དབུ་ཤོག>སྲིད་དོན།
  • ཅང་ཅེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-01

    ཚེས་29ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཕེབས་ནས་གཅིག་སྡུད་དྲོད་མཁོ་འདོན་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ངོ་བཅར་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་འབྲེལ་ཁོང་ཚོའི་དཀའ་ངལ་དངོས་ས་གནས་ས་ཐོག་ཏུ་ཐག་གཅོད་ཀྱང་གནང་བ་རེད།

    སྣ་དཀར་རྩེ་རྫོང་གི་ཉི་འོད་ནུས་པའི་དྲོད་མཁོ་འདོན་ལྟེ་གནས་སུ་ཅང་ཅེ་ཡིས་བཟོ་རྩལ་ལག་རྩལ་དང་། འཛུགས་སྐྲུན་གྱི་གཞི་ཁྱོན། བཀོལ་སྤྱོད་སྲུང་སྐྱོང་བྱེད་ཐབས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ས་བབ་མཐོ་བའི་དྲོད་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི”མཚོན་ཚུལ་གལ་ཆེན་ཞིག་རེད། ངོས་འཛིན་མཐོ་རུ་ཏན་ཏིག་བཏང་སྟེ་ས་བབ་མཐོ་བའི་མི་འབོར་གཅིག་སྡུད་ཁུལ་དུ་དྲོད་མཁོ་འདོན་བྱེད་པའི་དམངས་སེམས་དང་དམངས་འཚོའི་འདུ་འགོད་དེ་ལག་བསྟར་ཡག་པོ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། དྲོད་མཁོ་འདོན་འདུ་འགོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་དང་མང་ཚོགས་ལ་གཅིག་སྡུད་དྲོད་མཁོ་འདོན་ལོངས་སྤྱོད་ཐུབ་པ་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཅང་ཅེ་སྣ་དཀར་རྩེ་རྫོང་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ནས་ངོ་བཅར་ལ་ཡོང་མཁན་ཞིང་པ་ལས་མིར་སྣེ་ལེན་ཞུས་ཏེ་སྒྲུབ་གཉེར་བསམ་འཆར་ས་གནས་ས་ཐོག་ཏུ་བཏོན་པ་མ་ཟད། ཁོང་ཚོའི་དཀའ་ངལ་དངོས་ཀྱང་ཐག་གཅོད་བྱས་ཤིང་། ཁོང་གིས་ངོ་བཅར་ལ་ཡོང་མཁན་གྱི་འདོད་འདུན་ཞིབ་ཚགས་ངང་གསན་ཏེ་ཁོང་ཚོས་བཏོན་པའི་དོགས་གནད་ལ་ངང་རྒྱུད་རིང་པོས་ལན་བསྐྱོན་པ་དང་། ཞིང་པ་ལས་མིས་ཁྲིམས་བཞིན་ལས་དོན་བསྒྲུབ་རྒྱུར་སྣེ་ཁྲིད་བྱས་ཏེ་ཞིང་པ་ལས་མིར་ཆད་པའི་གླ་ཆ་ཆ་ཚང་སྤྲོད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཅང་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཆད་འགྱངས་བཅོས་སྐྱོང་དང་གཏོང་སྤྲོད་འགན་ལེན་བྱེད་པའི”ལས་དོན་ཡག་པོ་བསྒྲུབས་ནས་ཞིང་པ་ལས་མིའི་ངལ་རྩོལ་ལ་ཐོབ་ཆ་ཡོད་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཅིག་ཤེས་ཀུན་གྲོལ་གྱིས་ཨར་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་གནད་དོན་སྔར་བས་གཙང་སེལ་དང་གཙང་བཤེར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཅང་ཅེ་སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་གནས་སྤོས་གྲོང་མིའི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོག་ཚོད། གྲོན་ཆུང་སྔོན་འཇོག་བཅས་མཐའ་འཁྱོངས་བྱེད་པ་དང་། གཞུང་དྲང་དྲང་བདེན་ཁོང་དུ་ཆུད་པ་བྱེད་པ། དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པ། མང་ཚོགས་ཚོའི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བཅས་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས་པ་དང་། ཆུ་དང་། གློག ལམ། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཆར་བཀོད་དང་ལེ་ལག་ཚང་བའི་འདུ་འགོད་འཛུགས་སྐྲུན་ཡག་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དུས་ཚད་ལྟར་ལེགས་སྒྲུབ་ཡོང་བའི་འགན་ལེན་དང་། དུས་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཚོ་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་མ་ཟད། སེམས་གནས་ཐུབ་པ་དང་། གཞིས་ཚུགས་ཐུབ་པ། ཕྱུག་པོར་འགྱུར་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།