དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལས་འགན་ཁག་བགོས་སྡེ་ཚན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-13

    ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལས་འགན་ཁག་བགོས་སྡེ་ཚན་གྱི་དབུལ་སྒྲོལ་འགག་སྒྲོལ་དང་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དང་དེ་བཞིན་གྲོང་སྡོད་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ་དང་འབྲེལ་ཡོད་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། 

    ལས་འགན་ཁག་བགོས་སྡེ་ཚན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་གནས་ཚུལ་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ཁྲོད་འགོ་ཁྲིད་ལ་མཐོང་ཆེན་པོ་བྱས་པ་དང་། ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གནད་དོན་དག་ཐེར་གྱི་འཕེལ་རིམ་མགྱོགས་པ། མང་ཚོགས་དབུལ་སྒྲོལ་གྱི་ཕན་འབྲས་ལེགས་པ། དབུལ་སྒྲོལ་འགག་སྒྲོལ་དང་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་ལས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ཐོབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་སྡེ་ཚན་ཁག་ལ་གཙོ་རྒོལ་ཁ་ཕྱོགས་སྔར་བས་ཁ་གསལ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ། སྐོར་གཟིགས་དང་ཚུར་ལན་གནད་དོན་དག་ཐེར་ལ་དམིགས་པ། གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཏན་འབེབས་བྱ་སྤྱོད་དང་སྐོར་གཟིགས་དག་ཐེར་གྱི་གཙོ་གནད་ཟུང་འབྲེལ་བྱ་རྒྱུར་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། བྱས་རྗེས་གཏན་དུ་འཇོག་པ། རྒྱུན་མཐུད་ངང་འབད་བརྩོན་བྱེད་པ་བཅས་བྱས་ཏེ“དབུལ་པོ་ངོ་མ་དབུལ་སྒྲོལ་དང་དབུལ་སྒྲོལ་དངོས་འབྲེལ”ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།