དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-26

    ཚེས་23ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་རང་སྐྱོང་ལྗོངས་ཀྱི་2018ལོའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་འཕེལ་རིམ་གྱི་སྙན་སེང་གསན་པ་དང་2019ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་ལྔ་འཁོར་བའི་བཞུགས་མོལ་ཚོགས་འདུ་དང་སྐབས་གཉིས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།“2019·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་སྐོར་གྱི་ཙུང་ལི་གཞོན་པ་ཧན་ཀྲེང་གི་བླང་བྱ་ཞིབ་ཕྲ་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་གཞི་རྩའི་བྱ་ཐབས་སུ་བརྩི་བ་བཅས་ཀྱིས་སྒྱུར་བཅོས་སྒོ་དབྱེ་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་རྒྱུ་རྐྱེན་གཙོ་བོའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་ཐབས་ལམ་གཙོ་བོར་བྱེད་པ། ནང་ཁུལ་དུ་མཉམ་ལས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ། ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་གོང་མཐོར་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ལ་ཞུགས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་བགོས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྩེ་རིམ་ཇུས་གཞི་ཡག་པོ་འགོད་པ་དང་། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་དང་བྱ་ཐབས་ཚགས་ཚུད་བཅས་ཀྱིས་ལས་དོན་ཏན་ཏིག་དང་ནུས་ལྡན་སྒྲུབ་དགོས། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཐབས་ལམ་སྣ་ཚོགས་དང་ཡུལ་གང་རུང་བརྒྱུད“རྒྱུད་གཅིག་ལམ་གཅིག”གི་ལྟེ་བའི་འདུ་ཤེས་དྲིལ་བསྒྲགས་མངོན་གསལ་དོད་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་གཏོད་རྒྱུར་སྐུལ་མ་གཏོང་བ། ས་ཁོངས་ཕྱིའི་ཉེན་ཁ་ཆེན་པོར་ཁ་གཏད་གཅོག་པ་དང་ཐོལ་བྱུང་གི་བདེ་འཇགས་དོན་རྐྱེན་ལ་ཐག་གཅོད་འོས་འཚམ་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། ལས་དོན་བཀོད་སྒྲིག་དམིགས་སར་དོན་འཁྱོལ་ཡོང་བར་སྐུལ་མ་ཤུགས་ཆེན་གཏོང་བ་བཅས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།