དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-25

    ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་བཞི་པ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅིས་གོ་ཀང་། མ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ལྗོངས་ཏང་ཨུད་རྩ་འཛུགས་པུས་མི་དོན་བསྐོ་འཐེན་སྐོར་གྱི་དོན་ཚན་ལ་གསལ་བཤད་བྱས་པ་དང་། ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག(འཆར་ཟིན)》བཟོ་བཅོས་བྱེད་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་གྱི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་མ་ཟིན་ལ་གསལ་བཤད་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས《སྲོལ་ཡིག་གི་འཆར་ཟིན》སྐོར་གྱི་གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་གནང་བ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་ལས་དོན་སྤེལ་བར་རྒྱལ་ཁབ་ཀྱི་ངོས་ནས་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ཡོད་པ། མི་རིགས་ཁག་གི་མང་ཚོགས་ལ་རེ་བ་ཡོད་པ། རང་ལྗོངས་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོར་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་དང་བརྟན་པོ་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་འཛུགས་པའི་གོ་སྐབས་དང་ཆ་རྐྱེན་ཚང་མ་འཛོམས་ཡོད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དམངས་འཚོའི་འདུ་འགོད་དང་དམངས་སེམས་ཀྱི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས། ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ཚད་གཞི་མཐོ་པོའི་སྒོ་ནས་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཀྱི་མ་ལག་འཐུས་ཚང་ཞིག་བསྐྲུན་ནས་ལྗོངས་ཕྱི་ནང་གི་ལས་ཞུགས་ཐབས་ལམ་བཏོད་པ་དང་། གཞུང་ལས་པའི་ལས་གནས་དང་། ཁེ་ལས་ཀྱི་ལས་གནས། གཞི་རིམ་གྱི་ལས་གནས་བཅས་ལས་སྟེགས་གསུམ་བསྐྲུན་པ། མིང་ངོ་མ་འགོད་པ་དང་། ལས་མི་བསྡུ་བ། ལས་གཏོད། ལྗོངས་ཕྱིར་ལས་ཞུགས་བྱེད་པ་བཅས་ཀྱི་ཞབས་ཞུ་འགན་ལེན་བྱས་པ། སློབ་གྲྭ་དང་། ཁེ་ལས། ཞིང་འབྲོག་ཁུལ། གྲོང་ལྷན(སྡེ་ཁུལ)ཁྱིམ་ཚང་བཅས་ཚང་མར་དྲིལ་བསྒྲགས་བྱས་ཡོད།

    ཚོགས་འདུའི་ཐོག འདི་ལོ་ཚུན་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་། 2018ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་ལས་དོན་སྙན་ཞུ། 2019ལོ་ཚུན་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། 2019ལོའི་འགྲིམ་འགྲུལ་རྣམ་གྲངས་ཀྱི་གཏོང་སྒོ་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་སྙན་ཞུ་བཅས་གསན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་གོང་གསལ་གྱི་སྙན་ཞུ་དེ་དག་ལ་གྲོས་ཞིབ་བསམ་འཆར་སོ་སོར་བཏོན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་རྨོ་ཞིང་བཟུང་སྤྲོད་དཔྱ་ཁྲལ་གྱི་ཁྲལ་གྲངས་ཀྱི་གཏན་འབེབས(འཆར་ཟིན)》སྐོར་ལ་གསལ་བཤད་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས《གཏན་འབེབས་འཆར་ཟིན》གྱི་གྲོས་ཞིབ་བསམ་འཆར་སྐོར་སྙན་ཞུ་བྱས་ནས་ད་ཐེངས་ཚོགས་འདུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག ད་དུང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་དང་དེའི་ལག་ལེན་བསྟར་ཐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱེད་ཚུལ་སྐོར་གྱི་རྗེས་སྙེག་ཞིབ་བཤེར་སྙན་ཞུ་དང་། རྩྭ་ཐང་བཅའ་ཁྲིམས་དང་དེའི་ལག་ལེན་བསྟར་ཐབས་དང་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་བཅས་གསན་པ་རེད། 

    རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཀྲ་ཀྲང་ཀྲུའུ་ཡ་ཕིན། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། རང་སྐྱོང་ལྗོངས་ཀྱི་དམངས་འཐུས་འཐུས་མི་དང་གྲོང་ཁྱེར་དང་རྫོང་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བ་ཁག་གཅིག་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།