང་བ། སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་10%དང་13%འཕར་རྒྱུ་ཡིན་པས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་རྒྱུ་རེད། ལོ་དེ་གར་ཐོན་པའི་མཐོ་རིམ་སློབ་གྲྭའི་སློབ་མ་98.1%ཐབས་ལམ་སྣ་ཚོགས་བརྒྱུད་དེ་གནད་སྨིན་ལས་ཞུགས་ཐུབ་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ཁྱིམ་ཚང་ཁྲི་སྟོང་མང་པོར་དེང་རབས་སློབ་གསོའི་ཕན་པ་ཐོབ་པ་དང་། སློབ་བཤོལ་འགོག་ཅིང་སློབ་ཞུགས་འགན་ལེན་བྱས་པས་ཐོག་མའི་ཆར་སློབ་མཚམས་ཆད་པའི་སློབ་མ་གཅིག་ཀྱང་བྱུང་མེད། 

    འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་སྔར་བས་གོང་འཕེལ་བྱུང་ཞིང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་སོང་བ་དང་། མི་དམངས་ལ་བདེ་སྐྱིད་ཁམས་བཟང་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། 

    —— མཛེས་སྡུག་ལྡན་པའི་བོད་ལྗོངས་དེ་བས་བཀྲག་མདངས་རབ་ཏུ་འཚེར་བ། སྐྱེ་ཁམས་དམར་ཐིག་ཐོག་མའི་ཆར་དབྱེ་བཅད་བྱས་ཤིང་། 

    ལྗོངས་ཡོངས་ཀྱི་ས་ཁོངས་45%སྲུང་སྐྱོབ་ནན་ཤོས་བྱེད་ཁོངས་སུ་བཅུག་ཡོད། འཛམ་གླིང་ཡང་རྩེ་དང་། ཨེ་ཤ་ཡའི་ཆུ་སྤེ། ས་གོ་ལའི་གླིང་སྣེ་གསུམ་པ་བཅས་སྔར་བཞིན་བརྗིད་ཆགས་མཛེས་སྡུག་ལྡན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བས་བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

    —— སྤྱི་ཚོགས་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་ལག་བསྟར་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་མི་སེམས་སུ་གཏིང་ཟབ་ཟུག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བདེ་འཇགས་བཅོས་སྐྱོང་ཆ་འཕྲིན་ཅན་དུ་སྐུལ་སྤེལ་ཧུར་ཐག་བཏང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ། མང་ཚོགས་བདེ་སྣང་གི་མོས་ཚད་99.7%ཟིན་ཏེ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 

    ལོ་གཅིག་རིང་། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམིགས་པ་དང་། སྤུས་ཚད་ལེཌ་པའི་གོང་འཕེལ་གཏོང་རྒྱུར་དམིཌ་པ། མང་ཚོཌ་ཀྱི་དོ་ཁུར་བྱེད་སར་དམིཌ་པ་བཅས་བྱས་ཏེ་ཕྱོཌ་བདུན་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཡོད། 

    གཅིག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ལེགས་སྒྲུབ་བྱས་པ།

    (གཅིག)དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ། ཐབས་མང་མཉམ་སྤྱོད་དང་རྒྱུན་མཐུད་འགག་སྒྲོལ་བྱས་ཏེ་སྡེབ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་2639ལག་བསྟར་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་23.8དབུལ་སྒྲོལ་ཐུབ་པའི་སྐུལ་ཁྲིད་བྱས་ཡོད། དབུལ་སྐྱོར་ཡུལ་སྤོས་ལས་འགན་རྩ་བའི་ཆར་ལེགས་འགྲུབ་བྱུང་ཡོད། “ས་ངན”ཁུལ་ཧྲིལ་པོ་གྲོང་ཁྱེར་བརྒལ་བའི་གནས་སྤོ་བྱ་ཡུལ་དུ་མི་6840གནས་སྡོད་ཟིན་ཡོད། ཀྲུང་དབྱང་གི་ཆེད་དོན་སྐོར་ཞིབ་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་ལེགས་བཅོས་བྱེད་པའི་ལས་འགན་རྩ་བའི་ཆར་ལེགས་འགྲུབ་ཐུབ་ཡོད། “རིག་སྟོབས་གཉིས་སྐྱོར”བྱ་རྒྱུར་སྐུལ་འདེད་བཏང་བས་སྡེབ་རྩིས་བྱས་ན་དབུལ་པོའི་ངལ་རྩོལ་ནུས་ཤུཌ་མི་ཐེངས་ཁྲི་15.5ལ་སྦྱོང་བརྡར་སྤྲད་པ་དང་། མི་ཁྲི་18.6གནས་སྒྱུར་ལས་ཞུགས་ཐུབ་ཡོད། དབུལ་ཕོངས་ས་ཁུལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་ཡོད། 

    (གཉིས)ནམ་མཁའ་དེ་བས་སྔོ་ཞིང་ཆུ་བོ་དེ་བས་དྭངས་གཙང་དུ་གྱུར་པ། སྦཌ་བཙོག་ཉུང་གཏོང་གི་དམིགས་ཚད་ཚོད་འཛིན་ཡག་པོ་ཐུབ་ཅིང་། རླངས་འཁོར་གྱི་དུ་རླངས་དང་། གྲོང་ཁྱེར་གྲོང་རྡལ་གྱི་རྡུལ་སྙིཌ། བསང་གི་དུ་བ་སོཌ་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེཌ་འཁྱོངས་ཐུབ་པའི་ཉིན་གྲངས་བསྡུར་ཚད་99%ཡན་ཟིན་ཡོད། ཞིང་སྨན་དང་རྫས་ལུད་སྤྱོད་ཚད་མི་འཕར་བ་བྱས་ཡོད། འཐུང་ཆུའི་ཆུ་རྩའི་ཁོར་ཡུག་གནད་དོན་ལེཌ་བཅོས་བྱེད་ཚད་དང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལེགས་སྒྲུབ་བྱས་པ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ས་ངོས་ཆུའི་སྤུས་ཚད་100%ཟིན་ཡོད།

    (གསུམ)དངུལ་རྩའི་མ་ལག་སྐྱོན་བྲལ་བདེ་འཇགས་བྱུང་བ། ས་གནས་ཀྱི་དངུལ་རྩའི་ལྟ་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་བཟོས་པ་དང་དངུལ་རྩའི་ལས་ཁུངས་ཀྱི་ཉེན་བུན་རིགས་0.54%ཡིན་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་བསྡུར་ཐང་ལས་བཟང་བ་བྱུང་ཡོད། གཞི་ཆེའི་འགྱོཌ་མདའི་བསྡུར་ཚད་རྒྱུན་མཐུད་ནས་ཆག་ཡོད། རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་ནས་ལྟ་འདོམས་བྱེད་པའི་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་ཟུག་ཚད་45%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། རྣམ་གྲངས་ཞིབ་མཆན་དང་མ་དངུལ་དོ་དམ་ནན་པོ་བྱས་ཏེ། སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་མེད་པའི་ཐོག གསོག་འབོར་སྒོར་དུང་ཕྱུར་120.8བསལ་ཡོད། སྲིད་གཞུང་གི་བུ་ལོན་ཟུག་ཚད་ཉེན་མེད་ཀྱི་ཆུ་ཚད་ནང་ཚོད་འཛིན་ཐུབ་པ་བྱས་ཡོད།

    གཉིས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོང་འཕེལ་གྱི་ཞན་ཆ་གསབ་སྐྱོང་བྱས་པ།

    (གཅིག)རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཐུས་ཚང་དུ་བཏང་བ། སྡེབ་རྩིས་བྱས་ན་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་686དོན་འཁྱོལ་བྱས་ཡོད། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་42དོན་འཁྱོལ་བྱུང་ཡོད། མཚོ་བོད་ལྕགས་ལམ་གྱི་གོར་ལྷ་དུམ་བུའི་ནུས་པ་ཆེར་སྐྱེད་ཀྱི་བཟོ་བཅོས་ལས་གྲྭ་བསྐྲུན་ཟིན་ནས་ལས་གཉེར་བྱས་པ་དང་། ཝ་ཐོག་དང་གསེར་ཟམ་གྱི་ཆུ་གློག་ནས་གློག་གཏོང་འགོ་ཚུགས་པ། ལ་ལྷོའི་ཆུ་བེད་ལྟེ་གནས་རྐ་སྒོ་བརྒྱབ་ནས་ཆུ་གསོག་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གང་མགྱོགས་བཏང་སྟེ་རྫོང(ཆུས)66ལ་གློག་དྲ་ཨ་མ་ཁེབས་ཡོད། རྒྱ་ཚྭ་དང་དྭགས་པོ་སོགས་ཀྱི་ཆུ་གློག་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་རྟེན་གཞི་འཛུགས་སྐྲུན་བདེ་བླག་བྱུང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་1288དང་ཤངས་ཆུའི་ཆུ་བེད་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱེད་བཞིན་ཡོད། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་དང་། “དམངས་འཚོ་ཆེན་པོ་གསུམ”གྱི་རྣམ་གྲངས། ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་གནད་ཆེའི་ལས་གྲྭ། གོར་ལྷའི་སྣུམ་འདྲེན་མདོང་ལམ། “3+1”གནམ་ཐང་ཚན་རིག་ཚོད་ལྟའི་ལས་གྲྭ་སོགས་གལ་ཆེའི་རྣམ་གྲངས་རབ་དང་རིམ་པ་སྐྲུན་འགོ་བཙུགས་ཡོད། 5Gསྤྱོད་པའི་ཚོད་ལྟ་སྤེལ་ཡོད། ཁྲོན་བོད་ལྕགས་ལམ་འཆར་འགོད་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཡོད།

    (གཉིས)ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་སོང་བ། ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་ཚད་རྒྱུན་མཐུད་ནས་ཆེ་རུ་བཏང་ཞིང་། འབྲུ་རིགས་ཐོན་འབབ་དང་ཕྱུགས་ཟོག་འཕེལ་ཁ་རྒྱུན་མཐུད་བཟང་པོ་བྱུང་ཞིང་། ལོ་བསྟུད་མར་ཐོན་འཕར་བྱུང་སྟེ་འབྲུ་རིགས་ཏུན་ཁྲི་105ཟིན་པ་དང་། ནས་ཏུན་ཁྲི་80ལས་བརྒལ་བ། ཤ་རིགས་དང་དཀར་ཆུ་ཏུན་ཁྲི་90ཡན་ཟིན་ཡོད། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་འབབ་རིན་ཐང་སྒོར་དུང་ཕྱུར་48.9ཟིན་པ་དེ་དུས་མཚུངས་དང་བསྡུར་ན་16%འཕར་ཡོད། ཡུལ་སྐོར་ཐོན་ལས་ཀྱི་སྣེ་འདྲེན་གནས་བབ་སྔར་བས་གོང་མཐོར་སོང་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་ཁྲི་4000ལས་བརྒལ་ཏེ་19%འཕར་བ་དང་། ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད། སྔོན་དཔག་བྱས་ན་རིག་གནས་ཐོན་ལས་ཀྱི་ཐོན་འབོར་རིན་ཐང་སྒོར་དུང་ཕྱུར་53ཟིན་རྒྱུ་ཡིན་པས་15%འཕར་རྒྱུ་རེད། གློག་འདོན་འཕྲུལ་ཤུགས་སྟོང་ཝ་ཁྲི་26.6འཕར་སྣོན་བྱུང་བས་གློག་གཏོང་འབོར་23.7%འཕར་བ་དང་། ཕྱིར་ཁྲིད་གློག་འདོན་འཕར་ཚད་90%ལས་བརྒལ་ཡོད། ཨར་འདམ་ཐོན་འབོར་ཏུན་ཁྲི་1000ལས་བརྒལ་ཏེ་19.4%འཕར་ཡོད། སྔོན་དཔག་བྱས་ན་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་7%འཕར་རྒྱུ་ཡིན་པ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་8%འཕར་རྒྱུ་ཡིན། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་122.6ཟིན་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་རང་དངུལ་ཕྱི་དངུལ་གྱི་དངུལ་བུན་ལྷག་འབོར་སྒོར་དུང་ཕྱུར་150འཕར་བ་དང་རིགས་ཁག་གི་བུན་ལོར་མ་དངུལ་བསྡུ་རྒྱུག་གི་ལྷག་འབོར་70%ཡན་འཕར་བ། མ་རྐང་Aཡི་ཁྲོམ་འགྲེམས་ཀུང་སི་2མང་དུ་སོང་ཡོད། སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་འཛད་སྤྱོད་བྱས་འབོར་སྒོར་དུང་ཕྱུར་55ཟིན་ཡོད། སྔོན་དཔག་བྱས་ན་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་45ལས་བརྒལ་བ་དང་མཐའ་མཚམས་ཀྱི་འབོར་ཆུང་ཉོ་ཚོང་40%འཕར་ཡོད།

    (གསུམ)གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ། ནོར་སྲིད་ནས་ཚན་རྩལ་ཐད་གཏོང་ཆ་དང་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་གཏོང་ཆ་ཁག་སོ་སོར་23%དང་19%འཕར་ཡོད། གཙོ་གནད་ཚན་རྩལ་གྱི་འཆར་འགོད་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཤིང་། ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེཌ་སྐྱེས་འབུལ་ཚད་51%ཟིན་ཡོད། མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་ཆེད་དོན་བྱེད་སྒོ་ཁག་88སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལྷ་སའི་མཐོ་གསར་ཁུལ་དེ་རྒྱལ་ཡོངས་ཀྱི་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་བྱེད་པའི་ཁྱད་ལྡན་གཞི་རྟེན་དུ་ཚུད་ཡོད། “གཉིས་གཏོད”གཞི་རྟེན་རིགས་ཁག་131བསྐྲུན་ཟིན་པ་དང་ཁེ་ལས་2129སྐྱོང་སྤེལ་བྱས་ཏེ་མི་ཁྲི་1.54བསྡུས་ནས་ལས་ཞུགས་ཐུབ་ཡོད། དེ་བཞིན་རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་དང་ལས་གྲྭའི་ཉམས་ཞིབ་ཁང་9བསྐྲུན་ཡོད།

    གསུམ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་བ།

    (གཅིག)གཙོ་གནད་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་རྩ་བའི་ཆར་ལེགས་གྲུབ་ཟིན་ཡོད། གློད་སྡོམ་ཞབས་གསུམ་བྱེད་པའི་སྒྱུར་བཅོས་རྒྱུན་མཐུད་ནས་གཏིང་ཟབ་ཏུ་བཏང་ཞིང་། སྲིད་འཛིན་བཀའ་འཁྲོལ་གྱི་དོན་གནད་19མེད་པ་བཟོས་པའམ་གཤམ་སྤྲོད་བྱས་ཡོད། “མཉམ་འབྲེལ་དྲ་རྒྱ་+སྲིད་ལས་ཞབས་ཞུའི”“9070”དམིགས་ཚད་དེ་ཚད་བརྒལ་ལེགས་གྲུབ་བྱུང་ཞིང་། དོན་དག་སྒྲུབ་གཉེར་གྱི་གཞི་གྲངས་མཛོད་འཇུག་སྤྱི་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྗོངས་ཁོངས་གཏོགས་ཀྱི་ཐོན་ལས་ཚོགས་ཚོ་16གི་རྩེ་རིམ་ཇུས་འགོད་རྩ་བའི་ཆར་ལེགས་གྲུབ་ཟིན་ཡོད། ནོར་སྲིད་ཀྱི་དོན་དག་གཅོད་དབང་དང་གཏོང་ཆའི་འགན་འཁྲི་དབྱེ་བགོས་བྱེད་པའི་སྒྱུར་བཅོས་གཏིང་ཟབ་སྤེལ་ཡོད། གྲོང་གསེབ་ཀྱི་གློག་དྲ“ཐད་སྡོམ”སྒྱུར་བཅོས་སྤེལ་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཆའི་བདག་དབང་གཏན་འཁེལ་དང་ཐོ་འགོད་ལག་ཁྱེར་སྤྲོད་པ་དང་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་ཞིབ་བསྡུར་ལས་དོན་ལེགས་སྒྲུབ་བྱས་པ་དང་། ཞིང་ལས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་བྱས་པར་རྒྱལ་ཁབ་ནས་ཕུལ་བྱུང་གྲས་སུ་དཔྱད་འདེམས་བྱས་ཡོད།

