དབུ་ཤོག>སྲིད་དོན།
  • 2018ལོའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-03

    2018ལོའི་ཟླ་12ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་ཁྲི་38.2ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་མི་གྲངས་ཁྲི་1.8འཕར་ཡོད།

    གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།

    ལྗོངས་ཡོངས་སུ་ད་ཡོད་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་2.1ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་ཁྲི་0.12འཕར་ནས་འཕར་ཚད་6.2%ཟིན་པའི་ནང་གཞི་རིམ་ཏང་ཨུད་ཁྲི་0.2དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་0.1 ཀྲི་པུའུ་ཁྲི་1.8བཅས་ཡོད་པ་རེད།

    ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། སློབ་རྒྱུས། བུད་མེད་ཏང་ཡོན་ཁྲི་11.0ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་28.8%བཟུང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་31.2ཡོད་པ་དེས་81.7%ཟིན་ཡོད། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་14.2ཡོད་པ་དེས་37.2%བཟུང་ཡོད།

    ཏང་ཡོན་གྱི་ལོ་གྲངས། ལོ་30མན་གྱི་ཏང་ཡོན་ཁྲི་11.3ཟིན་པ་དང་། ལོ་31ནས་35བར་གྱི་ཏང་ཡོན་ཁྲི་7.1ཟིན་པ། ལོ་36ནས་40བར་གྱི་ཏང་ཡོན་ཁྲི་5.1ཟིན་པ། ལོ་41ནས་45བར་གྱི་ཏང་ཡོན་ཁྲི་3.9ཟིན་པ། ལོ་46ནས་50བར་གྱི་ཏང་ཡོན་ཁྲི་3.4ཟིན་པ། ལོ་51ནས་55བར་གྱི་ཏང་ཡོན་ཁྲི་2.4ཟིན་པ། ལོ་56ནས་60བར་གྱི་ཏང་ཡོན་ཁྲི་1.8ཟིན་པ། ལོ་61དང་དེ་ཡན་གྱི་ཏང་ཡོན་ཁྲི་3.2ཟིན་པ་བཅས་རེད།

    ཏང་ཡོན་གྱི་ཏང་ནང་ཞུགས་པའི་དུས་ཚོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོང་བར་ཏང་ནང་ཞུགས་པའི་ཏང་ཡོན་ཁྲི་2.4ཟིན་པ་དང་།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གོང་བར་ཏང་ནང་ཞུགས་པའི་ཏང་ཡོན་ཁྲི་22.9ཟིན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཞུགས་པའི་ཏང་ཡོན་ཁྲི་12.8ཟིན་པ་བཅས་རེད།

    ཏང་ཡོན་གྱི་ལས་རིགས། བཟོ་པ(བཟོ་པའི་ལག་རྩལ་མི་སྣ)ཁྲི་1.3དང་། ཞིང་འབྲོག་པ་ཁྲི་18.9 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་4.7 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་1.5 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་7.7 སློབ་མ་ཁྲི་0.3 ལས་རིགས་གཞན་དག་གི་མི་སྣ་ཁྲི་0.7 ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཁྲི་3.1བཅས་ཟིན་ཡོད་པ་རེད།

    གཉིས་པ། ཏང་ཡོན་འཕེལ་རྒྱས་བཏང་བའི་གནས་ཚུལ།

    2018ལོར་ཁྱོན་ཏང་ཡོན་ཁྲི་1.7འཕེལ་རྒྱས་བཏང་བ་དེ་ལོ་གོང་མ་དང་སྤྱིའི་ཆ་ནས་དོ་སྙོམས་བྱུང་ཡོད།

    འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། ལོ་ན། སློབ་རྒྱུས། འཕེལ་རྒྱས་བཏང་བའི་བུད་མེད་ཏང་ཡོན་ཁྲི་0.6འཕེལ་རྒྱས་བཏང་བ་དེས་34.1%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.3འཕེལ་རྒྱས་བཏང་བ་དེས་76.5%བཟུང་བ། ལོ་35མན་གྱི་ཏང་ཡོན་ཁྲི་1.5འཕེལ་རྒྱས་བཏང་བ་དེས་88.9%བཟུང་བ། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.7འཕེལ་རྒྱས་བཏང་བ་དེས་38.5%བཟུང་ཡོད་པ་བཅས་རེད།

    འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ལས་རིགས། བཟོ་པ(བཟོ་པའི་ལག་རྩལ་མི་སྣ)ཁྲི་0.07དང་། ཞིང་འབྲོག་པ་ཁྲི་0.8 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.2 ཁེ་ལས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣ་ཁྲི་0.05 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་0.35 སློབ་མ་ཁྲི་0.1 ལས་རིགས་གཞན་དག་གི་མི་སྣ་ཁྲི་0.05བཅས་དང་། ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོར་འཕེལ་རྒྱས་བཏང་བའི་ཏང་ཡོན་ཁྲི་1.6བཅས་ཡོད་པ་རེད།

    གསུམ་པ། ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།

    2018ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁྲི་0.1དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲི་0.6 ཕུལ་བྱུང་ཏང་དོན་ལས་དོན་མི་སྣ་ཁྲི་0.2བཅས་ལ་གཟེངས་བསྟོད་བྱས་པ་རེད།

    བཞི་པ། ཏང་ཞུགས་རེ་ཞུའི་གནས་ཚུལ།

    2018ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཏང་ཞུགས་རེ་ཞུ་འབུལ་མཁན་ཁྲི་7.7དང་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་5.0ཟིན་ཡོད་པ་རེད།

    ལྔ་པ། ཏང་རྩ་འཛུགས་ཀྱི་གནས་ཚུལ།

    ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་། ལྗོངས་ཡོངས་སུ་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་ཁྱོན་81ཡོད་པའི་ནང་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་1དང་། གྲོང་ཨུད་6 རྫོང(ཆུས)ཨུད་74ཡོད་པ་རེད།

    གྲོང་ཁྱེར་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(གྲོང་ལྷན) སྒྲིག་ཚུད་གྲོང་ཚོའི་ཏང་རྩ་འཛུགས། ལྗོངས་ཡོངས་སུ་གྲོང་ཁྱེར་ཁྲོམ་གཞུང་12དང་། ཤང་དང་གྲོང་རྡལ་685 སྡེ་ཁུལ(གྲོང་ལྷན)217 སྒྲིག་ཚུད་གྲོང་ཚོ་61བཅས་ཡོད་པ་ཚང་མར་ཏང་རྩ་འཛུགས་བཙུགས་ནས་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ལས་ཁུངས་དང་། བྱ་གཞག་ཚན་པ། སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་ལས་ཁུངས་དང་ཚན་པ་ཁྲི་0.4ཚང་མར་ཏང་རྩ་འཛུགས་བཙུགས་ཡོད་པ་དང་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད། ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པ་ཁྲི་0.2ལ་ཏང་རྩ་འཛུགས་བཙུགས་པ་དེས་བྱ་གཞག་ཚན་པའི་བསྡོམས་འབོར་གྱི་99.3%བཟུང་ཡོད། ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་ཁྲི་0.04རུ་ཏང་རྩ་འཛུགས་བཙུགས་པ་དེས་སྤྱི་དབང་ལམ་ལུགས་ཁེ་ལས་ཀྱི་བསྡོམས་འབོར་གྱི་99.7%བཟུང་བ་བཅས་རེད།

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཁྲིམས་མིའི་ཚན་པ་ཁྲི་0.1རུ་ཏང་རྩ་འཛུགས་བཙུགས་ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲིམས་མིའི་ཚན་པ་ཁྲི་0.04རུ་ཏང་རྩ་འཛུགས་བཙུགས་ཡོད་པ་རེད།

    (ཟུར་མཆན། སྤྱི་བསྒྲགས་འདིའི་ནང་གི་བསྡོམས་གྲངས་སམ་ཡང་ན་བལྟོས་བཅས་ཀྱི་གྲངས་གཞི་ཁག་གཅིག་ཚན་པའི་འདོར་ལེན་མི་འདྲ་བའི་དབང་གིས་ཧེ་བག་ཡོད་པ་ཚང་མ་འཕྲུལ་འཁོར་གྱི་ལེགས་སྒྲིག་བྱས་མེད)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།