དབུ་ཤོག>སྲིད་དོན།
  • མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-19

    ཟླ་9ཚེས་17ཉིན་གྱི་སྔ་དྲོ། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་ལས་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་དེ་ཐོག་ནས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་མཚོན་ཡོད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་བོད་ལྗོངས་གཞུང་དོན་ཁང་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། དེ་བཞིན་རྒྱལ་ཁབ་གློག་དྲ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཙེ་ཧུང་ཚོགས་འདུར་ཞུགས་ཡོད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀྲུང་དབྱང་དང་། རྒྱལ་ཁབ་པུའུ་ཨུད། དེ་བཞིན་རྒྱལ་ཁབ་གློག་དྲ་ཀུང་སི་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ལས་གྲྭ་ལས་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ། ལས་གྲྭ་འཛུགས་སྐྲུན་ནང་ཞུགས་མཁན་དང་ཞབས་འདེགས་ཞུ་མཁན་གྱི་ལས་དོན་མི་སྣ་ཡོངས་ལ་གུས་འདུད་ཞུས་པ་རེད།

    ཀྲོང་ཡན་གྱིས་བསྟན་དོན། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་གཙོ་གནད་ལས་གྲྭ་ཞིག་དང་།བོད་ཀྱི་གཅིག་གྱུར་གློག་དྲའི“མཐའ་མའི་འགག་གནད”ཤར་གཏོང་བྱེད་པའི་འགག་རྩའི་རང་བཞིན་གྱི་ལས་གྲྭ་ཞིག རྒྱལ་སྲུང་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི“དམངས་སེམས་འདུ་འགོད”དང“ཕན་སྦྱར་འདུ་འགོད”ཅིག་བཅས་རེད། ལས་མཇུག་སྒྲིལ་རྗེས་མངའ་རིས་གློག་དྲས་དུས་ཡུན་རིང་པོའི་ནང་དྲ་རྐྱང་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་སྒྲིལ་ཏེ་བོད་ལྗོངས་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད། དེ་བཞིན་ཤིན་ཏུ་དབུལ་བའི་རྫོང་དང་ཆུས་བཅས་ཀྱི་མི་ཁྲི་38ཀྱི་གློག་མཁོ་འདོན་གྱི་གནད་དོན་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུ་རེད།

    ཀྲོང་ཡན་གྱིས་བསྟན་དོན། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་རེད། རྒྱལ་ཁབ་གློག་དྲ་ཀུང་སི་དང་དེ་བཞིན་འཛུགས་སྐྲུན་ཚན་པ་ཡོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་ཁྲོད“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་སྐྲུན་བྱེད་པ། བདེ་འཇགས་ལྡན་པའི་སྒོ་ནས་ཨར་སྐྲུན་བྱེད་པ་བཅས་ལ་བརྟེན་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་དང་། ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ཏེ་འཛུགས་སྐྲུན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་ཐུགས་རེ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་འགན་འཁྲི་དོན་འཁྱོལ་དང་། ལས་འགན་ཁག་བགོས། བྱེད་ཐབས་ཞིབ་ཚགས། ལག་བསྟར་ཤུགས་ཆེན་བཅས་བྱེད་པ་དང་། ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ཞབས་ཞུ་དང་འགན་ལེན་ལས་དོན་དང་། ལྷག་པར་དུ་ལས་གྲྭ་འཛུགས་སྐྲུན་དང་འབྲེལ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། འཕྲིན་གཏོང་ཞབས་ཞུ། སྨན་བཅོས་འཕྲོད་བསྟེན། མ་དངུལ་དོན་འཁྱོལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

    ལིའུ་ཙེ་ཧུང་གིས་བསྟན་དོན། རྒྱལ་ཁབ་གློག་དྲ་ཀུང་སིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གཙོ་གཉེར་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྲིག་འཛུགས་མཐུན་སྦྱོར་དང་སྤྱི་ཡོངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ། ལས་གྲྭའི་དཀའ་གནད་འགག་སྒྲོལ། ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ཏེ། མངའ་རིས་དྲ་སྦྲེལ་ལས་གྲྭ་དེ་མཚོ་བོད་ས་མཐོའི་དཔེ་མཚོན་ལས་གྲྭ་ཞིག་ཏུ་ཧུར་ཐག་བསྐྲུན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་བོད་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོ་ལིང་ཆན་ཧྥུའུ་220ཡི་གློག་འགྱུར་ས་ཚིགས་ནས་འགོ་བཙུགས་ཏེ་མངའ་རིས་ས་ཁུལ་སྒར་རྫོང་པར་ཆན་ཧྥུའུ་220ཡི་གློག་འགྱུར་ས་ཚིགས་བར་ཡིན་པ་དང་། ལས་གྲྭ་ཧྲིལ་པོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་བ། སྔོན་དཔག་བྱས་ན་2021ལོར་ལས་མཇུག་སྒྲིལ་ནས་བེད་སྤྱོད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།