    (གཉིས)ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། “དྲ་གཅིག་སྒོ་གཅིག་ཐེངས་གཅིག”དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”“ལག་ཁྱེར་སྤྲད་རྗེས་འཁྲོལ་འཛིན་ཉུང་གཏོང་”བཅས་དོན་འཁྱོལ་བྱས་ཏེ་ཁེ་ལས་འཛུགས་པའི་འགྲོ་ལུགས་གཉེར་ཡུན་ཐུང་དུ་བཏང་ནས་ཉིན་5ནང་གཉེར་སྒྲུབ་ཐུབ་པ་བཟོས་ཡོད། བཟོ་ལས་དང་གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་འོས་སྐུལ་དང་། ཧབ་ཚོང་། སྒོ་བྱང་བཀལ་ནས་ནང་བཤུག་གཏོང་བ་བཅས་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཡོད། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”དང་ཡིད་རྟོན་ལྟ་སྡོམ་ལམ་སྲོལ་རྩ་བའི་ཆར་བཙུགས་ཡོད། ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲ་འཛུགས་པར་བཀའ་འཁྲོལ་བྱེད་དགོས་རིགས་མེད་པ་བཟོས་ཡོད། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་རིགས་ལ་བུ་ལོན་གཙང་འཇལ་གྱིས་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཁེ་ལས་འབྲིང་ཆུང་རིགས་ལ་སྤྱི་པའི་ཞབས་ཞུ་སྒྲུབ་པའི་ལས་སྟེགས་རྩ་བའི་ཆར་བཟོས་ཟིན་པ། ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཐབས་བཟོ་འདོན་བྱས་པ། དམངས་གཉེར་ཁེ་ལས་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེར་བཏང་སྟེ་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་ཁྲལ་རིན་གཉིས་གཅོག་བྱས་པ་སྒོར་དུང་ཕྱུར་47.1ཟིན་པ་དང་། གྲོང་མི་དང་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་སླར་ཡང་10%བཅག་ཡོད། ཚོང་འགུགས་མ་འདྲེན་གྱི་མ་འཇོག་སྒོར་དུང་ཕྱུར་360ལེགས་གྲུབ་ཟིན་ཞིང་། ལོ་ཧྲིལ་པོའི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

    (གསུམ)ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ། ལམ་ལུགས་ཐོག་ནས་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་རྒྱུ་མཁོ་འདོན་བྱེད་པར་སྐུལ་སློང་བྱས་ཡོད། ཆ་སྙོམས་ཉིན་རེར་ཁྲོམ་རའི་བྱེད་པོ་200ལྷག་ཙམ་མང་དུ་སོང་ནས་ཐེམ་དུད་སྤྱི་འབོར་ཁྲི་32.5ཟིན་པ་དང་ཐོ་འཁོད་མ་དངུལ་སྒོར་དུང་ཕྱུར་ཁྲི་1.5ཟིན་ཡོད། ཞིང་དུད་ཀྱི་དངུལ་བུན་11.9%འཕར་བ་དང་། ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་ལྷག་འབོར་21%འཕར་བ། ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་31.8%འཕར་ཡོད། ཞིང་འབྲོག་པ་ཁྲི་40ཡུལ་སྐོར་ཐོན་ལས་ནང་ཞུགས་པ་དང་ཐོན་ལས་གཉིས་པ་དང་གསུམ་པར་ལས་གཉེར་བྱེད་མཁན་མི་གྲངས་ཁྲི་125ལས་བརྒལ་བས་མང་ཚོགས་ཀྱི་ལས་གཏོད་ཧུར་སེམས་ཤུགས་ཆེར་འཕེལ་ཡོད།

    (བཞི)ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ། འགྲམ་འགག་སྒོའི་ཟོག་འདྲེན་བྱེད་ནུས་སླར་གསོ་བྱས་པ་དང་། ལ་རྩེ་འགག་སྒོའི་སྒོ་མོ་ཕྱེ་བ། མངའ་རིས་དགུན་ས་གནམ་ཐང་གནས་སྐབས་སྒོ་མོ་ཕྱེ་བ། སྐྱིད་རོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྲབས་འཛུགས་བྱེད་རྒྱུ་དང་། འདྲེན་ཐང་དང་རི་འོག་འགག་སྒོ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་བཟོ་འཆར་རེ་ཞུ་བདེ་བླག་ངང་སྤེལ་བཞིན་ཡོད། ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་རིགས་ཁག་12གཉེར་ཞིང་། ཀྲུང་ནེ་མཛའ་གྲོགས་བཟོ་ལས་གླིང་སོགས་རྣམ་གྲངས་5ཡི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཁང་བཟོ་བཅོས་ལས་དོན་སྤེལ་མཇུག་འགྲིལ་ཡོད། ཕྱི་རྒྱལ་བ་བོད་ལ་ཡུལ་སྐོར་དུ་ཡོང་བར་ཞབས་ཞུ་དང་དོ་དམ་བྱེད་པའི་ཐད་སྟབས་བདེ་བསྐྲུན་རྒྱུའི་ལས་དོན་ཧུར་ཐག་སྤེལ་ཡོད། རྒྱལ་སྤྱི་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་10མང་དུ་བཏང་ཡོད། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིའི་རྐང་དབང་ལེགས་སྒྲིག་ཟིན་པ་དང་པེ་ཅིང་ནས་ཀ་ཏ་མན་ཏུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཡོད།

    བཞི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་བ།

    (གཅིག)ལས་ཞུགས་ཐད་ལ་འགག་སྒྲོལ་གསར་པ་བྱུང་བ། སྲིད་ཇུས་ཀྱི་འགན་སྲུང་དང་ལས་ཞུགས་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཐོག མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལས་ཞུགས་བྱེད་པའི་ལས་གནས་ཁྲི་6ལྷག་ཙམ་བཟོས་པ་དང་མི་ཁྲི་2.3ལས་ཞུགས་ཐུབ་ཡོད། སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་དུ་གྱུར་ཚད་ཆེ་རུ་བཏང་སྟེ་ཞིང་འབྲོག་པ་གནས་སྒྱུར་ལས་ཞུགས་ཐུབ་པ་མི་གྲངས་ཁྲི་57.1ཟིན་པ་དང་། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་34.8བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་རྒྱུན་མཐུད་ནས་བབ་བསྟུན་ལས་ཞུགས་ཐུབ་པ་བཟོས་ཡོད། “མངག་སྒྲུབ་ཁ་ཕྱོགས་གཏན་འཁེལ”གྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་ཧུར་ཐག་སྤེལ་ཏེ། རིགས་ཁག་གི་རྩལ་ནུས་ཤེས་ལྡན་པ་མི་ཁྲི་4.6ལ་སྦྱོང་བརྡར་སྤྲད་པ་དང་། རང་བརྟེན་ལས་གཏོད་ཐུབ་པ་མི་554ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་3%ནང་ཚུན་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཡས་མས་ཡིན་པ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་འཕར་མ་ཁྱོན་བསྡོམས་མི་ཁྲི་5.2ཟིན་པ་བཅས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

    (གཉིས)སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ། སྤྱོད་བཟང་སྐྱོང་ཞིང་མི་གསར་གསོ་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་དེང་རབས་སློབ་གསོའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། “100%བྱས་པ་ལྔའི”དམིགས་ཚད་ཡོངས་སུ་མངོན་གྱུར་བྱུང་བ་དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)66.8%ལ་སློབ་ལོ་མ་ལོན་གོང་གི་སྐད་གཉིས་བུ་བཅོལ་ཁང་བཙུགས་ཡོད། མཐོ་རིམ་སློབ་གྲྭའི་དངོས་བཟོ་ཞིང་གསུམ་དང་གསོ་རིག་བཅས་ཀྱི་ཆེད་ལས་60%ཡན་ཟིན་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ“ཞིང་ཆེན་དང་པུའུ་ནས་མཉམ་སྐྲུན་བྱེད་པའི་མཐུན་སྦྱོར་གསར་གཏོད་ལྟེ་གནས”འཛུགས་སྐྲུན་བྱས་ཡོད། དགེ་རྒན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྦྱོང་བརྡར་སྤེལ་འགོ་བཙུགས་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཡོད། དུས་ཁག་གསར་པའི་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཡོད། “མཉམ་འབྲེལ་དྲ་རྒྱ་+སློབ་གསོའི”རྒྱལ་ཁབ་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ་སློབ་གྲྭ་38.9%ལ་རིག་ནུས་སློབ་གསོ་ཁྱབ་ཐུབ་པ་བྱུང་ཡོད།

    (གསུམ)འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ལ་ཡར་རྒྱས་གསར་པ་བྱུང་བ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་བྱེད་འགོ་བཙུགས་ནས་རྫོང་དང་ཤང་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ཡོད། ཤང་དང་གྲོང་རྡལ་96ལ་གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་སྒྲིག་འཛུགས་བྱས་ཡོད། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཐོག་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། 20%ཡན་གྱི་སྨན་ཁང་ལ“མཉམ་འབྲེལ་དྲ་རྒྱ་+སྨན་བཅོས་བདེ་ཐང”ལས་སྟེགས་ཁེབས་ཐུབ་ཡོད། བོད་ལུགས་གསོ་རིག་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གང་མགྱོགས་བཏང་བ་དང་། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་3བཙུགས་ཡོད། ནད་གཞི་ཚབས་ཆེའི་རིགས་མཉམ་འགོག་མཉམ་འདོམས་བྱེད་པའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། བུད་མེད་མི་ཐེངས་ཁྲི་9ལ“སྐྲན་ནད་གཉིས”ཀྱི་སྒྲུག་བཤེར་བརྟག་དཔྱད་བྱས་པ་དང་། འདུས་འདྲིལ་གཅོང་ནད་དང་མཆིན་ཚད་སོགས་ཀྱི་ནད་གཞི་སྒྲུག་བཤེར་བརྟག་དཔྱད་དང་འགོག་བཅོས་བྱེད་པའི་ལས་ཀ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལོ་གསུམ་གྱི་དམིགས་ཚད་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་ཐུམ་འབུའི་ནད་རྩ་བ་ནས་མི་ཐོན་པའི་བརྗིད་ཆེའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་ཡོད།

    (བཞི)སྤྱི་པའི་རིག་གནས་ཞབས་ཞུར་འབྲས་བུ་གསར་པ་ཐོབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་བ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་བློ་རྩ་གསོ་སྐྱོང་དང་བདེན་འཛིན་གསར་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། སྤྱི་པའི་རིག་གནས་ནུས་ལྡན་མཁོ་འདོན་ཤུགས་ཆེ་བྱས་པ་དང་། “རིག་དཔལ་དར་བའི་བོད་ལྗོངས”བསྐྲུན་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། རྫོང་(ཆུས)སྒྱུ་རྩལ་ཚོགས་པ་གོང་འཕེལ་གཏོང་བའི་ལམ་ལུགས་དང་མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། རིམ་པ་ཁག་གིས་དམངས་ཕན་འཁྲབ་སྟོན་ཐེངས་7400ལ་ཉེ་བ་བྱས་ཡོད། རྒྱང་བསྒྲགས་དང་བརྙན་འཕྲིན་ཕྱོགས་བསྡུས་མི་མགོར་ཁེབས་ཚད་ཁག་སོ་སོར་98.1%དང་98.6%ཟིན་ཡོད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ནས་ཤུགས་སྣོན་བརྒྱབ་ཅིང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་བེད་སྤྱོད་དང་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་རྣམ་གྲངས་ལག་བསྟར་ནུས་ལྡན་བྱས་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་15མང་དུ་སོང་ཡོད། མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་ཟམ་མི་ཆད་པར་མང་དུ་བཏང་བ་དང་བྱེད་སྒོ་མུ་མཐུད་ནས་ཕུན་སུམ་ཚོགས་སུ་སོང་ཡོད། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པ་སོགས་འགྲན་བསྡུར་བྱེད་སྒོ་ཆེ་གྲས་བདེ་བླག་ངང་སྤེལ་ཡོད། རང་ལྗོངས་ཀྱི་ལུས་རྩལ་པས་མི་རིགས་ལུས་རྩལ་འགྲན་ཚོགས་དང་། གཞོན་ནུའི་ལུས་རྩལ་འགྲན་ཚོགས། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སོགས་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲན་བསྡུར་ཆེན་མོ་ཁག་གི་ནང་གསེར་གྱི་རྟགས་མ་དང་བྱ་དགའ་ཨང་དང་པོ་35བླངས་ཡོད་པ་དང་བྱ་དགའི་བསྡོམས་འབོར་103ཟིན་ཞིང་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

    (ལྔ)སྤྱི་ཚོགས་འགན་སྲུང་ཐད་ལ་གྲུབ་འབྲས་གསར་པ་ཐོབ་པ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་མི་ཐེངས་ཁྲི་658ཟིན་ཡོད། དམངས་འཚོའི་ཚད་གཞི་མཐོར་འདེགས་ཀྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐད་ཀྱི་རྨང་གཞིའི་རྒན་གསོའི་དོད་དངུལ་ཚད་གཞི་སྒོར་180ལ་སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་སྤྲོད་ཚད་མི་རེར་ཆ་སྙོམས་སྒོར་555ལ་སྤར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་དང་ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་ཐད་ཀྱི་འགན་དངུལ་ཁག་སོ་སོར་མི་རེར་ཆ་སྙོམས་སྒོར་72དང་སྒོར་33ལ་སྤར་ཡོད། ལྷོ་ནུབ་ཁུལ་ཁོངས་ཀྱི་ཞིང་ཆེན་བརྒལ་བའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་དུས་རྩིས་རྒྱག་ཐུབ་པ་བཟོས་པ་དང་། དབང་པོ་སྐྱོན་ཅན་གྱི་བྱིས་པ་དྲག་སྐྱེད་རོགས་སྐྱོབ་བྱེད་པའི་ལམ་ལུགས་བཟོས་ཡོད། དབུལ་པོའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། བྱིས་པ་སོགས་དམིགས་བསལ་མི་ཚོགས་ལ“འགན་སྲུང་བྱེད་དགོས་རིགས་ཚང་མར་འགན་སྲུང་དང་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་ཐུབ་པ”བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཟོག་གོང་ཐད་ཀྱི་གནས་སྐབས་ཁ་གསབ་སྤྲོད་པའི་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚང་སྒྲིག་ཁྲི་3.9བརྒྱབ་པ་དང་གྲོང་གསེབ་ཀྱི་དུད་ཚང་ཁྲི་4.4ཡི་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་ལེགས་འགྲུབ་ཟིན་པ་བཅས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་སོང་ཡོད།

    (དྲུག)བདེ་འཇགས་འཕྲལ་སྡོམ་བྱེད་ནུས་ཆེ་རུ་སོང་བ། འཕྲལ་སྡོམ་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། མེ་ཟོན་གྱི་ཕྱོགས་སྒྱུར་དང་ལས་དོན་ཐད་ཐེངས་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་དཔྱད་བྱས་ཁོངས་སུ་ཕུལ་བྱུང་ཐོབ་ཡོད། མེ་ཏོག་རྫོང་གི་ས་ཡོམ་རིམ་པ་6.3དང་མཚོ་སྣ་རྫོང་གི་ས་ཡོམ་རིམ་པ་5.6གི་གནོད་འཚེ་མྱུར་སེལ་ནུས་ལྡན་བྱས་པ་དང་། རྫོང་ཁག་38ཀྱི་ས་གཤིས་གནོད་འཚེ་ཡོངས་བཤེར་བྱས་པ། སྲོག་ཆགས་ཀྱི་ནད་ཡམས་དང་སྐྱེ་དངོས་ནང་འཛུལ་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ཡོད། བོད་ཐུག་དང་ཇ་མངར་མོ་བཟོ་སྣོན་གྱི་ཚད་རིམ་དང་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་ཚད་གཞི་བཟོས་ཡོད། བཟའ་བཅའ་དང་སྨན་རྫས་སྒྲུག་བཤེར་བྱས་ནས་ཚད་ལོན་བྱུང་ཚད་97.6%དང་99.2%ཟིན་པ་དང་“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནུས་ལྡན་བྱས་ཡོད། གཙོ་གནད་ལས་རིཌ་དང་ཁྱབ་ཁོངས་ཀྱི་བདེ་འཇགས་རྐྱེན་རྩ་ལེབ་བཤེར་དང་ཆེད་དམིཌ་བཅོས་སྒྲིག་གཏིང་ཟབ་བྱས་ཡོད། ལོ་ཧྲིལ་པོར་དོན་རྐྱེན་འདྲ་མིན་རིགས་ཐོན་གྲངས་3.5%ཆག་པ་དང་། ཅུང་ཚབས་ཆེ་བའི་བྱུར་རྐྱེན་ཐོན་ཚད་40%ཆག་པ། ཚབས་ཆེན་དང་དེ་ལས་ཚབས་ཆེ་བའི་བདེ་འཇགས་བྱུར་རྐྱེན་རིགས་ཐོན་མེད། བདེ་འཇགས་ཐོན་སྐྱེད་ཐད་ལོ་གསུམ་བསྟུད་མར་རྒྱལ་ཁབ་ནས་ཕུལ་བྱུང་ཁོངས་སུ་དཔྱད་འབེབས་བྱས་ཡོད།

