དབུ་ཤོག>སྲིད་དོན།
  • 2019ལོའི“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”དང་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-18

    ཚེས་16ཉིན་གྱི་སྔ་དྲོར། “ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། ལས་འཛོལ་སྔོན་འགོག”བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་2019ལོའི“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”དང་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་ལྷ་སར་སྤེལ་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད། 

    བོད་དམག་ཁུལ་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ངག་དབང་བྱེད་སྒོར་ཞུགས་ཡོད་པ་རེད། 

    བྱེད་སྒོ་སྤེལ་ཡུལ་དུ་ཅང་ཅེས་ཚན་པ་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ལས་དོན་མི་སྣ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་དང་སྤེལ་རེས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྣམ་པ་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བློ་འདྲིའི་བྱེད་སྒོར་ཚད་མཐོའི་གདེང་འཇོག་ཀྱང་གནང་བ་རེད། 

    ཅང་ཅེས་དྲིལ་བསྒྲགས་ཀྱི་གཙོ་གནད་མངོན་གསལ་དོད་པོ་དང་། དྲིལ་བསྒྲགས་ཀྱི་བྱ་ཐབས་གསར་གཏོད། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་ལ་བརྟེན་ནས་མང་ཚོགས་ལ་སྐུལ་སློང་རྒྱ་ཁྱབ་དང་། དམངས་ཡོངས་ཞུགས་པར་སྐུལ་སློང་། དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དང་ལས་བཟོ་ཡོངས་ཀྱི་ལས་གནས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ཤུགས་ཆེན་དང་། སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་ཁ་གཏད་གཅོག་པའི་འཇོན་ཐང་སྔར་བས་ཆེ་རུ་བཏང་སྟེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    སྤེལ་འགོ་ཚུགས་པའི་མཛད་སྒོར་ཅང་ཅེ་དང་ངག་དབང་སོགས་འགོ་ཁྲིད་ཀྱིས“ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། ལས་འཛོལ་སྔོན་འགོག”བཅས་ཀྱི་བརྗོད་དོན་གཙོ་བོའི་འཕྲེད་འགེལ་སྦྱར་ཡིག་ལ་མིང་རྟགས་བཀོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།