དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-23

    རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་གཏོང་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོཌ་ནས་འདི་ལོ་ཚུན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་ཚུལ་ཕྱོཌ་ཡོངས་ནས་ཕྱོཌ་སྡོམ་དང་། ལྷག་པའི་གནད་དོན་དང་འཕྲད་པའི་དུས་བབ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་ང་ཕོད་འཇིགས་ཡོན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཡོང་བར་དམ་པོར་དམིགས་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་གསོ་སྦྱོང་དང་སྲིད་ཇུས་དོན་འཁྱོལ་ལ་དུས་བཀག་ཐོག་སྒྲུབ་སྐུལ་བཅས་བྱས་ཏེ་སྲིད་ཇུས་ལ་གནད་སྨིན་ངང་ཕན་འབྲས་ཐོབ་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚོང་འགུགས་མ་འདྲེན་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་པོར་དམིགས་ནས“བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་དང་ཆེད་གཉེར་ཞབས་ཞུའི”ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རྣམ་གྲངས་ལ་རྗེས་སྙེགས་ཀྱིས་མིང་རྟགས་འགོད་པ་དང་། རྣམ་གྲངས་ལ་མིང་རྟགས་བཀོད་ནས་ལས་འགོ་འཛུགས་རྒྱུར་དམ་འཛིན། རྣམ་གྲངས་ལས་འགོ་བཙུགས་ནས་ཐོན་སྐྱེད་བྱེད་རྒྱུར་དམ་འཛིན། རྣམ་གྲངས་ཐོན་སྐྱེད་བྱས་ནས་མ་དངུལ་འཕར་རྒྱུར་དམ་འཛིན་བཅས་བྱས་ཏེ་དམངས་ཁྲོད་མ་འཇོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིགས་ནས་ཁེ་ལས་ཀྱིས་མ་འཇོག་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་པའི་ཁྲོད་ཀྱི“འགག་གནད”དང་། “ཞན་ཆ” “དཀའ་གནད”བཅས་ཀྱི་གནད་དོན་སེལ་ཐུབ་པ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཚད་ལྡན་ཧུར་ཐག་བཟོས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ལ་ཕྱོགས་ཡོངས་ནས་ལྟ་འདོམས་བྱ་རྒྱུ་ཁྱབ་གདལ་བཏང་སྟེ་ཁེ་ལས་འབྲིང་ཆུང་འདྲ་མཉམ་ངང་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་ཐུབ་པ་དང“འདྲ་མཉམ་གསུམ”དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་ཁེ་ཕན་རེ་ཞུར་དམིགས་ནས་སྡེ་ཚན་སྒྲོལ་བའི་མཉམ་སྒུལ་མཐུན་སྦྱོར་ཐག་གཅོད་ལམ་སྲོལ་འཛུགས་པ་དང་། “ཁེ་ལས་རེ་ལ་སྲིད་ཇུས་རེ”ཡི་ཐོག་ནས་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱེད་པ། སྲིད་གཞུང་དང་ཚོང་པའི་བར་གྱི་ཉེ་གཙང་འབྲེལ་བ་གསར་པ་གཏོད་པ་བཅས་བྱས་ཏེ་སྲིད་ཇུས་ལེགས་ཤོས་དང་ཞབས་ཞུ་ཡག་ཤོས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གཏོད་དགོས་པའི་ནན་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།