    ལྔ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་གཅིག་གྱུར་འཆར་འགོད་བྱས་པ།

    (གཅིག)གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ། འཆར་འགོད་བཟོས་ནས་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་ལག་བསྟར་ཤུགས་ཆེ་བྱས་ཡོད། འབྲུ་རིགས་ཐོན་སྐྱེད་ནུས་ཐོན་ཁུལ་མུའུ་ཁྲི་363དབྱེ་བཅད་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་70བཟོས་པ། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་11.7བཏབ་ཡོད། ལྷ་ས་ཁྲེང་ཀོན་ཆུས་ཀྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་པ་བཙུགས་ཡོད། ཞིང་འབྲོག་ལས་ཐད་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་སྣེ་འདྲེན་ཁེ་ལས་4བཙུགས་པ་དང་། མཉམ་ལས་ཁང་ཁག་5000ལ་ཉེ་བ་བཙུགས་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་སྒྲུབ་ལས་བྱ་5399བསྐོ་གཞག་བྱས་ཡོད། པ་སྣམ་རྫོང་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ཐོག་མའི་ཚོད་ལྟ་བྱ་ཡུལ་ཁོངས་སུ་འཇུག་རྒྱུར་ཆོག་མཆན་ཐོབ་ཡོད། འཐུང་ཆུ་གནོད་མེད་བཟོ་བའི་རྣམ་གྲངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། དུད་ཚང་གི་གསང་སྤྱོད་57850སྒྱུར་བཟོ་བྱས་པ་དང་སྤྱི་པའི་གསང་སྤྱོད་1913གསར་པ་བརྒྱབ་ཡོད། སྲིད་འཛིན་གྲོང་ཚོ་ཚང་མར་སྦྲག་ཚུགས་ལས་སྒོ་ཁེབས་པར་བྱས་པ་དང་། སྲིད་འཛིན་གྲོང་ཚོ་98%ལ་4Gདྲ་རྒྱ་དང་འོད་སྐུད་དྲ་ཆེན་ཁེབས་ཐུབ་ཡོད། རྫོང་(ཆུད)74ཚང་མར་སྣུམ་ནག་ལམ་བཟོས་པ་དང་། སླར་ཡང་ཤང་དང་གྲོང་རྡལ་22དང་སྲིད་འཛིན་གྲོང་ཚོ་669ལ་སྣུམ་ནག་མཁྲེཌ་ལམ་བཟོས་པས་མང་ཚོཌ་འགྲོ་སྐྱོད་དཀའ་བའི་གནད་དོན་གང་ལེགས་སེལ་ཐུབ་པ་བྱུང་ཡོད།

    (གཉིས)མཐའ་མཚམས་འཛུགས་སྐྲུན་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ། ཆེད་དམིགས་འཆར་འགོད་དང་ཇུས་གཞི་བཟོས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་གང་མགྱོགས་ལེགས་སུ་བཏང་ཡོད། ཡུལ་སྨད་བདེ་སྐྱིད་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་ཤང་འཛུགས་སྐྲུན་བྱས་ཟིན་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་སྐྲུན་འགོ་ཚུགས་ཤིང་། གྲོང་ཚོ་153བསྐྲུན་ཟིན་པས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་བཅོས་བྱུང་ཡོད། འཐབ་ས་དང་པོ་དང་གཉིས་པའི་མཐའ་མིར་ཁ་གསབ་སྤྲོད་ཚད་ཁག་སོ་སོར་སྒོར་4700དང་སྒོར་4500ལ་སྤར་ཡོད།

    (གསུམ)རྣམ་གསར་གྱི་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་བརྟན་པོ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་དང་། ཟམ་པ། ཆུ་འདོན་ཆུ་འགྲོ་སོགས་གྲོང་ལས་སྒྲིག་བཀོད་གང་མགྱོགས་ལེགས་སུ་བཏང་ཞིང་། རྫོང་གྲོང་གི་སྤྱི་སྤྱོད་ཆུ་འདོན་ཁྱབ་ཚད་69%ཟིན་ཡོད་པ་དང་། ས་ཁད་མཐོ་བའི་རྫོང་གྲོང་གི་དྲོད་གཏོང་ལས་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། ས་མཐོའི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་གོང་འཕེལ་ཧུར་ཐག་བཏང་ཡོད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་ཁག་26འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། སྨར་ཁམས་ཆུ་ཚན་ཁ་ཤང་དང་སྤུ་ཧྲེང་བར་ག་ཤང་སོགས་ཤང་དང་གྲོང་རྡལ་7རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྱོང་བྱེད་པའི་མིང་གཞུང་ནང་ཚུད་ཡོད།

    (བཞི)ཁུལ་ཁོངས་ཆགས་གཞི་གང་མགྱོགས་འཐུས་ཚང་དུ་བཏང་བ། བོད་དབུས་དཔལ་འབྱོར་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་སོང་ཞིང་། གཞིས་རྩེ་དང་ཉིང་ཁྲིར་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པ་དང་། བོད་ཤར་རྒྱུད་ཀྱི་གྲོང་རྡལ་འཛུགས་སྐྲུན་དང་ཐོན་ལས་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་པ། བོད་བྱང་ཐང་དང་བོད་ནུབ་རྒྱུད་ཀྱི་ཁྱད་ལྡན་ཡུལ་སྐོར་དང་ཕྱུགས་ལས་དཔལ་འབྱོར་ལ་གོང་འཕེལ་གསར་པ་བྱུང་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”དང་“ལེ་དབར་བརྒྱ་ཡི་སྐྱེ་ཁམས”འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་རྒྱུད་དང་། ཁྲོན་བོད་དང་། ཡུན་བོད། ཤིན་བོད་བཅས་ཀྱི་གཞུང་ལམ་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཏན་ཏིག་བཏང་ཡོད། 

    དྲུག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུཌ་སྐྲུན་བྱེད་པར་སྐུལ་སྤེལ་བཏང་བ།

    (གཅིག)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ཡག་པོ་གཉེར་བ། སྐྱེ་ཁམས་བདེ་འཇཌ་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་སྐྱེ་ཁམས་ཁྱབ་ཁོངས་སུ་གཏོང་ཆ་འཕར་ཚད་20%ཡན་ཟིན་ཡོད། མཚོ་སྣ་རྫོང་ལེགས་པོ་རོང་དེ“ཀྲུང་གོའི་རང་བྱུང་གསོ་རླུང་ཁང་”དུ་དཔྱད་འདེམས་བྱས་ཡོད། གཙང་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འབྱུང་འཕྲོད་ཨར་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ཡོད། ས་ཁད་མཐོ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ནས་མི་4058གནས་སྤོས་བྱས་ཡོད། གཞིས་རྩེའི་ཇོ་རི་སྲུང་སྐྱོབ་བྱེད་པར་བྱ་ཐབས་གསར་པ་སྤྱད་པ་དང་། ལྷ་སའི་རི་ཆུ་ནཌ་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གྲྭ་བདེ་བླག་ངང་སྤེལ་བ། ནག་ཆུར་ཚན་རིག་དང་མཐུན་པའི་ཤིང་འཛུགས་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་གླིང་དང་། བྱེ་སྐྱོན་འགོག་བཅོས། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ཤིང་འཛུགས་སྔོ་འགྱུར་ལས་གཞི་བཅས་རྒྱུན་མཐུད་ནས་སྤེལ་ཞིང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་130.7བྱས་པ་དང་། ཆ་རྐྱེན་འཛོམས་པའི་ས་ཆར་གྲོང་ཚོ་དང་། དུད་ཚང་། ཚན་པ་བཅས་ལ་སྐྱེ་ཤིང་འཛུགས་ཐུབ་པ་བྱེད་པའི་དམིགས་ཚད་ལས་འགན་ཚང་མ་སྔ་སྣུར་དུ་ལེགས་འགྲུབ་བྱུང་ཡོད། 

    (གཉིས)ཁོར་ཡུག་ལྟ་འདོམས་དང་བཅོས་སྐྱོང་བྱེད་པའི་མ་ལག་རྒྱུན་མཐུད་ནས་ལེགས་སུ་བཏང་བ། ཀྲུང་དབྱང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བྱས་རྗེས་བཏོན་པའི་བཅོས་སྒྲིག་ལས་འགན་ཁག་45སྒྲུབ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞིབ་དཔྱད་བྱ་ཡུལ་དེ་ལྗོངས་ཐད་གཏོགས་སྡེ་ཚན་དང་ས་གནས(གྲོང་ཁྱེར)ཁག་ལ་རྒྱ་སྐྱེད་བཏང་ཡོད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དང་སྤྱོད་སྒོ་དོ་དམ་བྱེད་པའི་ལམ་ལུགས་ཆ་ཚང་པོ་བཟོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དང་། ཁོར་ཡུག་སྤུས་ཀའི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་མཐོ་ཚད། སྐྱེ་ཁམས་ཁོར་ཡུག་གི་འཛུལ་འཐུས་གསལ་ཐོ་བཅས་གོ་རིམ་ལྡན་པའི་ངང་བཟོ་སྒྲིག་བྱས་ཡོད། གཏེར་ཁའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོའི་ཐེབས་རྩའི་ལམ་ལུགས་བཟོ་བའི་བསྒྱུར་བཅོས་བྱས་ཏེ་ལོ་རྒྱུས་ཐོག་ཤུལ་ལུས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། འགོ་ཁྲིད་ལས་བྱེད་པར་ལས་གནས་ནས་བྲལ་དུས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱེད་པའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཡོད། “སྨྱུག་གཅིག་མའི”མཆན་འགོད་དམ་སྲུང་བྱས་ནས་ལོ་འདིའི་ནང་གཏེར་འཚོལ་དང་གཏེར་འདོན་རྣམ་གྲངས་རིགས་ལ་ཆོག་མཆན་གཅིག་ཀྱང་སྤྲད་མེད།

    (གསུམ)སྐྱེ་ཁམས་ཐོག་ནས་དམངས་ཕན་ཐུབ་པ་དང་དཔེ་སྟོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ། གཙོ་གནད་སྐྱེ་ཁམས་ནུས་ཐོན་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་སོཌ་རིགས་ཁག་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་97.7དོན་འཁྱོལ་བྱས་ཡོད། “སྐྱེ་ཁམས་+ཞིང་འབྲོག”དང“སྐྱེ་ཁམས་+ཡུལ་སྐོར”སོགས་ཀྱི་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་སོང་ཡོད། ཆབ་མདོ་གྲོང་ཁྱེར་དང་འདམ་གཞུང་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ལྡན་པའི་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་མཚན་སྙན་ཐོབ་པ་དང་། ལྷུན་རྩེ་རྫོང་དེ“རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པ”ལག་ལེན་གསར་གཏོད་བྱེད་པའི་རྟེན་གཞིར་བཟོས་ཡོད། སྡེབ་རྩིས་བྱས་ན་རྫོང་17དང་། ཤང་དང་གྲོང་རྡལ་213 གྲོང་ཚོ་2373བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་བཟང་བའི་མཚན་སྙན་སྤྲད་ཡོད།

    བདུན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་འབྲས་ཆེ་རུ་བཏང་བ།

    (གཅིག)སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་རྒྱུན་མཐུད་ནས་སྲ་བརྟན་དུ་བཏང་བ། “རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། ཐེག་པ་ཁུར་ལེན་ཕོད་པའི་ཐོག་ནས་འགན་འཁྲི་དོན་འཁྱོལ་ཐུབ་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་བལྟ་བའི”བླང་བྱ་དོན་འཁྱོལ་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཡོད། དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་གཏིང་ཟབ་ཏུ་བཏང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་འགོག་ཟོན་བྱས་པ་དང་རྡུང་རྡེག་བཏང་ཡོད། སྤྱི་བདེའི་གྲངས་གཞི་ཆེ་མོ་རིག་ནུས་ཅན་དུ་ཉེར་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འགོག་ཟོན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་བརྟན་པོའི་ངང་འཛུགས་སྐྱོང་བྱས་ཡོད། མང་ཚོགས་ཀྱིས“རང་འགུལ་ངང་བརྟན་ལྷིང”སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད། འགལ་བ་དང་རྩོད་རྙོག་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་93.5%ཟིན་པ་དང་། ཉེས་དོན་གྱོད་གཞི་ཐོན་ཚད་8.1%ཆག་ཡོད། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོག་རྡུང་ཟིང་བཅོས་དང་གཡེམ་སེལ་ལོག་རྡུང་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱས་འབྲས་དེ་བས་སྲ་བརྟན་དུ་བཏང་ཡོད།

    (གཉིས)མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ། གཞི་རྟེན་བྱེད་ཐབས་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་24དང་དཔེ་བཟང་མི་སྒེར་30ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་ཡོད། གཞིས་རྩེ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར”ཞེས་པའི་མཚན་སྙན་དང་། ལྷོ་རོང་རྫི་ཐོ་གྲོང་རྡལ་དང་སྦྲ་ཆེན་རྫོང་སློབ་འབྲིང་སོགས་ཚན་པ་5ལ་དུས་ཁག་བདུན་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མཚན་སྙན། བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་དང“ལམ་གཉིས”ཀྱི་སྙིང་སྟོབས་དྲན་གསོ་ཁང་ལ་དུས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་མི་རིགས་ཡར་ཐོན་སློབ་གསོའི་རྟེན་གཞིའི་མཚན་སྙན་བཅས་ཐོབ་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་སྔར་བས་འགྲོ་མགྱོགས་སུ་སོང་ཡོད། ལྗོངས་ཕྱིའི་མང་ཚོགས་དེ་བས་མང་བ་བོད་དུ་བྱ་གཞག་དར་སྤེལ་དང་གསར་གཏོད་བྱེད་པར་ཡོང་བ་དང་། ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མ་1730ལྗོངས་ཕྱིར་ལས་ཞུགས་བྱས་ཡོད། མི་རིགས་བྱ་བར་ཁྲིམས་བཞིན་བཅོས་སྐྱོང་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཁྲིམས་བཞིན་འགན་སྲུང་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང“མོས་སེམས་ལྔ”སྔར་བས་བརྟན་དུ་སོང་ཡོད།

