དབུ་ཤོག>སྲིད་དོན།
  • ཀྲོང་ཡན་རྒྱལ་ཡོངས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྐུལ་འདེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-20

    ཚེས་18ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ནས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་བོད་ལྗོངས་ཡན་ལག་ཚོགས་རར་ཞུགས་པ་རེད། ཀྲོང་ཡན་གྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པར་དམིགས་ནས་རང་ལྗོངས་ཀྱི་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཀྱི་གོམ་སྟབས་རྗེས་མའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་བཀོད་སྒྲིག་གནང་བ་རེད། 

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་རང་ལྗོངས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱ་ཐབས་ལ་འཛིན་པ་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་དང་ཁ་མ་བྲལ་བ། འཇོན་པ་དང་བྱེད་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཐོག སྤྱི་འདོམས་མཐུན་སྦྱོར་དང་། ཕྱོགས་བསྡུས་ཇུས་འདོན། གཞོགས་འདེགས་དམ་ཟབ། རང་འགན་རང་འཁུར་བཅས་བྱས་ནས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་དགོས། 

    ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། གནས་སྡོད་ལག་ཁྱེར་གྱི་ལམ་ལུགས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་སྤེལ་བཏང་ནས། གནས་སྡོད་ལག་ཁྱེར་སྤྱོད་གོ་ཆོད་ཚད་མཐོ་རུ་གཏོང་བ་དང་དུས་ཐོག་ཏུ་ལས་ཞུགས་དང་། སྨན་བཅོས། སློབ་གསོ། རྒན་གསོ། སྡོད་ཁང་སོགས་ཐད་ཀྱི་གནས་སྡོད་ལག་ཁྱེར་གྱི་ལེ་ལག་ཚང་བའི་སྲིད་ཇུས་ཞིབ་བཟོ་བྱེད་དགོས། གནས་སྡོད་ལག་ཁྱེར་གྱི་སྤྱོད་རྒྱ་ཆེ་རུ་བཏང་ཐོག་གནས་སྡོད་ལག་ཁྱེར་ཡོད་མཁན་གྱིས་ས་གནས་དེ་གའི་ཐེམ་ཐོ་ཡོད་མཁན་དང་འདྲ་མཉམ་ངང་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་ཧུར་ཐག་བྱེད་དགོས། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐེམ་ཐོ་དོ་དམ་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཞིང་ཆེན་རིམ་པའི་གཅིག་སྡུད་རྣམ་པའི་མི་འབོར་ཆ་འཕྲིན་མ་ལག་དེ་ལྗོངས་ཡོངས་ཀྱི་ཐེམ་ཐོ་ལས་གཉེར་ལས་སྒོའི་ལས་སྟེགས་འབའ་ཞིག་ཏུ་བསྐྲུན་ཐོག ཐེམ་ཐོའི་ལས་སྒོ“གཅིག་འཐུས་རྣམ་པའི་སྒྲུབ་གཉེར”དང“དྲ་སྦྲེལ+ཐེམ་སྲིད་ཞབས་ཞུར”རྨང་གཞི་འདིང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། “གྲོང་ཁྱེར་འཚམ་སར་གྲོང་ཁྱེར་དང་། གྲོང་གསེབ་འཚམ་སར་གྲོང་གསེབ། འགྲོ་འོང་རང་མོས”ཀྱི་རྩ་དོན་གཞིར་བཟུང་། ཞིང་འབྲོག་པ་གནས་སྤོས་མི་འབོར་དང་དེ་བཞིན་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་ཐོ་སྤོ་རྒྱུར་ཁྲིད་སྟོན་ལུགས་མཐུན་བྱས་ནས། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ཐོག་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྒྱུར་བཅོས་ལ་བསམ་ཤེས་དང་། རྒྱབ་སྐྱོར། ཞུགས་པ་བཅས་བྱེད་པའི་རྣམ་པ་བཟང་པོ་བཏོད་ནས། རང་ལྗོངས་ཀྱི་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་ཕན་འབྲས་གསར་པ་ཐོན་པ་དང་རྣམ་པ་གསར་པ་གཏོད་རྒྱུར་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།