དབུ་ཤོག>སྲིད་དོན།
  • ཅང་ཅེས“2019 ལོའི་བོད་རང་སྐྱོང་ལྗོངས་ཀྱི་དབྱར་དུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་འདུ་ཚོགས”ལ་སྐོར་གཟིགས་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    ཉིན་ཤས་གོང་། ལྗོངས་མི་སྤྱི་ཐིང་དང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སློབ་གསོ་ཐིང་དང་། ལྗོངས་གཞུང་རྒྱུ་ཨུ་ལྷན། ལྗོངས་བཟོ་ཚོང་ལྷན་ཚོགས་བཅས་དང་མཉམ་འབྲེལ་ཐོག་མི་ཤུགས་ཐོན་ཁུངས་ཁྲོམ་རར“2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་དབྱར་དུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་འདུ་ཚོགས”འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་གདན་ཞུའི་འདུ་ཚོགས་འཚོགས་ཡུལ་དུ་ཕེབས་ཏེ་སྐོར་གཟིགས་མཛུབ་སྟོན་གནང་བ་རེད།

    གདན་ཞུ་བྱ་ཡུལ་དུ་བློ་འདྲི་བྱེད་མཁན་དང་ལས་ཀ་འཚོལ་མཁན་གྱིས་ཁེངས་ཡོད་ཅིང་། ཅང་ཅེས་ཕེབས་ཀྱིན་གཟིགས་པ་མ་ཟད། སྐབས་རེ་ཕེབས་མཚམས་བཞག་ནས་ལས་ཀ་འཚོལ་མཁན་ཚོའི་ལས་ཞུགས་ཀྱི་འདོད་འདུན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། “ཁེ་ལས་ཀྱི་གླ་ཕོགས་མང་ཉུང”དང“ཤེས་ལྡན་མི་སྣ་གང་ཞིག་མཁོ་མིན”སོགས་ལ་མི་སྤྱོད་ཚན་པ་དང་། སློབ་མའི་ཁྱིམ་བདག གདན་ཞུར་ཞུགས་པའི་སློབ་ཆེན་སློབ་མ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ་རེད། ཁོང་གིས་ལས་ཀ་འཚོལ་མཁན་དང་ཁེ་ལས་དང་སྤེལ་རེས་བརྒྱུད་སློབ་ཐོན་སློབ་མ་མང་དག་ཅིག་གི་ལས་ཞུགས་ཀྱི་ལྟ་བ་དེ་གཞུང་ཞབས་པའི་ལས་གནས་གཙོ་བོར་བྱེད་པའི་ལས་ཞུགས་ནས་ཁྲོམ་རའི་ལས་ཞུགས་ལ་འགྱུར་ལྡོག་ཕྱིན་འདུག དེ་ཐོག་ནས་སྣ་མང་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཕྱིན་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པ་དང་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ཅང་ཅེས་ནན་བཤད་གནང་དོན། ལས་ཞུགས་ནི་དམངས་འཚོའི་གཞི་རྩ་དང་། བརྟན་ལྷིང་གི་རྨང་གཞི། ཞི་མཐུན་གྱི་འབྱུང་རྩ་བཅས་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འགོ་ཁྲིད་པ་གཙོ་བོས་དངོས་སུ་བཀོད་སྒྲིག་དང་ཚད་མཐོའི་སྐུལ་འདེད་གཏོང་གི་ཡོད། རིམ་པ་ཁག་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་དམ་འཛིན་ལྷོད་མེད་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ཁྲོམ་རར་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དེ་བས་ལེགས་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་ཞུགས་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ། རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་རིག་ཚན་བཀོད་སྒྲིག་ལེགས་གཏོང་གིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ལག་རྩལ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པ། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཀྲུང་དབྱང་ཁེ་ལས་དབར་འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡུན་རིང་བརྟན་ལ་སྤུས་ཚད་ལེགས་པའི་ལས་ཀར་བསྡུ་དགོས།

    གདན་ཞུའི་འདུ་ཚོགས་ཚོགས་ཡུལ་དུ་གདན་ཞུའི་ནང་ཞུགས་མཁན་ཚན་པ་405ཡོད་པ་དེ་དག་གིས་ལས་ཞུགས་ལས་གནས་5355མཁོ་འདོན་བྱས་པ་ལས་ཁྲོམ་རའི་ཚོང་གཉེར་དང་། སྲིད་འཛིན་དོ་དམ། དངུལ་རྩའི་རིག་པ། ཨར་ལས། གློག་ཤུགས་ལས་གྲྭ སྐྱེ་དངོས་རྫས་འགྱུར། ཁོར་ཡུག་ལས་གྲྭ གསོ་རིག སློབ་གསོ་རིག་པ་སོགས་ཀྱི་ཆེད་ལས་ཚུད་པ་དང་གདན་ཞུའི་ལས་གནས་ཀྱི་ཟླ་རེའི་གླ་ཕོགས་མཐོ་ཤོས་སྒོར་ཁྲི་2ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།