    (གསུམ)ཆོས་ལུགས་བྱ་བའི་དོ་དམ་ཚད་མཐུན་གོ་རིམ་ལྡན་པ་བྱུང་བ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ནས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་པ་དང་། ཆོས་ལུགས་བྱ་བའི་དོ་དམ་ཚད་ལྡན་བཟོ་རྒྱུར་ཤུགས་སྣོན་བརྒྱབ་པ། 《ཆོས་ལུགས་ལས་དོན་སྲོལ་ཡིག》གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཚད་དང་ལྡན་པའི་སློབ་གཉེར་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན་པའི”སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཡོད། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཆོས་དད་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གཙང་སེལ་བཟོ་བ་དང་། ཤུགས་རྐྱེན་ངན་པ་ཉམས་དམས་སུ་བཏང་ཐོག མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    (བཞི)བྱ་གཞག་ཁག་ལ་གཅིག་གྱུར་སྐུལ་སྤེལ་བཏང་བ། བསྡོམས་རྩིས་བརྟག་དཔྱད་དང་། ཡིག་འབུལ་ཞུ་བཅར་སྣེ་ལེན། བཅའ་ཁྲིམས་ཀྱི་རོཌ་སྐྱོར། ས་ཡོམ་གནམ་དཔྱད། རྩད་ཞིབ་ཐིག་ལེན། ཡིག་ཚཌ་གསང་སྲུང་། ནང་སར་བཅའ་སྡོད་དོན་བྱེད་ཁང་སོགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་དང་། རྩོམ་སྒྱུར་དང་རིག་གནས་ལོ་རྒྱུས། འགག་སྒོ་དང་ནད་ཡམས་ཞིབ་བཤེར། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་བ་དང་། བཟོ་གཞོན་བུད་མེད་རྩ་འཛུགས་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོཌ། དམངས་ཁྲོད་ཚོགས་པ། རིག་གཞུང་ཚོགས་པ་དང་མཐུན་ཚོགས་བཅས་ཀྱིས་ཀྱང་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ལས་སྟེགས་ཧུར་ཐག་བཏོད་པ་དང་འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་ལས་རྣམ་ཆེན་པོ་ཞིག་ཆགས་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་། དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་མུ་མཐུད་སྲ་བརྟན་དུ་སོང་ཡོད། ང་ཚོས་དམག་དམངས་མཉམ་འདྲེས་གཏིང་ཟབ་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་དངོས་ཟོག་གྲབས་གསོག་འགན་སྲུང་ཐད་དམག་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་བ། དཔུང་སྡེའི་འགན་སྲུང་སྤྱི་ཚོགས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་བ། ས་གནས(གྲོང་ཁྱེར)4ཡི་མི་དམངས་མཁའ་ཟོན་བཀོད་འདོམས་ལྟེ་གནས་སྐྲུན་འགོ་བཙུགས་པ་བཅས་བྱས་ཡོད། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་པ་ལྔའི་ཞབས་ཞུའི་འགན་སྲུང་མ་ལག་ཡོངས་སུ་ཁེབས་པར་བྱས་ཡོད། རྒྱལ་སྲུང་སྐུལ་སློང་དང་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་བ་དང“གཉིས་བཀུར”ལས་དོན་ཏན་ཏིག་སྤེལ་ཡོད། དམག་དམངས་ལག་གདང་དཔུང་སྦྲེལ་བྱས་ནས་མཐའ་མཚམས་ཞི་འཇགས་བརྟན་ལྷིང་ཐུབ་པར་འགན་སྲུང་བྱས་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་སྤེལ་ཏེ་བཅོས་སྒྲིག་བྱ་ཐབས་ཁག་24དོན་འཁྱོལ་ཏན་ཏིག་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲཌ་ནན་ཏན་བྱས་ཏེ་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ། ཚན་རིག་དང་མཐུན་ཞིང་དམངས་གཙོ་དང་ཁྲིམས་བཞིན་ཇུས་ཐག་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་གོང་མཐོར་ཧུར་ཐག་བཏང་ཡོད། དེ་བཞིན་མི་དམངས་འཐུས་ཚོཌ་ཀྱི་བཅའ་ཁྲིམས་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོཌ་ངང་དང་ལེན་ཞུས་ཐོག འཐུས་མིའི་གྲོས་འཆར་251དང་ཨུ་ཡོན་གྱི་གྲོས་གཞི་345གཉེར་སྒྲུབ་བྱས་པ་དང་གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་ཡོད། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་282ཆེད་དམིགས་གཙང་བཤེར་བྱས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་9བཟོས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ་དང་། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་བ་དང་། རང་རྟོགས་ངང་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་ལྟ་སྐུལ་དང་ལེན་བྱས་པ་དང་། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་པ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་བཤེར་གྱིས་ཐག་གཅོད་ནན་པོ་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་གཞུང་གྲོན་གསུམ་10.6%འཕྲི་གཅོག་བྱས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་མངོན་ཆེའི་གནད་དོན་ཆེད་དམིགས་བཅོས་སྒྲིག་བྱས་པ་དང་། “གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཡིག་ཆ་དང་ཚོགས་འདུའི་གྲངས་འབོར་40%ཉུང་དུ་སོང་བ་དང་། ལྟ་སྐུལ་ཞིབ་དཔྱད་བྱེད་པའི་དོན་དག་ཁག་50%ཡན་ཉུང་དུ་སོང་ཡོད།

    འཐུས་མི་རྣམ་པ། སྔོ་ལྗང་འདབ་ལོ་རྒྱས་པ་རྩ་བའི་དྲིན། རྒོད་པོས་ནམ་འཕངས་བཅད་དེ་ཉི་མར་ཕྱོགས། འདས་ཟིན་པའི་ལོ་གཅིག་ནང་གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྒྱུར་ལམ་སྟོན་དང་མཁས་མཛངས་བཀོད་ཇུས་གནང་བ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་བོད་ཀྱི་ལས་དོན་ཐད་སླར་ཡང་གལ་ཆེའི་མཛུབ་སྟོན་དང་བཀའ་མཆན་གསར་པ་རབ་དང་རིམ་པ་གནང་ཡོད། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླ་ན་མེད་པའི་གཟིགས་སྐྱོང་དང་མཚོ་ལས་ཟབ་པའི་བརྩེ་སེམས་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་ས་མཐོར་ལྟ་རྟོགས་བྱམས་སྐྱོང་གནང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཁྱད་འཕགས་དོ་ཟླ་བྲལ་བ་ཡིན་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ནི་ནམ་ཡང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཤིང་ཡིན་པ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པའི་རླབས་ཆེན་མེས་རྒྱལ་ནི་ནམ་ཡང་ང་ཚོའི་རྒྱབ་རྟེན་ཆེན་པོ་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དགོངས་པས་ཁྲིད་སྟོན་གནང་བས་ང་ཚོར་རྒྱལ་ཁ་གཅིག་རྗེས་གཉིས་མཐུད་ངང་ཐོབ་ཡོད།

    འཐུས་མི་རྣམ་པ། གྲུབ་འབྲས་བཟང་པོ་འབད་འཐབ་བྱས་ནས་བྱུང་། བྱ་གཞག་སྒྲུབ་པར་དཀའ་སྤྱད་རྔུལ་ཆུ་འདོན། འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ལས་ལོ་70རིང་གི་འབད་འབུངས་མདུན་སྐྱོད་དང་ལོ་60རིང་གི་འབད་བརྩོན་ལྷོད་མེད་བྱས་པ་ཤུགས་སུ་མངོན་ཡོད། འོད་སྟོང་འཕྲོ་བའི་ལོ་70ནང་ཀྲུང་གོའི་ས་གཞི་ཆེ་མོར་རྒྱལ་དར་དམར་མདངས་རྒྱས་ཤིང་། གནམ་ས་བརྗེ་བ་ལྟ་བུའི་འཕོ་འགྱུར་རླབས་པོ་ཆེ་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བ་གམ་བརྟན་པོར་འགྱིང་ཡོད། ལོ་60ཡི་མཆོང་སྐྱོད་བྱས་པ་ལས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བདག་པོར་གྱུར་ཞིང་། གངས་ལྗོངས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཏེ་བདེ་སྐྱིད་ཁམས་བཟང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། གྲངས་ལས་འདས་པའི་སྔོན་གཤེཌ་དཔའ་བོས་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བ་དང་མི་རབས་ནས་མི་རབས་ཀྱི་འཛུཌ་སྐྲུན་པས་དཀའ་སྤྱད་རྔུལ་ཆུ་བཏོན་ཞིང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་སྐུལ་ལྕག་འོག མཉམ་དུ་འཐབ་རྩོད་བྱེད་པ་དང་། མཉམ་དུ་ལེགས་སྐྱེས་འབུལ་བ། མཉམ་དུ་རྒྱལ་ཁ་རྒྱུན་མཐུད་ལེན་པ་བཅས་བྱས་ཏེ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་དུས་སྐབས་བསུ་བཞིན་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ནི་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དེ་བཞིན་འཐུས་མི་དང་ཨུ་ཡོན་རྣམ་པ་བཅས་ཀྱིས་ནུས་ལྡན་ལྟ་སྐུལ་དང་རྒྱབ་སྐྱོར་གནང་བ། སྐབས་རིམ་བྱུང་གི་ཚན་ཁག་གིས་རྨང་གཞི་སྲ་བརྟན་བཏིང་བ། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་དཔའ་ངར་ཆེན་པོས་ཐེག་པ་ཁུར་ལེན་བྱས་པ་བཅས་ཀྱི་འབྲས་བུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་དང་ཧུར་སྐྱེད་ཡར་བརྩོན་བྱས་པའི་འབྲས་བུ་ཞིག་དེ་བས་ཀྱང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག ཀྲུང་དབྱང་གི་བོད་སྡོད་ལས་ཁུངས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཚན་པ་ཁག བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། བོད་དུ་ལེགས་སྐྱེས་ཕུལ་མྱོང་བའི་དབུ་ཁྲིད་རྒན་གྲས་དང་། བློ་མཐུན་རྒན་གྲས། གྲོགས་པོ་རྒན་གྲས་རྣམ་པ། བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

    གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་དུས་མཚུངས་ང་ཚོས་ལྷག་བསྡད་པའི་གནད་དོན་དང་མི་འདང་བའི་ཆ་ལའང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་བར་སྔར་བཞིན་ཕུགས་ཕན་ལམ་སྲོལ་བཙུགས་ནས་འགན་སྲུང་བྱེད་དགོས་ཀྱི་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་ནི་སྔར་བཞིན་གོང་འཕེལ་འགྲོ་བར་ཚོད་འཛིན་ཐེབས་པའི་མངོན་ཆེའི་ཞན་ཆ་ཞིག་ཡིན་པ། ཞིང་འབྲོག་ཁུལ་དུ་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དེས་མང་ཚོཌ་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བཞིན་བསྐོང་ཐུབ་ཀྱི་མེད་པ། ཐོན་ལས་གོང་འཕེལ་གཏོང་བའི་ཐད་ནས་སྔར་བཞིན་ལས་ཞུགས་བསྡུ་འཇུག་གང་ལེགས་དང་མང་ཚོགས་འབབ་འཕར་ཐུབ་ཀྱི་མེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཐད་སྔར་བཞིན་སྐྱེ་ཁམས་ཁོར་ཡུག་གཉོད་ཆུང་བའི་ཚོད་བགམ་འཕྲད་བཞིན་ཡོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབས་དེས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྔར་བཞིན་དངོས་ཡོད་འགྲན་སློང་ཆེན་པོ་ཞིག་བཟོ་གི་ཡོད་པ། དེ་དང་ཆབས་ཅིག་སྲིད་གཞུང་གི་ལས་དོན་ཐད་ད་དུང་ལེཌ་བཅོས་བྱེད་དགོས་པའི་ཆ་མི་ཉུང་བ་ཞིག་ཡོད། ང་ཚོས་དེ་དག་ལ་མཐོང་ཆེན་བྱས་ནས་ཐག་གཅོད་ནན་ཏན་བྱེད་དགོས་ཀྱི་ཡོད།

    2020ལོའི་ལས་ཀའི་དམིགས་ཚད་དང་གཙོ་གནད་ལས་འགན།

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”གོང་འཕེལ་གཏོང་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་ཡག་པོ་འདིང་དགོས།

    ལོ་ཧྲིལ་པོའི་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་གཞིགས་ཐོག གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། ཡར་འགྲོ་ཡག་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་ཀའི་སྤྱི་ཡོངས་དགོངས་གཞི་མཐའ་འཁྱོངས། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ“བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་ཟོན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་ལས་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུཌ་ཆེ་རུ་གཏོང་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་གོང་འཕེལ་གཏོང་བ་དང་སྤྱི་ཚོཌ་ཁྱོན་ཡོངས་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་ཡག་པོ་བསྡུ་ཐུབ་པ་བྱེད་དགོས།

    ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་9%ཡས་མས་སུ་རྒྱུན་འཁྱོངས་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་3%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་10%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%འཕར་བ་དང་། གྲོང་གསེབ་ཡུལ་མིའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%འཕར་བ་བཅས་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3.5%ཡས་མས་སུ་ཚོད་འཛིན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་3.6%ནང་ཚུན་དུ་ཚོད་འཛིན། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5.5%ནང་ཚུན་དུ་ཚོད་འཛིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི་5མང་དུ་འགྲོ་བ་བཅས་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་ཤུགས་ཚད། བཙོག་འབུད་ཉུང་གཏོང་བཅས་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ་དང་། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་བསྡུར་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་བཅས་ཡིན།

    གོང་གསལ་དམིགས་ཚད་ལེགས་འགྲུབ་བྱེད་དགོས་ན། ངེས་པར་དུ་གོང་འཕེལ་གྱི་བསམ་གཞི་གསར་པ་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་དོན་འཁྱོལ་བྱེད་དགོས། ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཐོག གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་སྐུལ་སློང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློའི་ལྟ་བ་དང་། སྒྲིག་སྲོལ་ལམ་སྲོལ། ཚན་རྩལ་བཅས་གསར་གཏོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གསར་དར་ལས་རྣམ་གོང་འཕེལ་ཇེ་མགྱོཌ་སུ་གཏོང་དགོས་པ་དང་གཅིག མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོན་ལས་གྲུབ་ཆ་དང་ཐོན་ཁུངས་བགོ་སྒྲིག་གི་བཀོད་ཁྱབ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། “ཐོན་ལས་ཆེན་པོ་བདུན”མུ་མཐུད་གོང་འཕེལ་ཡག་པོ་གཏོང་དགོས་པ་དང་གཉིས། འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐཱན་ཉུང་འཁོར་རྒྱུག་དང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཐུན་འཕྲོད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་གསུམ། སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་ཆེ་མོར་འདྲེས་ཞུགས་བྱེད་མགྱོགས་སུ་གཏོང་རྒྱུ་དང་གཙོ་རྒྱུ་ལུགས་མཐུན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་བཞི། མཉམ་སྤྱོད་རྩ་བར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དོ་ཁུར་བྱེད་སར་རྩེ་གཅིག་ཏུ་དམིགས་ཏེ་གོང་འཕེལ་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་དགོས་པ་དང་ལྔ་བཅས་ཡིན།

    གོང་གསལ་གྱི་བླང་བྱ་ཁག་དོན་འཁྱོལ་བྱེད་པར་གཤམ་གསལ་ཕྱོཌ་བདུན་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།

    གཅིག འགག་སྒྲོལ་གྱི་ལས་དོན་ཆེན་པོ་གསུམ་རྒྱུན་མཐུད་ཡག་པོ་བསྒྲུབས་ཏེ་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་ནང་གི་མངོན་ཆེའི་ཞན་ཆ་གསབ་དགོས།

    (གཅིག)དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། དབུལ་སྒྲོལ་གྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དབུལ་པོ་བསྐྱར་ལོག་མི་ཡོང་ཉེན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག འགན་སྲུང་བྱེད་ཐབས་ཤུགས་ཆེར་བཏང་ནས་མཐའ་ལུས་དུད་ཚང་དབུལ་པོར་མི་འགྱུར་བ་དང་དབུལ་སྒྲོལ་དུད་ཚང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་རྒྱུ། མུ་མཐུད་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས“དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་འགན་བཅོལ”བཟོ་རྒྱུ། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་། ས་གནས(གྲོང་ཁྱེར)གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ཐོག རྣམ་གྲངས་འཁོར་སྐྱོད་དོ་དམ་དང་གྲུབ་ཆ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ཚན་བཅོས་སྐྱོང་འཐུས་ཚང་བཟོ་བ་དང་། ཁེ་ཕན་སྦྲེལ་མཐུད་སྲ་བརྟན་དུ་གཏོང་བ། གཞི་ཁྱོན་ལྡན་པའི་ངང་གོང་འཕེལ་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་སློབ་གཞི་བེད་སྤྱོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ། བལྟོས་བཅས་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་བར་གྱི་ལམ་སྲོལ་དང་། སྲིད་ཇུས། གཏོང་ཆ། བྱེད་ཐབས་བཅས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་ཞིབ་བཤེར་དང་ལེན་ཐུབ་པ་བྱེད་རྒྱུ།

    (གཉིས)ནམ་མཁའ་སྔོ་ལ་ཡུལ་ཀླུང་སྔོ་ལྗང་ལྡན་པ་དང་ཆུ་མོ་དྭངས་ཤིང་གཙང་བ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི“གཙང་བཅོས་གསུམ་དང་ལེགས་གཏོང་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ། བཙོག་ཆུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་དང་གད་སྙིགས་རིཌ་དབྱེའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། རྫས་ལུད་དང་ཞིང་སྨན་སྤྱོད་འབོར་10%ཆག་པ་བྱེད་རྒྱུ་དང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་བརྟན་གནས་ཐུབ་པ་བྱེད་རྒྱུ། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱབ་གདལ་གཏོང་རྒྱུ། མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པ་བྱེད་རྒྱུ། གཙང་ཆུ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་དེ་རིགས་གསུམ་པའི་ཚད་གཞི་ལས་མི་དམའ་བ་བྱེད་རྒྱུ་དང་། གྲོང་རྡལ་གྱི་གཅིག་སྡུད་རང་བཞིན་གྱི་འཐུང་ཆུའི་ཆུ་རྩའི་སྤུས་ཚད་100%ལོན་པ་བྱེད་རྒྱུ།

