དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-01

     ཚེས་29དང་30ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་བསྟན་འཛིན་རྣམ་རྒྱལ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དོན་གནད་གལ་ཆེན་ལ་གྲོས་བསྡུར་གཏན་འཁེལ་བྱེད་པའི་གཏན་འབེབས(བཟོ་བཅོས་འཆར་ཟིན)》དང་། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ཚད་ལྡན་ཅན་གཏོད་རྒྱུའི་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་གནས་ཚུལ་ལ་རྗེས་སྙེགས་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་སྦྲགས། འཐུས་མི་ཁ་ཤས་ཀྱི་ཐོབ་ཐང་གི་སྙན་ཞུ་དང་སྤྱི་བསྒྲགས་དང་། མི་དོན་བསྐོ་གཞག་དོན་གནད་ལ་གྲོས་འཆམ་བྱུང་བ་དང་བསྐོ་གཞག་ལག་ཁྱེར་སྤྲད་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་སྤེལ་ཉེར་ཡོད་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག 

    རླབས་ཆེན་གྱི་ཕུགས་འདུན་བཅས་སྤྱི་འདོམས་བྱེད་པར་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། ལས་ཀའི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མི་ཡོངས་ཀྱིས་མིག་དཔེ་སྟོན་པ། “ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་ཁུར་ནས་ཧེ་བག་འཚོལ་ཞིབ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི”སྤྱིའི་བླང་བྱ་ལག་ལེན་ནན་ཏན་བསྟར་བ། ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཚོགས་འདུའི་ཐོག་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་ཤིང་། བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་31པ་གཙོ་སྐྱོང་གནང་ནས་མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྩིས་ཡོད་པའི་དོན་གནད་ལ་ཞིབ་འཇུག་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།