ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བྲག་ཡེར་པ་རིག་གནས་ཡུལ་སྐོར་ཀུན་གཏོད་བར་མཐོངས་དང་། ཞིང་ལས་སྤྲོ་གསེང་ཁེ་ལས། བྲག་ཡེར་པ་དགོན་སོགས་སུ་བསྐྱོད་དེ་རིག་གནས་ཡུལ་སྐོར་དང་རིག་དངོས་བདེ་འཇགས་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཐད་ཀྱི་རིག་གནས་ལས་དོན་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱེད་པ་དང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བྱེད་སྒོ་གང་དུ་སྤེལ་ཚེ་རིག་གནས་གཡུལ་ས་དེར་སྣུར་སྲིང་བྱེད་པ་དང་རིག་གནས་ཐོན་རྫས་དེར་གཏོད་དགོས་པ་དང་། ཡུལ་སྐོར་ལས་རིགས་འདི་ཉིད་རང་སྐྱོང་ལྗོངས་ཀྱི་སྣེ་ཁྲིད་ཐོན་ལས་སུ་གྱུར་པས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ལེགས་ཡུལ་སྐོར་ཁེ་ལས་དེ་བས་མང་བ་ནང་འདྲེན་དང་སྐྱེད་སྲིང་བྱེད་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དམངས་ཕྱུག་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཡིན་པའི་བོད་ཀྱི་རིག་དངོས་ནི་བོད་ཀྱི་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཡིན་པས། རིག་དངོས་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཡག་པོ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་རིག་དངོས་སྲུང་སྐྱོང་དང་རིག་དངོས་འགྲེམས་སྟོན་ལས་དོན་ཡག་པོ་སྒྲུབ་དགོས་པ་བསྟན་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་རིག་གནས་དང་། ཡུལ་སྐོར། རིག་དངོས་སོགས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།