    (གསུམ)དངུལ་རྩ་སྐྱོན་བྲལ་དང་བརྟན་གནས་ཐུབ་པ་བྱེད་རྒྱུ། ཉེན་ཟོན་ལྟ་དཔྱད་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ལས་ཁུངས་ཀྱི་ཉེན་བུན་བསྡུར་ཚད་1%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་དང་། གཞི་ཆེའི་འགྱོགས་མདའི་བསྡུར་ཚད་རྩ་བའི་ཆར་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། དྲ་ཐོག་བུན་གཡར་སོགས་མཉམ་འབྲེལ་དྲ་རྒྱའི་ཐོག་གི་དངུལ་རྩའི་ཉེན་ཁ་བཅོས་སྒྲིག་བྱེད་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཐོག ཉོ་ཚོང་ཁྲོམ་ར་བཅོས་སྒྲིག་བྱས་ཏེ་ཁྲིམས་མཐུན་མིན་པའི་མ་རྩ་བསྡུ་རུབ་བྱེད་པ་སོགས་ཀྱི་ཁྲིམས་མཐུན་མིན་པའི་དངུལ་རྩའི་བྱེད་སྒོ་གཏན་འགོག་བྱེད་རྒྱུ་དང་། ས་གནས་ཀྱི་ཁྲིམས་ཚན་གྱི་དངུལ་རྩའི་ལས་ཁུངས་ཀྱི་ཉེན་ཁ་འགོག་ཟོན་བྱེད་རྒྱུ། ལྗོངས་ཁོངས་གཏོགས་ཀྱི་མ་འཇོག་དངུལ་རྩའི་ཁེ་ལས་ལ་དམིགས་ནས་མ་རྐང་ནང་ཞུགས་པར་མ་རྩ་འཇོག་རིགས་གཙང་བཤེར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། སྲིད་གཞུང་གི་བུ་ལོན་བཅད་གྲངས་ལ་དོ་དམ་ནན་པོ་བྱས་ཐོག ལོ་འཁོར་གྱི་གཏན་འཁེལ་དམིགས་ཚད་གཞིར་བཟུང་མངོན་མེད་བུ་ལོན་གཙང་སེལ་གྱི་ལས་འགན་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ།

    གཉིས། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དངོས་པོའི་རྨང་གཞི་བརྟན་པོ་བཟོ་དགོས།

    (གཅིག)ཞིང་ལས་དང་གྲོང་གསེབ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་གཙོ་གནད་ལྔར་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་ཡོད་པའི་དམངས་ཕན་བྱ་ཐབས་ཁག་བཅུ་ལག་བསྟར་བྱེད་རྒྱུ། ནས་ཐོན་འབོར་བརྟན་འཁྱོངས་ཐུབ་པའི་ཐོག་ཞིབ་ལས་བཟོ་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྔོ་ཚལ་དང་། ཤ དཀར་ཆུ་བཅས་ཚང་མའི་ཐོན་འབོར་ཏུན་ཁྲི100ཟིན་པ་བྱེད་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་75དང་སྤུས་ལེགས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་10འཛུགས་སྐྲུན་བྱེད་རྒྱུ་དང་། མུའུ་ཁྲི་200ཟིན་པའི་རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་ལས་གཞི་དང་ཕྱུགས་རིགས་མགོ་གྲངས་ཁྲི་30རྒྱུད་བཟང་སྤེལ་བའི་ལས་གཞི་ལག་བསྟར་བྱེད་རྒྱུ། “ཡག་པོ་བཞིའི་གྲོང་གསེབ་ལམ”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་2000གསར་བཟོ་དང་སྒྱུར་སྐྲུན་བྱས་ནས་ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་95%དང་75%ཟིན་པ་བྱེད་རྒྱུ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་ཁག་སོ་སོར་100%དང་80%ཟིན་པ་བྱེད་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུ་གནོད་མེད་བཟོས་པའི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་པའི་མཉམ་ལས་ཁང་ལེགས་སུ་བཏང་ནས་མཉམ་སྡེབ་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་གྲོང་རྡལ་དང་། ཆེས་མཛེས་ཤོས་ཀྱི་སྤྲོ་གསེང་གྲོང་གསེབ། ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། “ཞིང་གསུམ”འགན་བཅོལ་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ། མཁོ་ཚོང་ཁང་སྒྱུར་བཅོས་དང་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་བཏང་སྟེ། གཙོ་གནད་རྫོང་དང་ཤང་300ཡི་ཚན་རྩལ་ཞབས་ཞུའི་ཆ་རྐྱེན་སྒྱུར་བཀོད་བྱས་ནས་ལེགས་སུ་གཏོང་རྒྱུ་དང་། གྲོང་ཚོ་རིམ་པའི་ཚན་རྩལ་མི་སྣའི་ཁ་གསབ་རོགས་དངུལ་མཐོ་རུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་ཞིབ་དཔྱད་བྱས་ནས་བྱ་དགའ་སྤྲོད་པའི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་1500ཡན་སྤོར་རྒྱུ།

    (གཉིས)རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་མ་འཇོག་བརྟན་ཐོག་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་བུན་དངུལ་ཐོག་ནས་དམངས་འཚོའི་རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། བོད་སྐྱོར་འཆར་འགོད་དང་ལོ་འཁོར་འཆར་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་5%ཡས་མས་འཕར་ཐུབ་པ་བྱེད་རྒྱུ། ཁྲོན་བོད་ལྕགས་ལམ་ལས་འགོ་འཛུགས་པར་གཞོགས་འདེགས་བྱེད་རྒྱུ་དང་། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། ཀྲུང་ནེ་རྒྱལ་གྲོལ་ལྕགས་ལམ་བཟོ་རྒྱུའི་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་པར་གཞོགས་འདེགས་བྱེད་རྒྱུ། ལྷ་གཞིས་རིམ་མཐོའི་གཞུང་ལམ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུ་དང་། ནག་ཆུ་ནས་ལྷ་ས་བར་དང་ཆབ་མདོ་ནས་ལྕགས་ཁ་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་རྒྱུ། S5མྱུར་སྐྱོད་བགྲོད་ལམ་དང་མཐའ་རྒྱུད་ཀྱི་གཞུང་ལམ་དྲ་རྒྱ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། “3+1”གནམ་ཐང་དང་ཡོངས་སྤྱོད་གནམ་ཐང་གི་རྣམ་གྲངས་ལས་འགོ་འཛུགས་རྒྱུ་དང་། གོང་དཀར་གནམ་ཐང་གི་མཁའ་འགྲུལ་བབས་ཚུགས་གསར་པ་བསྐྲུན་ཐུབ་པ་བྱེད་རྒྱུ། དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་གྱི་ལས་གཞི་ཨ་མ་ཆ་ཚང་ལས་མཇུག་སྒྲིལ་ཐུབ་པ་བྱེད་རྒྱུ། གོར་ལྷ་སྣུམ་རླངས་མདོང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། སྐུད་མེད་གློག་འཕྲིན་གྱི་ལག་རྩལ་སྒྲིག་བཀོད་འཛུཌ་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གཙོ་གནད་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་སྒྲིག་དང་ཞིབ་བཤེར་མཆན་འགོད་བྱེད་མགྱོཌ་སུ་གཏོང་རྒྱུ། རྫོང་ཐང་ཁ་དང་སུ་ལུ་དཀར་གོང་གི་ཆུ་བེད་ལྟེ་གནས་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ་དང་། ཡིད་འོང་མཚོའི་ཆུ་བེད་རྣམ་གྲངས་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ཞིང་ནང་ཆུ་འདྲེན་གྱི“མཐའ་མའི་འགག་གནད”ལས་གྲྭ་ལག་བསྟར་ཤུགས་ཆེ་བྱས་ཏེ་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་120འཕར་སྣོན་དང་ལེགས་བཅོས་ཐུབ་པ་བྱེད་རྒྱུ། རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐུབ་པ་བྱེད་རྒྱུ། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་ཐུབ་པ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆེས་མཐའ་མའི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་དྲ་རྐྱང་རང་བསྐོར་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་བྱེད་རྒྱུ།

    (གསུམ)ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ས་མཐོའི་སྐྱེ་དངོས་ཐོན་ལས་ཐད། ནས་དང་། འབྲི་གཡག བཞོན་མ། ཡུལ་ལུག བོད་ཕག བོད་སྨན་སྨན་རྒྱུ་སོགས་ས་མཐོའི་སྐྱེ་དངོས་ཐོན་ལས་རྟེན་གཞི་བཅུ་བསྐྲུན་རྒྱུ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། མཉེས་ཐང་དང་སྲིན་པོ་རིའི“ཁུལ་གཅིག་གླིང་གཉིས”ས་མཐོའི་སྐྱེ་དངོས་ཐོན་ལས་གླིང་ཁུལ་བསྐྲུན་འགོ་འཛུགས་རྒྱུ། ཐོན་ལས་ཕྲེང་སྦྲེལ་གསབ་སྐྱོང་སྟོབས་ཆེར་གཏོང་བ་དང་གཙོ་གནད་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་རོགས་སྐྱོར་བྱས་ཏེ་ས་ཁོངས་ཀྱི་གྲགས་རྟགས་གཏོད་རྒྱུ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་བྱས་ནས་ཕྱོགས་བསྡུས་དངོས་སྒྱུར་བྱེད་ཚད་15%ཡན་ཟིན་པ་བྱེད་རྒྱུ།

    ཡུལ་སྐོར་རིག་གནས་ཐོན་ལས་ཐད། འཛམ་གླིང་ཡུལ་སྐོར་གྱི་དམིཌ་ས་གལ་ཆེན་ཞིག་དང“ས་གོ་ལའི་གླིང་སྣེ་གསུམ་པའི”ཡུལ་སྐོར་གྲགས་རྟགས་གཏོད་རྒྱུ་དང་། གནས་ལྗོངས་ཁུལ་གྱི“ཤར་གཏོང་ལྔ་དང་ཡོད་པ་བཞིའི”ལས་གྲྭ་སྤེལ་བར་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་ལས་རིཌ་ཐད་སྒོ་འཛིན་དཔལ་འབྱོར་ནས་ཐོན་ལས་ཡོངས་སྦྲེལ་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་བ་བོད་དུ་ཡོང་བའི་མ་གནས་དམའ་རུ་གཏོང་རྒྱུ་དང་དེར་སྟབས་བདེ་བསྐྲུན་རྒྱུ། གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཟབ་ཏུ་བཏང་སྟེ་རིག་གནས་གསར་གཏོད་ཐོན་ལས་གོང་འཕེལ་གཏོང་རྒྱུ། “ཡུལ་སྐོར་+”ལས་རྣམ་གསར་པ་འཛུཌ་སྐྱོང་བྱས་ཐོག ཡུལ་སྐོར་སྣེ་ལེན་མི་ཐེངས་ཁྲི་4700ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར་600ལས་བརྒལ་ཐུབ་པ་བྱེད་རྒྱུ།

    ནུས་རྒྱུ་གཙང་མའི་ཐོན་ལས་ཐད། རྒྱ་ཚྭའི་ཆུ་ཤུགས་གློག་ཁང་གི་གློག་གཏོང་ཐུབ་པ་དང་། སོལ་བ་ལུང་དང་ཡེར་པ་ཐང་། དྭགས་པོ་སོཌ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཟླ་ཆུའི་སྟོད་རྒྱུད་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ཆུ་འོད་གསབ་རེས་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་འགོ་འཛུཌ་པ། ས་འོག་ཚ་ནུས་དང་། རླུང་གློག འོད་ཤུགས་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལོ་མཇུག་ཏུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་འཕྲུལ་འདོན་གློག་ཤུགས་སྟོང་ཝ་ཁྲི1000ལས་བརྒལ་ཐུབ་པ་བྱེད་རྒྱུ།

    འབྱུང་འཕྲོད་བཟོ་ལས་ཐད། བཟོ་ལས་ཁྱབ་ཁོངས་ཀྱི་འབྱུང་འཕྲོད་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་དང་། རང་བྱུང་འཐུང་ཆུའི་གྲགས་རྟཌ་སྒྲིལ་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་ཤུགས་ཆེ་དང་ཚོང་སྒྱུར་རྒྱ་ཆེར་གཏོང་རྒྱུ། ཨར་འདམ་ཐོན་ནུས་ལྷུག་གློད་ནུས་ལྡན་བྱས་ནས་ལྗོངས་ནང་ཁུལ་གྱི་མཐིལ་རྒྱུ་གསར་སྤེལ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། འབྱུང་འཕྲོད་ཀྱི་ཨར་སྐྲུན་རྒྱུ་ཆའི་ལས་རིགས་ཀྱི་སྤུས་འབྲས་ལེགས་སུ་གཏོང་རྒྱུ། མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་གཏོང་རྒྱུ། བོད་ལུགས་གསོ་རིག་ཐོན་ལས་10%ཡན་འཕར་ཐུབ་པ་བྱེད་རྒྱུ། འབྱུང་འཕྲོད་གཏེར་ཁ་འཛུཌ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལིས་དང་ཟངས་སོཌ་ལེགས་ཆ་ཆེ་བའི་ཐོན་ཁུངས་སྲུང་སྐྱོབ་རང་བཞིན་གྱི་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་10%ཡན་འཕར་ཐུབ་པ་བྱེད་རྒྱུ།

    དེང་རབས་ཞབས་ཞུའི་ལས་རིགས་ཐད། ཁྲོམ་རའི་ལམ་སྲོལ་དང་དེང་རབས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུ། འབྱུང་འཕྲོད་དངུལ་རྩ་དང་ཀུན་ཕན་དངུལ་རྩ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། དངུལ་རྩའི་ཞབས་ཞུ་སྟབས་བདེ་ཅན་དུ་འགྱུར་བ་བྱེད་རྒྱུ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། བཀར་འཇུག་ཟོག་འགྲུལ། ཁྱིམ་ལས་རྒན་གསོ། རིག་གནས་རོལ་རྩེད། འབྱུང་འཕྲོད་བཟའ་བཏུང་སོགས་ཀྱི་ཐོན་ལས་རྒྱ་ཆེ་རུ་གཏོང་རྒྱུ། དྲ་འབོད་གླ་འཁོར་དང་། གྲོང་སྦྲེལ་མྱུར་སྐྱེལ། མཚན་མོའི་དཔལ་འབྱོར་སོགས་ལས་རྣམ་གསར་པ་གོང་འཕེལ་འགྲོ་བར་སྐུལ་ལྕག་གཏོང་རྒྱུ། ཞབས་ཞུའི་ཚོང་དོན་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་10%ཡན་འཕར་ཐུབ་པ་བྱེད་རྒྱུ།

    མཐོ་གསར་གྲངས་འཛིན་ཐོན་ལས་ཐད། ཆ་འཕྲིན་དང་གྲངས་འཛིན་ལག་རྩལ་གང་མགྱོགས་སྤྱད་དེ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོཌ་བཅོས་སྐྱོང་། ཐོན་ལས་མཐུན་སྦྱོར་གོང་འཕེལ། སྲིད་ལས་ཞབས་ཞུ་སོགས་ལ་ཕན་སྐུལ་གཏོང་རྒྱུ། ལྷ་སའི་མཐོ་གསར་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་བློ་རིག་གྲོང་ཁྱེར་ཚོད་ལྟ་བྱེད་མགྱོཌ་སུ་གཏོང་རྒྱུ། བྱང་སྐར་ཉེར་སྤྱོད་དཔེ་མཚོན་བཟོ་བར་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་དུ་གློག་རྡུལ་ཚོང་གཉེར་ཞབས་ཞུ་ཡོངས་སུ་ཁེབས་པ་བྱེད་རྒྱུ། 5Gབཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ་ལོ་མཇུག་ཏུ་ས་གནས(གྲོང་ཁྱེར)ཁག་གནས་ཡུལ་དུ་5Gདྲ་རྒྱ་ཁེབས་ཐུབ་པ་བྱེད་རྒྱུ།

    མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་ཐད། ལྷ་ས་དང་གཞིས་རྩེའི་རྒྱལ་ཁབ་ཟོག་འགྲུལ་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་རྒྱུ། གློག་རྡུལ་ཚོང་གཉེར་དང་ཟོག་འགྲུལ་བྱ་རྒྱུ་དེ་ཐོན་ལས་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་དུ་དེང་རབས་ཚོང་དོན་ཟོག་འགྲུལ་གང་མགྱོགས་བསྣུར་བསྲིང་བྱེད་རྒྱུ་དང་། ཟོག་འགྲུལ་མ་གནས་མུ་མཐུད་གཅོག་རྒྱུ། གྲང་སྦྲེལ་ཟོག་འགྲུལ་100%ཡན་འཕར་བ་བྱེད་རྒྱུ་དང་། ཟོག་འདྲེན་འཁོར་རྒྱུག་བྱེད་འབོར་10%འཕར་ཐུབ་པ་བྱེད་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུ་དང་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ཚོང་དོན་གྱི་སྒྲིག་བཀོད་འཐུས་ཚང་བཟོ་བ་དང་། མཐའ་མཚམས་ཀྱི་འབོར་ཆུང་ཚོང་དོན་རྒྱ་སྐྱེད་བཏང་ནས། མཐའ་མིའི་ཁྲོམ་རའི་ཉོ་ཚོང་བྱེད་འབོར་ལྡབ་1ཡན་འཕར་ཐུབ་པ་བྱེད་རྒྱུ།

