དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་གོང་དཀར་གནམ་ཐང་གི་བདེ་འཇགས་ཐོན་སྐྱེད་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-29

     ཚེས་26ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས“མ་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པ་བརྒྱུད། ལྷ་སའི་གོང་དཀར་གནམ་ཐང་དུ་བརྗོད་དོན་གཙོ་བོའི་བརྟག་ཞིབ་ལས་དོན་སྤེལ་བར་ཕེབས་ནས་བོད་ལྗོངས་མཁའ་འགྲུལ་ཁོངས་གཏོགས་དང་ལྷག་པར་དུ་བོད་ལྗོངས་མཁའ་འགྲུལ་གྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་དངོས་སུ་ཕེབས་ནས་གཟིགས་ཞིབ་གནང་བ། ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་གནང་བ་རེད།

    ཀྲོང་ཡན་གོང་དཀར་གནམ་ཐང་གི་འགྲོ་ལུགས་གཉེར་སྒྲུབ་ཚོམས་ཆེན་གྱི་བོད་ལྗོངས་མཁའ་འགྲུལ་གྱི་འགྲོ་ལུགས་གཉེར་སྒྲུབ་ལས་སྟེགས་ཀྱི་མདུན་དུ་ཕེབས་ནས་འགྲུལ་པའི་འགྲོ་ལུགས་གཉེར་སྒྲུབ་དང་། རྡོག་ཁྲེས་མངགས་འདྲེན་གྱི་འབྲེལ་ཡོད་ལས་རིམ། དེ་བཞིན་བདེ་འཇགས་ཞིབ་བཤེར་ཚད་གཞི་ལག་བསྟར་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མཁའ་འགྲུལ་གྱི་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་བོད་ལྗོངས་མཁའ་འགྲུལ་གྱིས“མིག་ནང་གྲ་མ་མི་འཛུལ་བ་བྱེད་པ་ལྟར”བདེ་འཇགས་ཐད་ཀྱི་རྐྱེན་ངན་གཅིག་ཀྱང་མི་ལྷག་པ་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་ལག་མཉམ་བཅོས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས། དུས་གཏན་གནམ་གྲུ་རེ་རེ་བཞིན་ལ་སོ་ལྟ་དང་ལྷུ་ཚིགས་རེ་རེ་བཞིན་ལ་དམ་འཛིན་བཅས་བྱས་ནས་བདེ་འཇགས་དང་། བརྟན་ལྷིང་། ཚོད་འཛིན་བཅས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ད་དུང་གོང་དཀར་གནམ་ཐང་གི་གནམ་ཐང་ཐོག་ཁང་དང་རྒྱུག་ལམ་གཉིས་པའི་ཆུ་རགས་ཀྱི་རྣམ་གྲངས་བསྐྲུན་ཡུལ་དུ་ཕེབས་ཏེ། འཛུགས་སྐྲུན་བྱ་རིམ་དང་། གནད་འགག་འགན་ལེན། ལས་གྲྭའི་སྤུས་ཚད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འཐབ་ཕྱོགས་དང་པོའི་འཛུགས་སྐྲུན་པར་འཚམས་འདྲི་ཡང་གནང་བ་རེད། རྣམ་གྲངས་འཛུགས་སྐྲུན་ལ་ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་9000ལྷག་ཙམ་བསྡུས་པ་མཁྱེན་སྐབས། ཀྲོང་ཡན་ཐུགས་བློ་ཧ་ཅང་བདེ་པོ་བྱུང་ཞིང་། ཁོང་གིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ལས་ཞུགས་ལ་སྐུལ་ཁྲིད་བྱེད་རིང་གི་རྣམ་གྲངས་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱས་ཏེ་རང་ལྗོངས་སུ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་མིག་སྔའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་ལས་གྲྭ་བཙན་དབང་གིས་ལེན་པ་དང་། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་འཇུག་པ། ཐོན་སྐྱེད་ལ་གཏོར་བཤིག་གཏོང་བ་སོགས་བྱེད་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་ནས་ལས་གྲྭ་གལ་ཆེན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།