དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨའོ་མོན་འཐུས་མི་བོད་སྐྱོད་གཟིགས་ཞིབ་ཚོགས་པར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-12

    ཚེས་9ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨའོ་མོན་འཐུས་མི་བོད་སྐྱོད་གཟིགས་ཞིབ་ཚོགས་པར་མཇལ་འཕྲད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ་བཅས་ཀྱི་སྐབས་ཡིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་ང་ཚོ་ཚང་མ་ནི་སྤུན་ཟླ་གཅེན་གཅུང་ཡིན། ཁྱེད་རྣམས་མེས་རྒྱལ་གྱི་ལྷོ་མཚོའི་འགྲམ་ངོཌ་ནས་གངས་ལྗོངས་ས་མཐོར་རྟོག་ཞིབ་ཏུ་ཕེབས་པར་བོད་རང་སྐྱོང་ལྗོངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས། བློ་བཟང་རྒྱལ་མཚན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཧུར་ཐག་བྱས་པར་བརྟེན། དཔལ་འབྱོར་ལེགས་ལ་མྱུར་བའི་གོང་འཕེལ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མི་དམངས་བདེ་སྡོད་ལས་བརྩོན། མཐའ་མཚམས་རྒྱུན་མཐུད་སྲ་བརྟན་བཅས་བྱུང་ཡོད། རླབས་ཆེན་མེས་རྒྱལ་གྱི་རྒྱབ་རྟེན་བརྟན་པོ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་མེད་པའི་ཁྱད་འཕགས་རང་བཞིན། ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་བཅས་ཡོད་པ་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ང་ཚོར་གདེང་ཚོད་དང་ཆོད་སེམས་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཨའོ་མོན་ས་ཁུལ་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ལིའུ་དབྱི་ལེང་གིས། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གོང་འཕེལ། སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་པ་བཅས་མངོན་དུ་གྱུར་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་འགན་ལེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་ཀྱི་འབྱུང་འགྱུར་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།