    (བཞི)ཚན་རྩལ་གསར་གཏོད་བྱེད་པར་ཁྲིད་སྟོན་མཐའ་འཁྱོངས་བྱེད་རྒྱུ། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་འཛུགས་པ་དང་། གལ་ཆེའི་ཚན་རྩལ་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ཐད་གཏོང་ཆ་འཕར་ཚད་ན་ནིང་ལས་མཐོ་བ་བྱེད་རྒྱུ། མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་ནང་ཟབ་འཇུག་བྱེད་རྒྱུ་དང་། ལྷ་སའི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། ནས་དང་འབྲི་གཡག་གི་རྒྱལ་ཁབ་གཙོ་གནད་ཉམས་ཞིབ་ཁང་གང་མགྱོགས་འཛུགས་སྐྲུན་དང་། ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་མཉམ་འབྲེལ་གཙོ་གནད་ཉམས་ཞིབ་ཁང་བསྐྲུན་ཟིན་པ། བོད་ལུགས་གསོ་རིག་གི་ཚན་ཞིབ་གཅིག་གྱུར་ལས་སྟེགས་འཛུགས་པ་བཅས་བྱེད་རྒྱུ། ཚན་རྩལ་ཤེས་ལྡན་པའི་བོད་སྐྱོར་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀུན་ཕན་ཉེར་སྤྱོད་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ཏུ་སྤེལ་རྒྱུ། “གཉིས་གཏོད”ལོ་གསུམ་བྱ་སྤྱོད་འཆར་གཞིར་མུ་མཐུད་སྐུལ་སྤེལ་བཏང་ནས“གཉིས་གཏོད”གཞི་རྟེན་ཁག་150ཟིན་པ་བྱེད་རྒྱུ།

    གསུམ། སྒྱུར་བཅོས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་དགོས།

    (གཅིག)སེམས་ཐག་གཙང་བཅད་ཀྱིས་སྒྱུར་བཅོས་ཁག་ལ་སྐུལ་འདེད་གཏོང་རྒྱུ། ཐོན་ཁུངས་ཁྲོམ་ར་ཅན་གྱི་བགོ་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་རང་བྱུང་ཐོན་ཁུངས་ལ་བརྟག་ཞིབ་དཔྱད་གདེང་དང་གཅིག་གྱུར་ཐོག་བདག་དབང་གཏན་འཁེལ་ཐོ་འགོད་བྱེད་པར་སྐུལ་འདེད་བཏང་སྟེ། གཅིག་གྱུར་ཚད་ལྡན་དང་དྲ་ཐོག་དྲ་མིན་མཉམ་སྤྱོད་ཀྱི་བདག་དབང་ཁྲོམ་ར་གང་མགྱོགས་འཛུགས་རྒྱུ་དང་། རིན་གོང་གྲུབ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གཙོ་རྒྱུ་བགོ་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་བཟོས་ནས་གཙང་བཤེར་དང་། ཞིབ་རྩིས། དོ་དམ་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཁུལ་གླིང་གི་ཕྱོགས་བསྡུས་ས་རིན་བཟོ་འབེབས་དང་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་འཛུཌ་སྐྲུན་ལ་སྤྱོད་རྒྱུའི་ས་ཆའི་གཅིག་གྱུར་ཁྲོམ་ར་འཛུགས་རྒྱུ།

    གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱེད་རྒྱུ། གཞུང་རྒྱུར་གཅིག་གྱུར་ལྟ་སྡོམ་བྱེད་པར་སྐུལ་འདེད་བཏང་སྟེ“མ་རྩར་དོ་དམ་བྱེད་པའི”ཕྱོཌ་སུ་ཁ་སྒྱུར་གང་མགྱོགས་བྱས་ཐོག རྒྱལ་ཇུས་དམངས་འཚོར་སྲུང་སྐྱོང་དང་འཐབ་ཇུས་ཐོན་ལས་སྐྱེད་སྲིང་བྱེད་པའི་ཐད་གཞུང་ཁོངས་དཔལ་འབྱོར་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲིམས་འཛིན་བཅོས་སྐྱོང་གྲུབ་ཆ་འཐུས་ཚང་བཟོས་ནས་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་རྒྱུ། འཛུགས་སྐྲུན་མ་འཇོག་དང་། འགྲིམ་འགྲུལ་གོང་འཕེལ། མཁའ་འགྲུལ་མ་འཇོག བདེ་སྐྱིད་ཁྱིམ་གཞིས་སོཌ་ལྗོངས་ཁོངས་སུ་གཏོཌ་པའི་ཐོན་ལས་ཚོགས་ཚོ་སྒྲིག་འཛུགས་བསྐྱར་སྒྲིག་ཐུབ་པ་བྱེད་རྒྱུ། ཀྲུང་གོའི་ཡུལ་སྐོར་དང་པའོ་ཝུའུ་ཚོགས་ཚོ་སོཌ་ཀྲུང་དབྱང་ཁེ་ལས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་རྒྱུ། “བརྒྱ་གཉིས་ཁེ་ལས”ཀྱི་ལས་མིར་རྐང་འཛིན་ཡོད་པ་དང་ཁྲོམ་འགྲེམས་ཚོད་ལྟ་སྤེལ་མགྱོཌ་སུ་གཏོང་རྒྱུ། གྲོང་གསེབ་ཀྱི་གློག་དྲ“ཐད་སྡོམ”སྒྱུར་བཅོས་ལེཌ་འགྲུབ་ཐུབ་པ་བྱེད་རྒྱུ། འབྲུ་རིགས་གྲབས་གསོག་གི་བདེ་འཇགས་དོ་དམ་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཀྲུང་དབྱང་ནས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུའི་དོན་ཚན་28ལག་བསྟར་བྱས་ཏེ། དྲང་གཞག་འགྲན་རྩོད་བྱེད་པར་ཞིབ་བཤེར་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་པ། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། “མཉམ་འབྲེལ་དྲ་རྒྱ་+ཁེ་ལས་འབྲིང་ཆུང”གི་ཆེད་དམིགས་བྱ་སྤྱོད་སྤེལ་ཏེ་ཁེ་ལས་འབྲིང་ཆུང་གི་ཞིབ་འཇུག་གསར་གཏོད་དང་། ཁ་སྒྱུར་རིམ་སྤོར། “ཆེད་ལེཌ་ཁྱད་གསར་བཞི”བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཁག་ཐེག་ཀུང་སི་སྒྲིལ་བཅོས་བསྐྱར་སྒྲིག་བྱས་ཏེ་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་བྱེད་ནུས་སྒོར་དུང་ཕྱུར་50ཡན་ཟིན་པ་བྱེད་རྒྱུ་དང་། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་བའི་ཆེད་དམིགས་མ་དངུལ་དང་དཀའ་སེལ་ཐེབས་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཐད་ཀར་མ་དངུལ་བསྡུ་རྒྱུག་སྟབས་བདེ་ཡོང་བ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་ཁག་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་རྒྱུ།

    (གཉིས)ཕྱི་ཕྱོགས་སྒོ་མོ་དབྱེ་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”ནང་འདྲེས་ཞུགས་བྱེད་མགྱོགས་སུ་གཏོང་རྒྱུ། ཚོང་དོན་དང་། ཡུལ་སྐོར། ཐོན་ནུས། དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་ནང་ནེ་པ་ལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་རྒྱུ། གནས་མཇལ་བར་སྣེ་ལེན་བྱེད་པའི་ལས་དོན་ལེགས་བཅོས་དང་བྱེད་ནུས་ཆེ་རུ་གཏོང་རྒྱུ། འགྲམ་དང་། སྐྱིད་རོང་། གོང་དཀར་གནམ་ཐང་། ལ་རྩེ་བཅས་ཀྱི་འགག་སྒོའི་བྱེད་ནུས་ལེགས་སུ་གཏོང་རྒྱུ་དང་། གྲོ་མོའི་འགག་སྒོ་སླར་གསོ་བྱས་ནས་སྒོ་མོ་འབྱེད་རྒྱུ། སྐྱིད་རོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་བསྐྲུན་ནས་གཉེར་སྐྱོང་བྱེད་རྒྱུ། “ཕྱི་འབྲེལ་པུས་གོ་ལ་ཡོངས་སུ་བོད་ལྗོངས་མཚམས་སྦྱོར་ངོ་སྤྲོད་བྱེད་པའི་བྱེད་སྒོ”དང“ཧི་མ་ལ་ཡའི་མཐའ་འཁོར་གྱི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཕྱི་ཕྱོགས་རིག་གནས་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    (གསུམ)ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ། “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དོན་འཁྱོལ་བྱེད་རྒྱུ། སྡེ་ཚན་མང་པོ་དང་བང་རིམ་མང་བའི་ཞིབ་མཆན་འགོད་པའི་དོན་གནད་མུ་མཐུད་གཙང་བཤེར་གྱིས་ཉུང་འཕྲི་ཟླ་སྒྲིལ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་ཞིབ་མཆན་དབང་འགན་གསལ་ཐོ་བབ་བསྟུན་ལེགས་སྒྲིག་བྱེད་རྒྱུ། “མཉམ་འབྲེལ་དྲ་རྒྱ་+སྲིད་ལས་ཞབས་ཞུའི”གནད་འགག་ནན་འཛིན་གྱིས“དྲ་གཅིག་སྒོ་གཅིག་ཐེངས་གཅིག”གི་ཞབས་ཞུ་དང་གློག་རྡུལ་འཁྲོལ་འཛིན་དང་ལག་ཁྱེར་གྱི་ཁེབས་རྒྱ་དང་བསྣུར་ཤུགས་ཆེ་རུ་བཏང་ནས། རང་སྐྱོང་ལྗོངས་སྲིད་ལས་ཞབས་ཞུའི་ལས་སྟེགས་དང་ཚོམས་ཆེན་དབར་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་རྒྱུ་དང་། ལས་གཉེར་བརྒྱུད་རིམ་མུ་མཐུད་བསྐྱར་བཟོ་ལེགས་སྒྱུར་བྱས་ཏེ་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཞིབ་མཆན་ལམ་ལུཌ་བསྒྱུར་བཅོས་དང་དྲ་ཐོག་འོས་སྐུལ་འོས་དཔོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། འཆར་འགོད་བྱས་པའི་ས་ཆ་སྤྱོད་རྒྱུའི་མཆན་མང་གཅིག་སྒྲིལ་དང་ལག་ཁྱེར་མང་སྒྲིལ་བྱེད་པར་སྐུལ་འདེད་གཏོང་རྒྱུ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྡོམ་བྱེད་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བྱེད་རྒྱུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ་དང་། རིམ་ཁག་སྲིད་འཛིན་གྱི་གླ་རིན་བསྡུ་རིགས་མེད་པ་བཟོ་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་རིགས་ལ་བུ་ལོན་གཙང་སེལ་དང་ཁུར་པོ་ཡང་དུ་གཏོང་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ། ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་པར་ཤུཌ་སྣོན་རྒྱག་རྒྱུ། སྤུས་ཚད་ལ་ལྟ་སྡོམ་བྱེད་ནུས་ཆེ་རུ་གཏོང་རྒྱུ། འགོག་རྐྱེན་སེལ་བ་དང་། ཐེམ་པ་དམའ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཕྱིའི་མི་ཤུགས་ཐོན་ཁུངས་དང་། མ་དངུལ། ལག་རྩལ། དོ་དམ་སོགས་གཙོ་རྒྱུ་ཁག་ས་མཐོར་དེ་བས་མང་བ་འདུ་རུབ་བྱེད་པར་འདྲེན་འགུགས་བྱེད་རྒྱུ།

    (བཞི)ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། ཁྲོམ་རའི་འཛུལ་འཐུས་སྔར་བས་ལྷུག་ཏུ་གཏོང་རྒྱུ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་ཕྲེང་སྦྲེལ་གསབ་འཛུགས་སྟོབས་ཆེར་གཏོང་བར་དམིགས་ཏེ་རྣམ་གྲངས་གྲབས་གསོག་དམ་འཛིན་བྱེད་པ་དང་། ཚོང་འགུགས་ལྟ་བ་དང་བྱེད་སྟངས་བརྗེ་སྒྱུར་བྱེད་པ། སྲིད་ཇུས་ཀྱི་བྱ་ཐབས་དང་སྦྲེལ་མཐུད་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་དང་། ཐོན་ལས་བོད་སྐྱོར་གྱི་གདིང་ཤུགས་སྔོག་འདོན། དམངས་གཉེར་ཁེ་ལས་ཀྱི་སེམས་ཤུགས་སྐུལ་སློང་བཅས་བྱས་ཏེ་ཕྱི་རུ་སྒོ་རྩར་བསྐྱོད་ནས་འོས་སྦྱོར་བྱེད་པ་དང་། ནང་དུ་ཡུལ་དངོས་སུ་གདན་དྲངས་ནས་རྟོག་ཞིབ་བྱེད་རྒྱུ་དང་། ཆེད་དམིགས་མངག་བཟོ་དང་། བརྒྱུད་རིམ་ཧྲིལ་པོའི་ཚབ་སྒྲུབ། ཆེད་ཚན་ཞབས་ཞུ་སྒྲུབ་པ་བཅས་བྱེད་རྒྱུ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་འཚོག་རྒྱུའི་གྲ་སྒྲིག་ནན་ཏན་བྱེད་རྒྱུ། ཚོང་འགུགས་མ་འདྲེན་གྱི་ཚ་རླབས་སླར་ཡང་འཕྱུར་བ་བྱས་ཏེ་མ་འཇོག་སྒོར་དུང་ཕྱུར་500ཡན་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ།

    བཞི། དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་མཐུད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    (གཅིག)ལས་ཞུགས་མུ་མཐུད་བརྟན་པོ་ཐུབ་པའི་འབད་བརྩོན་བྱེད་རྒྱུ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འཐུས་ཚང་བཟོས་ཐོག ཁེ་ལས་ཀྱིས་བསྡུ་འཇུག་དང་། ཡོངས་བསྒྲགས་ཀྱིས་རྒྱུགས་ལེན་བསྡུ་འཇུག ལས་ཞུགས་བོད་སྐྱོར། རང་བརྟེན་ལས་གཏོད་སོགས་ཀྱི་བྱ་ཐབས་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཉམ་ལས་ཁང་དང་། བུ་བཅོལ་གྱི་དགེ་རྒན། གྲོང་གསེབ་ཀྱི་ཚན་རྩལ་བཅས་ཀྱི་ལས་གནས་བཟོ་འདོན་བྱས་ཏེ་མཐོ་རིམ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་6ཡན་གསར་འདོན་ཐུབ་པ་བྱས་ཏེ་ལས་ཞུགས་ཐུབ་ཚད་90%ཡན་ཟིན་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་བབ་བསྟུན་ལས་ཞུགས་ཐུབ་པ་བཟོ་རྒྱུ། ལས་རིགས་རྩལ་ནུས་མཐོར་འདེགས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་འབྲོག་པ་ཁྲི་10ལ་སྦྱོང་བརྡར་སྤྲོས་ཐུབ་པ་དང་། མི་ཁྲི་60གནས་སྒྱུར་ལས་ཞུགས་ཐུབ་པ། མི་རེའི་ཆ་སྙོམས་ངལ་ལས་ཡོང་འབབ་20%ཡན་འཕར་བ་བཅས་བྱེད་རྒྱུ།

    (གཉིས)སློབ་གསོ་མུ་མཐུད་སྔོན་ལ་གོང་འཕེལ་གཏོང་རྒྱུ། དགེ་རྒན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྦྱོང་བརྡར་སྤེལ་ཏེ་རིམ་རིགས་ཁག་གི་སློབ་གྲྭའི་ཕུགས་འདུན་དད་སེམས་དང་། རྒྱལ་གཅེས་རིང་ལུགས། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་རྒྱག་རྒྱུ། སློབ་ལོ་མ་ལོན་གོང་གི་སློབ་གསོའི་དུས་ཐེངས་གསུམ་པའི་བྱ་སྤྱོད་འཆར་གཞི་སྤེལ་རྒྱུ། རྫོང་ཁོངས་ཀྱི་འགན་བབས་སློབ་གསོ་གཞི་རྩའི་ཆར་དོ་སྙོམས་ཐུབ་པར་རྒྱལ་ཁབ་ནས་ཚོད་སྐོར་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་ལས་དོན་ལེགས་སྒྲུབ་བྱས་ཏེ་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཟིན་པ་བྱེད་རྒྱུ། ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་གཏིང་ཟབ་བྱས་ཐོག “1+X”ལས་རིགས་རྩལ་ནུས་གདང་རིམ་གྱི་ལག་ཁྱེར་དང་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཆེད་ལས་ཡག་པོ་གཉེར་རྒྱུ། མཐོ་རིམ་སློབ་གསོའི་ནང་རྒྱས་ཀྱི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ“རྩེ་གྲས་གཉིས”འཛུགས་སྐྱོང་ཚགས་ཚུད་དུ་གཏོང་བ་དང་། ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་བཏང་སྟེ་མཐོ་རིམ་སློབ་གསོར་ན་འདྲེས་སློབ་མ་ཞུགས་ཚད་རྒྱལ་ཁབ་ཀྱི་བླང་བྱའི་ཚད་གཞིར་སླེབས་པ་བྱེད་རྒྱུ། སྤྱི་ཚོགས་སློབ་གསོའི་ཐོན་ཁུངས་ཀྱི་ནུས་འབྲས་འདོན་སྤེལ་བྱས་ཏེ་དམིགས་བསལ་སློབ་གསོ་དང་། ཚེ་གང་སློབ་གསོ། ལས་ཐོག་སློབ་གསོ། ཞིང་འབྲོག་པའི་སློབ་གསོ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། “མཉམ་འབྲེལ་དྲ་རྒྱ་+སློབ་གསོ”ཡོངས་སུ་ཁེབས་ཐུབ་པ་བྱེད་རྒྱུ། “འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ་སློབ་མ་རེར་ཆ་སྙོམས་ལོ་རེར་སྒོར་3720ནས་སྒོར་4200ལ་སྤོར་རྒྱུ།

