དབུ་ཤོག>སྲིད་དོན།
  • ལིའུ་ཅང་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-07-26

    ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། འདི་ལོ་ཚུན་གྱི་རང་ལྗོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། མིག་སྔར་ལྷག་པའི་ལས་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལིའུ་ཅང་གིས་ཡིག་ཆ་མང་དྲགས་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཡིག་ཆ་འགྲེམས་པ་དང་བགོ་བྱའི་བཅད་འབོར་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་། ཡིག་ཆ་འགྲེམས་པ་དང་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁུ་བསྡུའི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་པ། མིང་རྟགས་བཀོད་མེད་པ་དང་། མིང་རྟགས་སྟབས་བདེ་བཀོད་པ། གློག་འཕྲིན་སོགས་དངོས་གཞི་མིན་པའི་ཡིག་ཆ་གཙང་བཤེར་ནན་ཏན་བྱེད་པ། རྣམ་པ་འགྱུར་པའི་ཡིག་ཆ་དང་ཡིག་ཆ་བསྐྱར་འགྲེམས་བྱེད་རིགས་ནན་འགོག་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་ཡིག་ཆ་བསྡུ་ལེན་གྲངས་འབོར་ཉུང་དུ་ཏན་ཏིག་གཏོང་བ་དང་། ཚོགས་འདུ་མང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ལས་དོན་ལ་གཞིགས་ནས་ཚོགས་འདུ་གཏན་འཁེལ་དང་། ལས་དོན་ལ་གཞིགས་ནས་མི་སྣ་གཏན་འཁེལ། གྲོས་བསྡུར་བྱས་ན་གོ་ཆོད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ལེགས་འགྱུར་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཚོགས་འདུའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་པ། ཚོགས་འདུའི་སྤུས་ཚད་འགན་ལེན་བྱེད་པ། རིམ་པ་བཞིན་ཚོགས་འདུ་འཚོག་རྒྱུ་དང་རང་དགར་ཚོགས་འདུ་འཚོག་རྒྱུ་ནན་འགོག་བྱེད་པ་བཅས་ཀྱི་ཐོག་ནས་ཚོགས་འདུ་ཉུང་དུ་མཐའ་གཅིག་ཏུ་གཏོང་བ། ཞིབ་བཤེར་བྱེད་མང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ལོ་འཁོར་གྱི་འཆར་གཞི་དང་སྙན་སེང་བཀའ་འཁྲོལ་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་དོན་ཚན་གཅིག་འགྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། རྟོག་ཞིབ་དང་བརྟག་ཞིབ་བྱེད་སྒོ་ཏན་ཏིག་ངང་ཚད་ལྡན་དུ་གཏོང་བ། སྙན་ཞུའི་རེའུ་མིག་མང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། གཞི་གྲངས་འབུལ་སྐྱེལ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གཞི་གྲངས་མཉམ་སྤྱོད་ལམ་སྲོལ་འཛུགས་པ། “གཞི་གྲངས་ཀྱི་གཡུལ་ས”མཐའ་གཅིག་ཏུ་གཏོར་བ་བཅས་ཀྱི་ཐོག་ནས་གཞི་གྲངས་མང་ཙམ་སྤྱོད་པ་དང་གཞི་རིམ་དུ་ཉུང་ཙམ་འགྲོ་བ། མཛུབ་ཁྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཏེ་ཁྲལ་སེལ་སླ་བཅོས་དང་ཚད་བརྒལ་སྒྲིག་འགལ་ཐད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བསྐོང་འདྲི་བྱས་ནས་ཁོར་པོ་ཡང་གཏོང་གི་ལས་དོན་ལ་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།