དབུ་ཤོག>སྲིད་དོན།
  • ཅང་ཅེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-20

    བརྡ་མི་གཏོང་བར་ཐད་ཀར་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་ལམ་ཐིག་གཏན་འཁེལ་མེད་པར་སྐབས་བསྟུན་གནས་འདེམས་ཀྱིས་ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་བཙོག་ཆུ་གཙང་གསིང་གི་དཔེ་སྟོན་ས་ཚིགས་དང་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    ཅང་ཅེས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ལེ་ལག་ཚང་བའི་མདོང་དྲའི་འཛུགས་སྐྲུན་དང་། རྫིང་ཆུ་ཤར་གཏོང་། བཟོ་རྩལ་ཐག་གཅོད་བརྒྱུད་རིམ་དང་དེ་བཞིན་ལས་གྲྭའི་འཛུགས་སྐྲུན་འཕེལ་རིམ་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། མ་དངུལ་བེད་སྤྱོད་དང་། འཁོར་སྐྱོད་དོ་དམ། ཁོར་ཡུག་གི་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོཌ་ཞིབ་ཕྲ་གནང་ནས་སྡེ་ཚན་ཁག་དང་འཛུགས་སྐྲུན་ནང་ཞུགས་པའི་ཚན་པས་ལས་གྲྭའི་མྱུར་ཚད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། མང་ཚོགས་ལ་བདེ་སྐྱིད་འཚོ་བ་སྐྲུན་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་གདེང་འཇོག་ཡག་པོ་གནང་བ་རེད།

    ཅང་ཅེས་ནན་བཤད་གནང་དོན། བཙོག་ཆུ་གཙང་གསིང་ལས་གྲྭ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་། དེ་ནི་དམངས་འཚོ་ལེགས་གཏོང་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མང་དུ་གཏོང་བའི་དམངས་འཚོའི་ལས་གྲྭ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་སྔོན་ལ་སྲུང་སྐྱོང་དང་། འཛུགས་སྐྲུན་མཉམ་འཛིན། དངོས་འཛིན་དངོས་སྒྲུབ། འགག་སྒྲོལ་དཀའ་སེལ་བཅས་མཐའ་འཁྱོངས་བྱས་ནས་གོ་རིམ་ལྡན་པའི་ངང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཚད་གཞི་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་དང་། སྤུས་ཚད་དང་དོ་དམ་ལ་ཤུགས་སྣོན། བདེ་འཇགས་བྱེད་ཐབས་དོན་འཁྱོལ་བཅས་ཀྱིས་བཙོག་ཆུ་འབུད་གཏོང་དེ་བས་ནན་པ་བྱས་ཏེ་སྤུས་ཚད་དང་ལས་ཕྱོད་ཆེན་པོས་ལས་གྲྭར་སྐུལ་འདེད་དང་སྤུས་འབོར་གཉིས་ལྡན་གྱིས་སྔ་ཙམ་ནས་ལེགས་གྲུབ་བེད་སྤྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། དོ་དམ་བྱེད་ཐབས་ཞིབ་ཕྲ་ལག་བསྟར་བྱེད་པ་དང་དོ་དམ་ཆུ་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཚད་ལྡན་ཅན་ལ་བརྟེན་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། བཙོག་ཆུ་གཙང་གསིང་གི་གྲོན་བསྡུའི་ལམ་ལུགས་དང་གཉེར་སྐྱོང་དོ་དམ་ལམ་ལུགས་འཚོལ་ཞིབ་དང་། འཐུས་སྒོ་ཚང་པོ་བཟོ་བ་བཅས་བྱས་ནས། གད་སྙིགས་དང་བཙོག་ཆུ་གཙང་གསིང་ལས་གྲྭ་ཡག་པོ་སྐྲུན་པ་དང་། བེད་སྤྱོད་ཡག་བྱེད་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཚན་རྩལ་གྲུབ་འབྲས་གསར་ཤོས་བེད་སྤྱོད་བྱས་ཏེ་བཙོག་ཆུ་གཙང་གསིང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། རྫོང་དང་ཤང(གྲོང་རྡལ)ནས་གྲོང་ཚོའི་བར་སྣུར་སྲིང་བྱེད་པར་སྐུལ་འདེད་དང་། སྣོད་བཅུད་ཀྱི་མ་ལག་ཡག་པོ་ཆཌ་པ། ལྗོངས་ཡོངས་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།