    (གསུམ)བདེ་ཐང་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་རྒྱུ། “བདེ་ཐང་ཀྲུང་གོའི་བྱ་སྤྱོད”ཀྱི་ལས་འགན་ཁག་15དོན་འཁྱོལ་བྱེད་རྒྱུ་དང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ་མཉམ་འགུལ”བྱེད་པའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། གཞི་རྩའི་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུ་སྒྲུབ་པའི་མི་རེའི་ཆ་སྙོམས་གྲོན་དངུལ་10%ཡན་འཕར་བ་བྱེད་རྒྱུ། ས་མཐོའི་རང་བཞིན་གྱི་སྙིང་ཁམས་ཁྲག་རྩའི་ནད་དང་། འདུས་འདྲིལ་གཅོང་ནད། མཆིན་ཚད། གྲུམ་བུའི་རུས་ཚིགས་ནད། བུད་མེད་ཀྱི“སྐྲན་ནད་གཉིས”སོགས་སྒྲུག་བཤེར་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཉེན་ཆེ་དང་ཚབས་ཆེའི་ནད་རིགས་ཀྱི་སྨན་བཅོས་སྲོག་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ་དང་། རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ཐད་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དྲག་སྐྱེས་གནད་སྨིན་དང་དབང་སྐྱོན་སྔོན་འགོག་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། བུད་མེད་དང་བྱིས་པའི་བདེ་ཐང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ཀྱི་ཚད་གཞི་དང་ཞིབ་བཤེར་ལྟ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནུས་འབྲས་ཆེ་རུ་གཏོང་རྒྱུ། རྫོང་རིམ་ཡན་གྱི་སྨན་ཁང་100%ལ“མཉམ་འབྲེལ་དྲ་རྒྱ་+སྨན་བཅོས་བདེ་ཐང”ཁེབས་པ་བྱེད་རྒྱུ། བོད་ལུགས་གསོ་རིག་གི་ལུམ་བཅོས་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་པའི་གྲུབ་འབྲས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕྲོད་སྦྱོར་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་གཏོད་བྱེད་མགྱོགས་སུ་གཏོང་རྒྱུ། “བདེ་འཕྲོད་ཇ”ཁྱབ་གདལ་གཏོང་བའི་ཚོད་ལྟ་སྤེལ་རྒྱུ། དམངས་ཡོངས་བདེ་ཐང་ཡོང་བའི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་རྒྱུ། ལྗོངས་ཡོངས་ཀྱི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་དང“ཧི་མ་ལ་ཡའི་མཐའ་སྐོར་གྱི”ཕྱི་རོལ་བྱེད་སྒོ་སོགས་ཀྱི་འགྲན་བསྡུར་ཡག་པོ་གཉེར་རྒྱུ།

    (བཞི)རིག་གནས་བྱ་གཞག་གོང་འཕེལ་ཧུར་ཐག་གཏོང་རྒྱུ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་རིག་གནས་འཐབ་ས་སྲ་བརྟན་དུ་གཏོང་རྒྱུ། གཞི་རིམ་ཤིན་ཧྭ་དཔེ་ཚོང་ཁང་གི་འཛུགས་སྐྲུན་ཆད་སྐྱོན་གང་མགྱོཌ་གསབ་རྒྱུ། བློ་རིག་རླུང་འཕྲིན་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་འཛུགས་སྐྲུན་གང་མགྱོགས་བྱས་ནས་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་སྤུས་འབྲས་ལེགས་སུ་གཏོང་རྒྱུ། བོད་ལྗོངས་རང་བྱུང་དངོས་མང་བཤམས་སྟོན་ཁང་དང་། མཛེས་རྩལ་ཁང་། རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་རིག་གནས་ཀྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོར་རྒྱབ་སྐྱོར་བྱས་ཏེ་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ནུས་ལྡན་ངང་ཆུང་དུ་གཏོང་རྒྱུ། རྫོང་རིམ་པའི་སྒྱུ་རྩལ་ཚོགས་པ་100%ལ་འཁྲབ་སྦྱོང་བྱ་ཡུལ་བཟོ་རྒྱུ་དང་། གྲོང་གསེབ་ཏུ་འཁྲབ་སྟོན་རུ་ཁག་འཛུགས་པར་སྐུལ་འདེད་གཏོང་རྒྱུ། དུས་ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་མཚན་སྙན་སྤྲོད་རྒྱུ། རིག་གནས་ཐོན་ལས་སྡེ་གླིང་ཡག་པོ་གཉེར་ནས“རིག་གཏོད་བོད་ལྗོངས”ཀྱི་གྲགས་རྟགས་བཟོ་རྒྱ་ཆེ་རུ་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང་ཟབ་གཏོད་བྱེད་རྒྱུ།

    (ལྔ)སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་མ་དངུལ་རྒྱུན་གཏན་ངང་ལེགས་སྒྲིག་ཐུབ་པ་བྱེད་རྒྱུ། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣར་བར་བརྒལ་རིང་གི་ཕན་བདེའི་དངུལ་གྱི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་260ལ་སྤོར་རྒྱུ། གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱས་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བརྟན་པོ་བྱས་ཐོག གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཕྱོགས་བསྡུས་འགན་སྲུང་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ་དང་། ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་སྨན་རིན་དུས་རྩིས་ཐུབ་པ་བཟོ་རྒྱུ། སྤྱི་ཚོགས་འགན་སྲུང་གིས་ཐ་སྐྱོང་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་། དཀའ་ངལ་ཤིན་ཏུ་ཆེ་བའི་མི་སྣ་འཚོ་སྐྱོང་། “རྒན་གྲས་གསུམ”གྱི་མི་སྣའི་ཁ་གསབ་རོགས་དངུལ། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་བཅས་ཀྱི་ཚད་གཞི་ཁག་མུ་མཐུད་ནས་མཐོ་རུ་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། སྤྱི་ཚོགས་ཅན་གྱི་རྒན་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཐབས་མང་མཉམ་སྤྱོད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ་ཚང་ཁྲི་2.49བསྐྲུན་རྒྱུ། དམངས་འཚོའི་གཏོང་ཆ་ཤུགས་ཆེར་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་འགྲོ་བའི་འབད་བརྩོན་བྱེད་རྒྱུ།

    ལྔ། མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཁུལ་ཁོངས་ཆགས་གཞི་འཐུས་སྒོ་ཚང་དུ་གཏོང་དགོས།

    (གཅིག)ཁུལ་ཁོངས་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁོངས་ས་ཆའི་བར་སྟོང་གསར་སྤེལ་ཐད་འཚམ་ཚད་རང་བཞིན་གྱི་དཔྱད་གདེང་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལྗོངས་ཡོངས་ཀྱི་རིམ་བཞིའི་རྒྱལ་ཁོངས་ས་ཆའི་བར་སྟོང་གི་འཆར་འགོད་མ་ལག་གཞི་རྩའི་ཆར་འཛུགས་རྒྱུ། མི་འབོར་ཡོངས་བཤེར་ཐེངས་བདུན་པ་སྤེལ་རྒྱུ། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། བོད་དབུས་ཀྱི་རོང་ཁུལ་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཆུ་ཚོད་3གྱི་དཔལ་འབྱོར་འཁོར་རྒྱ་རིམ་སྤོར་བྱེད་རྒྱུ། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་བའི་གནས་སྤོའི་ལས་དོན་ལ་སྐུལ་འདེད་བཏང་ནས་སྲིན་པོ་རིའི་དུས་ཐེངས་གཉིས་པའི་ལས་གྲྭ་གང་མགྱོགས་ལག་བསྟར་བྱེད་རྒྱུ། གཙོ་གནད་འབུར་ཐོན་གྱིས་རྫོང་ཁོངས་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་རྒྱུ། བོད་ཤར་ཁུལ་གྱི་སྒོ་མོ་སྦྲེལ་མཐུད་བྱེད་ནུས་ཆེ་རུ་བཏང་སྟེ། ཤར་དུ་སི་ཁྲོན་དང་། ཁྲུང་ཆིང་། ཡུན་ནན་བཅས་གསུམ་གྱི་དཔལ་འབྱོར་ས་རྒྱུད་དང་སྦྲེལ་བ་དང་བོད་ཤར་ལྷོའི་གོང་འཕེལ་གསར་པ་གཏོང་རྒྱུའི་ཇུས་འགོད་བྱེད་རྒྱུ། བོད་ནུབ་བྱང་གི་གཙོ་ནུས་ཐོན་ཁུལ་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ་བྱང་དུ་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ། ཤིན་ཅང་བཅས་དང་དཔལ་འབྱོར་ཐད་ཀྱི་འབྲེལ་གཏུག་ཟབ་ཏུ་གཏོང་རྒྱུ་དང་། མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གཙང་ཆུའི་ཆུ་འགོ་སྲུང་སྐྱོབ་དང་། འཐབ་ཇུས་དངོས་ཟོག་གྲབས་གསོག་རྩད་ཞིབ། རང་བྱུང་ཐོན་ཁུངས་གཞི་གཅིག་ཅན་གྱི་ཞིབ་ལས་བེད་སྤྱོད་བཅས་བྱེད་རྒྱུ།

    (གཉིས)མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། མཉམ་འགོག་མཉམ་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞི་མཐུན་ལྷིང་འཇགས་ཡོང་བར་འགན་སྲུང་བྱེད་རྒྱུ། ལམ་དྲ་དང་། གློག་དྲ། འཕྲིན་གཏོང་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ནས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ། “མཐའ་དར་དམངས་ཕྱུག”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐའ་རྒྱུད་དཔལ་འབྱོར་ཁུལ་གོང་འཕེལ་བཏང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་འགྲུབ་བྱེད་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་མི་འབོར་གོང་འཕེལ་དང་ཐོན་ལས་དར་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། མཐའ་མིའི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་བཏང་སྟེ་འཐབ་ས་དང་པོའི་མཐའ་མིའི་ཁ་གསབ་ཚད་གཞི་མཐོ་ཤོས་སྒོར་6000ཟིན་པ་བྱེད་རྒྱུ།

    (གསུམ)རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་ཚོད་ལྟ་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཏེ་མཐའ་མཚམས་མུ་ཏིག་གྲོང་རྡལ་ཆུང་གྲས་30འཛུགས་སྐྲུན་ཚོད་ལྟ་བྱེད་རྒྱུ། རྫོང་གྲོང་གི་ཆུ་འདོན་ཆུ་འགྲོ་དང་ཤང་དང་གྲོང་རྡལ་གྱི་གད་སྙིགས་གཙང་སེལ་སྒྲིག་བཀོད་སྐྲུན་ཟིན་པ་བྱེད་རྒྱུ་དང་། ས་ཁད་མཐོ་ཞིང་གྲང་ངར་ཆེ་བའི་རྫོང་གྲོང་གི་དྲོད་གཏོང་ལས་གྲྭ་མུ་མཐུད་གཉེར་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་རྙིང་གོག་སྡེ་ཁུལ་ཆུང་གྲས་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོང་ལས་སྒྲིག་བཀོད་འཁོར་སྐྱོད་དང་ཉམས་བཟོའི་གྲོན་དངུལ་འགན་སྲུང་བྱེད་པའི་སྲིད་ཇུས་ཞིབ་འཇུག་བྱེད་རྒྱུ། སྡོད་ཁང་བོཌ་གཏོང་ཁྲོམ་ར་གོང་འཕེལ་གཏོང་རྒྱུ། རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་གང་མགྱོགས་འཕར་བ་བྱེད་རྒྱུ།

    (བཞི)སྡེ་གླིང་དཔལ་འབྱོར་གྱི་སྤུས་རིམ་གསར་མ་གཏོད་རྒྱུ། ཐོན་ལས་སྡེ་གླིང་གི་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ས་གནས(གྲོང་ཁྱེར)རེ་ལ་ཁྱད་ལྡན་ལྟེ་བའི་སྡེ་གླིང་རེ་འཛུགས་སྐྲུན་བྱས་ཏེ་ཐོན་ལས་རུབ་འདུས་དང་རྣམ་གསར་བཟོ་ལས་ཅན་དུ་རིམ་སྤོར་གང་མགྱོགས་ཐུབ་པ་བྱེད་རྒྱུ། ལྗོངས་ནང་ཁུལ་དུ“ས་གྲོལ་དཔལ་འབྱོར”རྣམ་པ་འཚོལ་ཞིབ་བྱེད་རྒྱུ། བོད་མཚོ་ཞིང་ལྗོངས་གཉིས་དབར་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ་བོད་མཚོའི་བཟོ་ལས་གླིང་ཡག་པོ་གཉེར་རྒྱུ། རིགས་ཁག་གི་སྡེ་གླིང་གི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་200ཡན་ཟིན་པ་བྱེད་རྒྱུ་དང་མི་ཁྲི་10ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ།

    དྲུག མཛེས་སྡུག་ལྡན་པའི་བོད་ལྗོངས་རྒྱུན་མཐུད་འཛུཌ་སྐྲུན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་སྐྱེ་ཁམས་སྲུང་བཅད་སྲ་བརྟན་དུ་གཏོང་དགོས།

    (གཅིག)སྐྱེ་ཁམས་ཤེས་དཔལ་ལྡན་པའི་ལམ་ལུགས་ཀྱི་མ་ལག་དོན་འཁྱོལ་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཆེས་ནན་ཤོས་ལག་བསྟར་བྱས་ནས་ཐོན་ཁུངས་གསར་སྤེལ་ཐད་ཀྱི་ལྟ་སྡོམ་ནན་པོ་བྱས་ཐོག སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་ནན་ཏུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྒྱུར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཕན་གཏུག་བཤེར་ལ་རྒྱབ་སྐྱོར་བྱེད་རྒྱུ།

    (གཉིས)རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་ལས་གྲྭ་གཏིང་ཟབ་གཉེར་རྒྱུ། ནགས(རྩྭ)དཔོན་ལམ་ལུཌ་འཛུགས་རྒྱུའི་འཚོལ་ཞིབ་བྱས་ཐོག རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་རྒྱུ་དང་ཆུའི་ཐོན་ཁུངས་དང་། ནཌ་ཚལ། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཆུ་བོ་དང་མཚོ་མཚེའུ་20ཡི་དོ་དམ་ཁྱབ་ཁོངས་དབྱེ་གཅོད་ལས་དོན་ལེགས་སྒྲུབ་བྱེད་རྒྱུ། སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་རྩད་ཞིབ་ངེས་རྟགས་བཟོས་ཐོག རང་བྱུང་སྲུང་སྐྱོབ་བྱ་ཡུལ་ལེཌ་སྒྲིག་བཟང་སྒྱུར་བྱེད་པར་ཤུཌ་སྣོན་རྒྱག་རྒྱུ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་བོད་ལྗོངས་ཁུལ་ཁོངས་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། ས་གོ་ལའི་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་འདུས་ཚོགས་འཛུགས་སྐྲུན་མཆན་འགོད་ཞུ་བར་སྐུལ་འདེད་བཏང་ཐོག ཇོ་མོ་གླང་མ་དང་བྱང་ཐང་ཁུལ་ཁོངས་འཛུགས་སྐྲུན་ཐུབ་པ་བྱེད་རྒྱུ།

