དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-21

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”གཞི་རྟེན་འཛུགས་སྐྱོང་གི་མ་དངུལ་གྱི་རྒྱབ་སྐྱོར་དང་དེ་བཞིན་འཁོར་རྒྱུག་དོ་དམ་གྲོན་དངུལ་གྱི་ཁ་གསབ་སྲིད་ཇུས་ཀྱི་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་དོན་འཁྱོལ་བྱས་པ་རེད།

    མིག་སྔར། རང་ལྗོངས་ཀྱི“གཉིས་གཏོད”ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་། མངོན་འགྱུར་བའི་ཚོགས་སྤྱིའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། “གཉིས་གཏོད”ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། ཀུན་གཏོད་བར་མཐོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་བཅས་བྱུང་ཏེ་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།

    ཅང་ཅེས་ནན་བཤད་གནང་དོན། སྡེ་ཚན་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་སྤྲོད་པའི་དུས་ཚོད་གསལ་པོ་བཟོས་ཏེ་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”བསལ་ནས་ཁ་གསབ་དོན་འཁྱོལ་བྱེད་པ་དང་། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་ཆད་ལུས་མེད་པར་གཤམ་སྤྲོད་བྱེད་པ་དང་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི“གཉིས་གཏོད”ཀྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ་དང་། ལས་རྗེས་དཔྱད་ཞིབ་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་དངོས་ཡོད་ཀྱི་གཏོང་ཆ་དང་གཉེར་སྐྱོང་སོགས་ཐད་ད་ཡོད་ཀྱི“གཉིས་གཏོད”ཀྱི་ལས་སྟེགས་ལ་ཞིབ་བཤེར་དང་འགག་སྒོ་ནན་པོ་སྲུང་ཐོག ཆ་རྐྱེན་དང་འཚམ་པའི“གཉིས་གཏོད”ཀྱི་ལས་སྟེགས་ལ་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་དང་གཉེར་སྐྱོང་ཁ་གསབ་སྤྲོད་དགོས་པ། “གཉིས་གཏོད”ཀྱི་དཔེ་སྟོན་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་དང་དོ་དམ་སྔར་བས་ཚད་ལྡན་དུ་བཏང་སྟེ་ཚད་གཞི་མཐོ་ཤོས་དང་ཁྱབ་ཁོངས་ཆེ་ཤོས་ཀྱི་ཐོག་ནས་དམངས་ཀྱིས་བྱ་གཞག་སྐྲུན་པའི་སྤྲོ་སེམས་དང་ཀུན་གྱིས་གསར་གཏོད་བྱེད་པའི་བློ་གྲོས་འདོན་རྒྱུར་སྐུལ་ལྕག་བྱས་ཏེ་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་དང་ཚན་རྩལ་རྣམ་པའི་ཁེ་ལས་གསོ་སྐྱོང་དང་འཕེལ་རྒྱས་ཡོང་ཆེད་ཆ་རྐྱེན་བཟང་པོ་སྐྲུན་དགོས་པ། རྗེས་འདེད་དཔྱད་ཞིབ་དང་ལྟ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྤྱོད་སྐབས་བདེ་འཇགས་དང་། ཚད་ལྡན། ཕན་འབྲས་ཆེ་བ་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་ནུས་ལྡན་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་ཡག་པ་ཐུབ་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།