དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-12

    ཟླ་8ཚེས་6ནས་ཚེས་9ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས“བརྡ་ཐོ་མི་གཏོང་བ་དང་། བརྡ་ལན་མི་སྤྲོད་པ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་མི་དགོས་པ་བཅས་དང་། གཞི་རིམ་ལ་ཐད་ཀར་སྐྱོད་པ་དང་ལས་ཡུལ་དངོས་སུ་ཐད་ཀར་སྐྱོད་པའི”བྱེད་ཐབས་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་ཤན་རྩ་དང་། ཉི་མ། མཚོ་གཉིས། གསེར་རྙེད་སོགས་རྫོང་དང་ཆུས་སུ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ཤན་རྩ་རྫོང་དུ་བློ་བཟང་རྒྱལ་མཚན་གྱིས་ཤན་རྩ་གྲོང་རྡལ་གངས་བཟང་མདོ་གྲོང་ཚོ་དང་གཡུ་འབྲུག་འོག་མ་གྲོང་ཚོའི་འབྲོག་པའི་མཉམ་ལས་ཁང་གི་འཕེལ་རྒྱས་དང་། རྫོང་གྲོང་གི་དྲོད་མཁོ་འདོན་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཉི་མ་རྫོང་དུ་བློ་བཟང་རྒྱལ་མཚན་གྱིས“མུའུ་ཁྲི་དང་ཕྱུགས་རིགས་སྟོང”གི་རྣམ་གྲངས་དང་། དབུལ་སྐྱོར་ཨར་འདམ་གཡོས་སྦྱོར་ས་ཚིགས། རྫོང་གྲོང་གི་དྲོད་མཁོ་འདོན་ལས་གྲྭ་བཅས་སུ་གཟིགས་ཞིབ་གནང་བ་མ་ཟད། ཐང་ལུ་གྲོང་ཚོ་དང་རྫོང་གྲོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་དུད་ཚང་དུ་ཕེབས་ནས་བརྟག་ཞིབ་ཀྱང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་མཚོ་སྦྲེལ་མ་གྲོང་རྡལ་འཇག་ལུང་གྲོང་ཚོ་དང་ཞི་བདེ་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་རེད། གསེར་རྙེད་ཆུས་སུ་བློ་བཟང་རྒྱལ་མཚན་གྱིས་དཀར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། ནག་ཆུ་གྲོང་རྡལ་འབྲོག་པ་རྒན་པོའི་ཆང་དང་ཞོ་ཚོང་ཁང་། ནག་ཆུ་གྲུ་དམར་སྣེ་ཁྲིད་ཀུན་གཏོད་བར་མཐོངས་བཅས་སུ་གཟིགས་ཞིབ་གནང་བ་རེད། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བློ་བཟང་རྒྱལ་མཚན་གྱིས་གཞུང་ལས་ཁང་ཚང་མར་ཕེབས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་གཟིགས་པ་མ་ཟད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མཁྱེན་རྟོགས་ཀྱང་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་གྲོང་ཁྱེར་དང་། ཤན་རྩ་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་། གསེར་རྙེད་ཆུས་བཅས་སུ་ལས་དོན་སྤེལ་རེས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།