    (གསུམ)སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་འཛུགས་སྐྲུན་འཆར་འགོད་བཟོ་སྒྲིག་བྱེད་རྒྱུ། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་དང་འབྱུང་འཕྲོད་དངུལ་རྩ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེའི་སྲིད་ཇུས་ཞིབ་འཇུག་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། མང་ཚོགས་ལ་ཕན་པ་ཐོབ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པར་ཁ་གསབ་སྤྲོད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྩྭ་ཐང་དང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཀྱི་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་རྒྱུ། རྒྱལ་ཡོངས་ཀྱི་བཙོག་སྐྱོན་ཡོང་ཁུངས་ཡོངས་བཤེར་ཐེངས་གཉིས་པ་ལེགས་འགྲུབ་ཐུབ་པ་བྱེད་རྒྱུ། “ཚད་གཞི་གསུམ་དང་གསལ་ཐོ་གཅིག”བཟོ་སྒྲིག་ལེགས་སྒྲུབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཁུལ་ཁོངས་དབྱེ་ནས་ལྟ་སྡོམ་བྱེད་པའི་མ་ལག་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་གཙང་ནམ་ཡང་དྭངས་གཙང་ཡོང་བ་དང་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་རྒྱུ།

    བདུན། སྤྱི་ཚོགས་བཅོས་སྐྱོང་བྱེད་རྒྱུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པའི་རྨང་རྩ་སྔར་བས་སྲ་བརྟན་དུ་གཏོང་དགོས།

    (གཅིག)ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བོད་སྐྱོང་མཛད་ཇུས་དང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱས་ཐོག བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་རྐྱེན་ཐག་གཅོད་བྱེད་པའི་ཕུཌ་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྲུང་དམངས་རགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། “ཧྥུང་ཆའོ་ཉམས་མྱོང་”ཁྱབ་གདལ་དང་དར་སྤེལ་བཏང་སྟེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཐོག སྤྱི་ཚོགས་བདེ་འཇགས་ཀྱི་འགོག་ཟོན་མ་ལག་འཛུགས་སྐྲུན་ཚད་ལྡན་བྱེད་པའི་གྲོང་ཁྱེར་ཞིག་གཏོད་པ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཚཌ་ཚུད་དུ་གཏོང་བ། གྲོང་ཁྱེར་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཚོད་ལྟའི་ལས་དོན་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་མུ་མཐུད་སྤེལ་བ་དང་། ལོག་རྡུང་ཟིང་བཅོས་དང་གཡེམ་སེལ་ལོག་རྡུང་རྒྱུན་མཐུད་ནས་སྤེལ་ཏེ་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། མཉམ་འཛུགས་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོཌ་པ་ཞིག་བཏོད་དེ་མང་ཚོགས་ཀྱི་བདེ་སྣང་སྲ་བརྟན་དང་ཤུགས་ཆེར་གཏོང་རྒྱུ།

    (གཉིས)མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དྲིལ་བསྒྲགས་དང་ལག་བསྟར་ཤུགས་ཆེ་བྱེད་པ་དང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ། མི་རིགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། མི་རིཌ་ཁག་གི་སྤྱི་དམངས་རྣམས་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡོང་བར་འགན་སྲུང་བྱེད་རྒྱུ། སྒོ་དབྱེར་བརྟེན་ནས་འགྲོ་འོང་དང་། གོང་འཕེལ་ལ་བརྟེན་ནས་སྤེལ་རེས། དར་རྒྱས་ལ་བརྟེན་ནས་མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་གོང་བུ་གཅིག་ཏུ་འགྲིལ་ཐུབ་པ་བྱེད་རྒྱུ།

    (གསུམ)ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། ཆོས་ལུགས་བྱ་བའི་དོ་དམ་ལམ་ལུཌ་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཐོག ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ། ཆོས་ལུགས་བྱ་བར་བཅོས་སྐྱོང་བྱེད་ནུས་ཆེ་རུ་བཏང་སྟེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་རྣམ་དག་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཆོས་ཕྱོགས་ལས་རིགས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁ་ཕྲལ་གཏོར་བཤིག་བྱེད་སྒོ་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱེད་པར་ཁྲིད་སྟོན་བྱེད་རྒྱུ། སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་སྲུང་བྱེད་རྒྱུ་དང་། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ཐོག ཧུར་བརྩོན་དང་། སྐྱོན་བྲལ། ཤེས་དཔལ་བཅས་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་དད་བཀུར་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ།

    (བཞི) བདེ་འཇགས་ཐོན་སྐྱེད་དང་འཕྲལ་རྐྱེན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡུལ་སྐོར། གཏེར་ཁ་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་དང་ཆེད་དོན་བཅོས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རྨང་གཞི་སྲ་བརྟན་དུ་གཏོང་བ། ལྟ་སྡོམ་ཁྲིམས་སྒྱུར་ནན་པོ་བྱེད་པ། མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དམིཌ་བསལ་དང་ཚབས་ཆེའི་ལས་འཛོལ་མི་ཐོན་འགོག་ཟོན་མཐའ་གཅིག་ཏུ་བྱེད་རྒྱུ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྡོམ་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ། འཕྲལ་རྐྱེན་དོ་དམ་བྱེད་པའི་མ་ལག་འཐུས་ཚང་བཟོ་བ་དང་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུ། གནམ་གཤིས་དང་། ཆུ་དཔྱད། ས་གཤིས། ས་ཡོམ། ནགས་རྩྭ། འཕྲོད་བསྟེན། རིམས་འགོག སྐྱེ་ཁམས་ཁོར་ཡུག་སོཌ་ཀྱི་གནོད་འཚེ་འདྲ་མིན་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི“ལས་གཞི་ཆེན་པོ་དགུ”ལག་བསྟར་གང་མགྱོཌ་བྱེད་པ། རོགས་སྐྱོབ་གེགས་སེལ་གྱི་དངོས་རྫས་དང་སྒྲིག་ཆས་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གནོད་འཚེའི་དོན་རྐྱེན་རིགས་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་ཐག་གཅོད་ནུས་ཆེ་ཐུབ་པ་བྱེད་རྒྱུ།

    ལོ་གསར་པའི་ནང་། ང་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཤུཌ་མུ་མཐུད་ཆེ་རུ་བཏང་སྟེ་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱལ་སྲུང་ལས་གྲྭ་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་སྤེལ་གཏོང་རྒྱུ་དང་། དམག་དམངས་མཉམ་འདྲེས་གཏིང་ཟབ་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་དེར་ཞབས་ཞུ་བསྒྲུབ་པར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་སྐུལ་སློང་དང་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་བ། དུས་རབས་གསར་པའི“གཉིས་བཀུར”ལས་ཀའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་མཁའ་ཟོན་བྱ་གཞག་གོང་དུ་སྤེལ་བ་བཅས་བྱས་ནས་མེས་རྒྱལ་གྱི་མངའ་ཁོངས་བདེ་འཇགས་དང་། བདག་དབང་། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ལྕགས་རི་སྲ་ཞིང་བརྟན་པ་ཞིག་བརྒྱབ་སྟེ། ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ།

    མི་དམངས་མོས་པ་ཆེ་བའི་ཞབས་ཞུའི་རྣམ་པའི་སྲིད་གཞུང་ཞིག་ལེགས་སྐྱོང་ཧུར་ཐག་བྱེད་དགོས།

    ལོ་གསར་པའི་ནང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་གཞི་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཐོག སྲིད་འཛིན་བྱེད་ཐབས་གསར་གཏོད་དང་སྲིད་འཛིན་ནུས་འབྲས་ཆེ་རུ་བཏང་སྟེ་འགན་འཁྲི་ཁ་གསལ་དང་སྲིད་འཛིན་ཁྲིམས་བཞིན་བྱེད་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་དགོས།

    གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོཌ། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྲིད་གཞུང་ལས་དོན་གྱི་མགོ་ནས་མཇུག་བར་ཚང་མར་ཏང་གི་འགོ་ཁྲིད་ཁྱབ་པ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་རྐང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།

    གཉིས། ཁྲིམས་སྐྱོང་སྲིད་གཞུང་ལེགས་སྐྱོང་བྱེད་དགོས། ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་འཛིན་ཁྲིམས་བཟོ་འཐུས་ཚང་བཟོ་བ་དང་། སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་བཟོ་བ། ཁྲིམས་ལུགས་ཐོག་ནས་འབྲེལ་བ་རིགས་ཁག་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་སྲིད་དོན་ཁོར་ཡུག་ཅིག་གཏོད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་དང་གཏན་འབེབས་ཁག་ལག་བསྟར་ནན་ཏན་བྱེད་པ་དང་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན། ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་ལྟ་སྐུལ་རང་རྟོགས་ངང་དང་ལེན་བཅས་བྱེད་དགོས། རྩིས་བཤེར་དང་བསྡོམས་རྩིས་ཀྱི་ལྟ་སྐུལ་ནན་པོ་བྱེད་དགོས། ལས་ཕྱོད་ཆེ་བའི་ལག་བསྟར་མ་ལག་གང་མགྱོགས་ཆགས་པ་བྱས་ཏེ་ཚན་རིག་དང་མཐུན་ཞིང་དམངས་གཙོ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། སྲིད་ལས་ཡོངས་བསྒྲགས་བྱེད་རྒྱུ་ཁྱབ་གདལ་ཤུགས་ཆེ་བཏང་ཐོག དབང་ཆ་འཁོར་སྐྱོད་ཚད་དང་ལྡན་པ་བཟོ་དགོས།

    གསུམ། འགན་ནུས་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་ཞབས་ཞུ་ཆེད་ལས་ཅན་དང་། ཆེད་དམིགས་ཅན། ཞིབ་གཉེར་ཅན་བཅས་སུ་སྐུལ་འདེད་གཏོང་རྒྱུ། གོང་འོག་སྦྲེལ་མཐུད་ཐུབ་ལ་ལག་བསྟར་ནུས་པ་ལྡན་པའི་སྲིད་གཞུང་ལས་ཁུངས་ཀྱི་འགན་ནུས་མ་ལག་ཆགས་པ་བྱས་ཏེ་ཕྱོགས་ཁག་གི་ལས་དོན་རྣམས་མཐུན་སྦྱོར་མཉམ་སྤེལ་དང་འཁོར་རྒྱུག་ཕྱོད་ཆེའི་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་ཁྲོམ་རའི་དབར་དང་། སྲིད་གཞུང་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ལེགས་སྒྲིག་བྱས་ནས་གསལ་པོ་བཟོ་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུ་དང་གློད་སྡོམ་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་དོ་དམ་བྱེད་མི་དགོས་པའི་རིགས་ལ་དབང་ཆ་མཐའ་གཅིག་ཏུ་གློད་རྒྱུ་དང་། དོ་དམ་བྱེད་དགོས་རིགས་ལ་ངེས་པར་དུ་དོ་དམ་ཏན་ཏིག་བྱེད་དགོས། “དཔང་འཛིན་ཉུང་གཏོང་གིས་དམངས་ལ་སྟབས་བདེ་སྐྲུན་པའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ། རིགས་ཁག་གི་དཔང་འཛིན་50%ཡན་ཉུང་དུ་གཏོང་ཐུབ་པ་བྱས་ནས་དཀའ་ངལ་དང་རྙོག་དྲའི་རིགས་སྲིད་གཞུང་ལ་ཉར་བ་དང་སྟབས་བདེ་དང་ཁེ་ཕན་རིགས་མང་ཚོགས་ལ་དངོས་འབྲེལ་སྤྲོད་ཐུབ་པ་བྱེད་དགོས།

    བཞི། སྤྱོད་ཚུལ་ལེགས་སུ་གཏིང་ཟབ་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“སྤྱོད་ཚུལ་བཞི”རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཡོ་བསྲང་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུཌ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱེད་པ་དང་། ཉབ་ཉོབ་སྒྱིད་ལུག་དང་། ལས་ཀ་མི་བྱེད་པ། ལས་འགྱངས་གཏོང་བ། ལས་ཀ་རྫུན་མ་བྱེད་པ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པ། ལག་བསྟར་བྱེད་ཤུཌ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། མུ་མཐུད་འཚོ་བ་སྐྱེལ་མཁས་པོ་བྱེད་རྒྱུ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེར་བཏང་སྟེ་རང་སྐྱོང་ལྗོངས་རིམ་པའི་མི་གཏོང་ཀ་མེད་མིན་པ་དང་གཙོ་གནད་རྣམ་གྲངས་མིན་པའི་གཏོང་ཆའི་རིགས་16%ཡན་འཕྲི་གཅོག་བྱེད་རྒྱུ་དང་། གཞུང་གྲོན་11%ཡན་འཕྲི་གཅོག་བྱས་ཏེ་དམངས་འཚོའི་གཙོ་གནད་གཏོང་ཆ་ཁག་བཅུ་འགན་སྲུང་བྱེད་པར་སྤྱོད་དགོས། “གཞི་གསར་སྔོན་རྩིས”ཀྱི་ཚོད་ལྟ་སྤེལ་བ་དང་ནོར་སྲིད་གཏོང་ཆའི་ཕན་འབྲས་ཆེ་རུ་བཏང་སྟེ་ཚད་ཡོད་ཀྱི་དངུལ་རྣམས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་དེ་བས་མང་བ་སྤྱོད་ཐུབ་པ་བྱེད་དགོས།

    འཐུས་མི་རྣམ་པ། ངོ་མཚར་དཔེ་རིས་མངོན་འགྱུར་ཐུབ་ལ་ཉེ། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་ངང་གོང་འཕེལ་མྱུར་པོ་བྱུང་བ་དང་། འཆར་འགོད་བྱས་པའི་རིགས་ཆེན་པོ་4ཡི་དམིགས་ཚད་ཁག་38བདེ་བླག་ངང་ལས་འགོ་བཙུགས་ཤིང་ཕྱེད་ཀ་ཡན་སྔ་སྣུར་དུ་ལེགས་འགྲུབ་བྱུང་ཡོད། ང་ཚོས་རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་པོ་བཅངས་ཏེ་དམིགས་ཚད་ལས་འགན་ལ་བསྡིར་ནས་ལས་ཀ་དོན་འཁྱོལ་དམ་འཛིན་བྱས་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་ཡོངས་སུ་བསྡུ་ཐུབ་པའི་ཐོག མི་དམངས་ཀྱི་ཁས་ལེན་ཐོབ་ཐུབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་རྒྱུ་རེད།

    འཐུས་མི་རྣམ་པ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཆད་མེད་མདུན་དུ་རྒྱུག་བཞིན་ཡོད། ང་ཚོ་དྲག་ཆར་རླུང་འཚུབ་ལ་མི་སྐྲག་ཅིང་། གེགས་བར་འགལ་རྐྱེན་གང་ལའང་དཔའ་མི་ཞུམ། ད་ལོའི་ལས་འགན་ནི་དེ་བས་ལྗིད་རྫོབ་ཆེ་བ་དང་འགན་འཁྲི་དེ་བས་ཆེན་པོ་ཡིན་པས། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་སླ་བཅོས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལས་དོན་ཁག་གི་ནང་དོན་འཁྱོལ་བྱེད་པ་དང་། ལམ་ལུགས་ཀྱི་ལེགས་ཆ་རྣམས་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་བར་ཏན་ཏིག་སྒྱུར་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱར་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོར་གཞི་ཚུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་མོ་དང་ཆོས་ཉིད་ཐབས་ཤེས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། གཙོ་གནད་དང་། དཀའ་གནད། དམིགས་ཚད་ལས་འགན་བཅས་དམ་འཛིན་ཏན་ཏིག་བྱེད་དགོས། ང་ཚོས་ངེས་པར་དུ་རིམ་ཁག་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་ལས་བཟོའི་སྣེ་ཁྲིད་དེ་ཐེག་པ་ཁུར་ལེན་དང་རང་འགུལ་ལས་སྒྲུབ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞི་ཆེ་རུ་གཏོང་བ། འཇོན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་ཚོད་དམ་འཛིན་དང་། དུས་བཟང་ལ་གཅེས་སྤྲས། འབད་འབུངས་མདུན་སྐྱོད་བཅས་བྱེད་དགོས། ང་ཚོས་ངེས་པར་དུ་མི་དམངས་མང་ཚོགས་ལ་རྒྱབ་རྟེན་ལྷོད་མེད་བཅོལ་ཐོག མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་དང་། དམངས་སེམས་གཅིག་སྒྲིལ་དང་ཇུས་ཤུགས་མཉམ་འདོན་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    འཐུས་མི་རྣམ་པ། དུས་རབས་རླབས་པོ་ཆེ་ཡིས་ང་ཚོར་གཟི་བརྗིད་ལས་འགན་སྤྲད་ཡོད། མཛེས་སྡུག་མ་འོངས་གཏོད་པར་ང་ཚོས་འབད་པ་ལྷུར་ལེན་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ལམ་བཤངས་ཡར་བརྩོན། དཔའ་ངར་ཆེར་སྐྱེད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།