དབུ་ཤོག>སྲིད་དོན།
  • ཅང་ཅེས་གཞིས་རྩེ་གྲོང་ཁྱེར་གྱི་རྨོ་ཞིང་སྲུང་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-27

    ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་རྨོ་ཞིང་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ་ལྟ་ཞིབ་བཅོས་སྒྲིག ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཡང་འཚོགས་པ་རེད།

    ཅང་ཅེས་གཞིས་རྩེ་གྲོང་ཁྱེར་གྱིས་འཆར་འགོད་སྒྲིག་བཟོ་དང་། ས་ཆ་སྣོན་འཕྲི་ཟུང་འབྲེལ། རྒྱ་ཁབ་ས་ཆའི་སྤྱོད་སྒོ་དོ་དམ་ལས་དོན་སོགས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་ཆ་རྟོག་ཞིབ་ཀྱི་གནད་དོན་བཅོས་སྒྲིག་དང་འགྲམ་འགག་སྒོའི་ས་གཤིས་གནོད་འཚེ་བཅོས་སྒྲིག་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། ས་གཤིས་དོ་དམ་འདུ་ཤེས་རིམ་བཞིན་བཙུགས་པས་དག་ཐེར་ལས་དོན་དང་ཁྲིམས་བཞིན་ས་ཆ་དོ་དམ་དང་བེད་སྤྱོད་གཏོང་བར་འཕེལ་རིམ་གསར་པ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ས་ཆ་དོ་དམ་དང་སྤྱོད་པ་དང་། ཁྲིམས་བཞིན་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ས་ཆ་དོ་དམ་སྲིད་ཇུས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་བཞིན་ས་ཆར་དོ་དམ་དང་ས་ཆ་སྤྱོད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ས་ཆ་བཟུང་གསབ་དོ་སྙོམས་ཀྱི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ“སྔོན་གསབ་རྗེས་བཟུང”དང“གཅིག་བཟུང་གཅིག་གསབ”ཀྱི་ལམ་ལུགས་གཞིར་བཟུང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་རྨོ་ཞིང་བཟུང་གསབ་དོ་སྙོམས་ཀྱི་ལས་འགན་ལེགས་གྲུབ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྟོག་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་ཁྲིམས་འགལ་ངང་སྤྲོ་ཁང་སྐྲུན་པར་བཅོས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་ས་ཆའི་དོ་དམ་ལས་དོན་གྱི་ཚད་ལྡན་རང་བཞིན་དང་སྒམ་ནན་རང་བཞིན་ཆེ་རུ་གཏོང་དགོས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་རྨོ་ཞིང་སྲུང་སྐྱོང་དང་དམངས་འཚོའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འབྲེལ་བ་མཐུན་སྦྱོར་འོས་འཚམ་དང་ཐག་གཅོད་ཡག་པོ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ། ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ས་གཤིས་གནོད་འཚེ་བཅོས་སྒྲིག་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་སྲིད་གཞུང་དང་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་ཁབ་ས་ཆའི་དོ་དམ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།