དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-18

    ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་དང་ས་ཁུལ་བདུན་དང་བརྙན་ལམ་དང་སྦྲེལ་མཐུད་གནང་སྟེ་རང་ལྗོངས་ཀྱི་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་གི་གནད་དོན་གཙང་བཤེར་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་གནང་བ་རེད།

    ཅང་ཅེས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་ལ་གོ་བ་གཏིང་ཟབ་བླངས་ནས་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། བཅོས་སྒྲིག་གི་གཙོ་གནད་འབུར་དུ་ཐོན་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གོང་རིམ་ལ་ཞུ་བ་དང་འོག་རིམ་ལ་བརྒྱུད་བསྒྲགས་བྱེད་པ། རིགས་དབྱེ་ཐག་གཅོད་འོས་འཚམ་བཅས་བྱེད་དགོས། ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོས་ནས་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་སྦྲགས་བཅོས་སྒྲིག་ལས་ཀའི་དུས་ཚོད་རེའུ་མིག་དང་ལམ་རིས་ཁ་གསལ་བཟོ་དགོས། མིག་སྔར་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་བྱས་ནས་གདིང་གཞི་གསལ་རྟོགས་དང་། རིགས་དབྱེ་ཐོ་འགོད། སྣང་ཆུང་སྤུ་ཙམ་ཡང་མི་བྱེད་པ། སྙན་ཞུ་རྫུན་ཞུ་དང་ཆད་ལུས་མེད་པ་བཅས་བྱེད་དགོས། ལས་ཀའི་དམིགས་ཚད་ལས་འགན་དང་ནང་དོན་གོ་རིམ་སོགས་ཞིབ་ཕྲ་བཟོས་ནས་གྲལ་བཤེར་གཙང་བཤེར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་དགོས། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ནས་རྩ་དོན་མཐའ་འཁྱོངས་བྱེད་ལ་ཐག་གཅོད་འོས་འཚམ་ཡང་བྱས་ནས་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལས་འགན་ཁག་བགོས་ཁ་གསལ་བཟོ་བ། གསོ་སྦྱོང་ལ་དམ་འཛིན་བཅས་བྱས་ནས་བོད་ཀྱི་དམིགས་བསལ་རང་བཞིན་དང་རྒྱལ་ཡོངས་ཀྱི་གནད་དོན་ཡོངས་ཁྱབ་རང་བཞིན་གྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་སྟངས་འཛིན་ཡང་དག་བྱས་ཏེ་སྟབས་བདེ་ཅན་དང་རྒྱུག་པ་ལེབ་རྡུང་བཀག་འགོག་བྱེད་དགོས། ཞིབ་བཤེར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ཏན་ཏིག་གི་བྱ་ཐབས་ལ་བརྟེན་ནས་ཆེད་དོན་བྱ་སྤྱོད་བདེ་བླག་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འགོ་ཁྲིད་གཙོ་བོས་ངོ་ཞུགས་འབད་སྒྲུབ་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས་སྒྲིག་འགལ་ངང་བསྐྲུན་པའི་སྤྲོ་ཁང་གི་གནད་དོན་གཙང་བཤེར་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་སྔོན་དཔག་གི་དམིགས་ཚད་ལ་སླེབས་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།