ས་ཆའི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་དང་། ས་ཆའི་དོ་དམ་ལ་ཤུགས་སྣོན། རྨོ་ཞིང་སྲུང་སྐྱོང་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་རྨོ་ཞིང་རྒྱ་ཁྱོན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་སྤྱད་འཐུས་ཁྲལ་ཚད་ལ་གཏན་འབེབས་བྱས་པ་གཤམ་གསལ་ཏེ།
གཅིག ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང(ཆུས)དུ་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ཀྱི་སྨི་ངོས་གྲུ་རེའི་སྤྱད་འཐུས་ཁྲལ་ཚད་ནི་སྒོར་ཉེར་ལྔ་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཁོངས་གཏོཌ་ཀྱི་རྫོང(ཆུས)དུ་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ཀྱི་སྨི་ངོས་གྲུ་རེའི་སྤྱད་འཐུས་ཁྲལ་ཚད་ནི་སྒོར་ཉི་ཤུ་ཡིན་པ། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་ཁོངས་གཏོགས་ཀྱི་རྫོང(ཆུས)དུ་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ཀྱི་སྨི་ངོས་གྲུ་རེའི་སྤྱད་འཐུས་ཁྲལ་ཚད་ནི་སྒོར་བཅོ་བརྒྱད་ཡིན།
གཉིས། གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་རིགས་ལ་ས་གནས་དེ་གའི་སྤྱད་འཐུས་ཁྲལ་ཚད་གཞིར་བཟུང་བརྒྱ་ཆ་ལྔ་བཅུ་སྣོན་དགོས་པ།
གསུམ། ལྡུམ་ར་དང་། ན་ཁ། ཞིང་ནང་ཆུ་བེད་ཀྱི་ས་ཆ། གསོ་ཚགས་ཀྱི་ཆུ་བོ། ཉ་ལས་ཀྱི་ཆུ་ཁུངས་དང་གྲམ་ཐང་། ཞིང་སྤྱོད་ས་ཆ་གཞན་དག་བཅས་སུ་སྐྲུན་དངོས་བསྐྲུན་པ་དང་དེ་བཞིན་ཞིང་ལས་ཁོངས་སུ་མི་གཏོགས་པའི་འཛུགས་སྐྲུན་བྱས་རིགས་ལ་ས་གནས་དེ་གའི་སྤྱད་འཐུས་ཁྲལ་ཚད་གཞིར་བཟུང་། བརྒྱ་ཆ་ལྔ་བཅུ་ཆག་ཡང་གཏོང་དགོས་པ་དང་། ནགས་ས་བཟུང་སྤྱོད་བྱས་རིགས་ལ་ས་གནས་དེ་གའི་སྤྱད་འཐུས་ཁྲལ་ཚད་གཞིར་བཟུང་བརྒྱ་ཆ་བཅུ་ཆག་ཡང་གཏོང་དགོས་པ།
བཞི། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞིང་། 《བོད་རང་སྐྱོང་ལྗོངས་རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་ལག་ལེན་བསྟར་ཐབས》(བོད་སྲིད་སྤེལ2008ཡིག་ཨང་58པ)དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར《2019ལོའི་འགྲིམ་འགྲུལ་རྣམ་གྲངས་ཀྱི་གཏོང་ཆའི་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ》གསན་པ་དང་འབྲེལ་གྲོས་ཞིབ་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་སྙན་ཞུར་མོས་མཐུན་བྱས་པ་དང་། 《2019ལོའི་འགྲིམ་འགྲུལ་རྣམ་གྲངས་ཀྱི་གཏོང་ཆའི་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར》ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་2019ལོའི་སྡེ་ཚན་གྱིས་སྔོན་རྩིས་བཀོད་སྒྲིག་བྱས་པའི་ཀྲུང་དབྱང་གི་རླངས་འཁོར་ཉོ་ཁྲལ་གྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་དམིགས་ཚད་སྒོར་དུང་ཕྱུར་33.66ལེགས་སྒྲིག་དང་ཉུང་འཕྲི་བྱེད་རྒྱུའི་ཆོག་མཆན་སྤྲད་པ་མ་ཟད། 2019ལོའི་སྐྲུན་བཞིན་པའི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུར་བསྐྱར་དུ་བཀོད་སྒྲིག་བྱས་པ་རེད།
གོ་གནས་བསྐོ་གཞག
ཅི་ཁྲོན་ཧྥུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།
གོ་གནས་ཕྱིར་འཐེན།
ཧའོ་དབྱིན་ཀྲུང་གི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
ཀྲོའུ་ཅུན་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ་དང་ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོའི་དིང་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
གོ་གནས་བསྐོ་གཞག
ཧན་ཝེ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།
ཅ་ཝེ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་དིང་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ།
ཀྲང་ཁྲང་ཀུང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པར་བསྐོ་གཞག་བྱ་རྒྱུ།
གོ་གནས་ཕྱིར་འཐེན།
འཕྲིན་ལས་འཇིགས་མེད་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
ལི་ཞན་ཧུའེ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
ལི་ཅིང་ཝུན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
གོ་གནས་བསྐོ་གཞག
ལི་ཀའོ་ཧྲེང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།
ཁྲེན་མོང་ཆི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།
ཧོ་ཅུན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།