དབུ་ཤོག>སྲིད་དོན།
  • ​ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-01

    2019ལོའི་ཟླ་6ཚེས་28ཉིན་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་17པའི་ཐོག་གཏན་འབེབས་བྱས་དོན། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ(ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུད་ཚོགས་འདུ)2019ལོའི་ཟླ་7པའི་ཟླ་སྨད་དུ་ལྷ་སར་འཚོག་རྒྱུ་དང་ཚོགས་ཡུན་ཉིན་གཅིག་ཡིན་པ་རེད། གྲོས་འགོའི་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། རང་ལྗོངས་ཀྱི“ཆོས་ལུགས་ལས་དོན་ཐད‘ཁྲིད་སྟོན’ཡག་པོ་ཇི་ལྟར་བྱེད་དགོས་པར”དམིགས་ཏེ་གྲོས་མོལ་སྲིད་གླེང་བྱེད་རྒྱུ་དང་མི་དོན་དོན་གནད་སྐོར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།