དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་ཡིག་བསྐུར་ངོ་བཅར་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་དམངས་འཚོ་ལེགས་གཏོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-14

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཆེད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ཏེ་ཡིག་བསྐུར་ངོ་བཅར་མང་ཚོགས་ལ་སྣེ་ལེན་ཞུས་ནས་མང་ཚོགས་ཀྱི་སེམས་ནད་བསལ་བ་དང་། ནག་ཆུ་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་དུ་འཚམས་འདྲིར་ཕེབས་ཏེ་ནག་ཆུ་གྲོང་རྡལ་གྱི་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་རེད།

    ནག་ཆུ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་བློ་བཟང་རྒྱལ་མཚན་གྱིས་ངོ་བཅར་དུ་ཡོང་བའི་མང་ཚོགས་ཁག་གཉིས་ལ་སྣེ་ལེན་ཞུས་པ་དང་ཁོང་ཚོ་དང་ལྷག་བསམ་རྣམ་དག་ངང་བཀའ་མོལ་གནང་ནས་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ལ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཡག་པོ་སྐོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ངོ་བཅར་དུ་ཡོང་བའི་མང་ཚོགས་ལ་བློ་ཡིད་ཚིམ་པའི་ལན་ཐོབ་རྗེས་བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་བདེ་སྡུག་སེམས་ནང་འཇོག་གི་ཡོད། 

    ཚང་མས་རྒྱུན་དུ་དྲིན་ཚོར་གྱི་བསམ་པ་བཅངས་ཏེ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་དང་འབྲེལ་ཁོང་ཚོར་གཟུགས་པོ་བདེ་ཐང་དང་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    གླིང་སྐོར་གྲོང་མི་ཨུ་ལྷན་དང་ཀྲེ་ཅང་ཁུལ་ཆུང་དུ་བློ་བཟང་རྒྱལ་མཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་དུད་ཚང་གཉིས་ལ་འཚམས་འདྲི་གནང་རྗེས། ནག་ཆུ་གྲོང་རྡལ་དུ་སྡེ་ཁུལ་ལས་བྱེད་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གསེར་རྙེད་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ནག་ཆུ་གྲོང་རྡལ། དེ་བཞིན་གྲོང་མི་ཨུ་ལྷན་7གྱི་ལས་བྱེད་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་འཚོལ་བསྡུ་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས། བློ་བཟང་རྒྱལ་མཚན་གྱིས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དགོངས་དོན་བློ་ལ་བརྟན་པོར་ངེས་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པ་བརྟན་པོར་ངེས་པ། ང་ཚོ་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་ཞིག་ཡིན་ལུགས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་རུང་བ། སྔ་ཕྱི་བར་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་སེམས་ལ་འཇོག་པ། མང་ཚོགས་ཀྱི་བསམ་ཚུལ་ཉན་པ། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་མི་སེམས་ལ་དྲོ་སྐྱིད་སྟེར་བའི་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ། སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་དང་དེ་བས་དྲང་སྙོམས་ཡོང་བར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པ་བཅས་བྱེད་དགོས་པ་དང་། བོད་བྱང་ཐང་གི་མི་རིགས་ཁག་གི་མང་ཚོགས་ཚོས་རང་འགུལ་ངང་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་དེ་བས་དེང་རབས་དང་ཤེས་དཔལ་གྱིས་ཕྱུག་པའི་འཚོ་བ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།