དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-31

     ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྲུང་སར་མཛའ་གྲོགས་ཚོགས་ཆུང་གི་ཁོངས་མི་ལིའུ་ཤིན་ཧྭ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

    དང་ཐོག་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ཨར་ཤི་ཆི་དང་ཀྲུང་གོར་བཅའ་སྡོད་སར་པི་ཡའི་གཞུང་ཚབ་ཆེ་མོ་བ་པ་ཆེ་ཝེ་ཆི་དང་བཅས་པ་བོད་རང་སྐྱོང་ལྗོངས་སུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསོན་ཉམས་ལྡན་པའི་དཔེ་མཚོན་དང་རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་གི་བོད་ཀྱི་དམངས་གཙོ་ཁྲིམས་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་སྲུང་སྐྱོང་སོགས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་མདོར་བསྡུས་གནང་བ་དང་འབྲེལ་འཐུས་མི་ཚོགས་པ་དང་བཅས་པས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་བོད་ལྗོངས་ལ་སྔར་བས་ཤེས་རྟོགས་དང་བསམ་ཤེས་དེ་བས་ཟབ་ཏུ་གཏོང་བ་དང་། མཐོང་ཐོས་ཁྲོད་ནས་འཕེལ་རྒྱས་དང་ཡར་ཐོན་ཚོར་བ་བྱས་ཏེ་དངོས་འབྲེལ་དང་། གྲ་རྒྱས། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་སར་པི་ཡའི་ལས་རིགས་ཁག་གི་མི་སྣར་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད་ལ་སར་པི་ཡའི་གྲོགས་པོ་དེ་བས་མང་བ་བོད་དུ་ཡུལ་སྐོར་དང་སྤེལ་རེས་མཉམ་ལས་བྱེད་པར་ཡོང་རྒྱུར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཨར་ཤི་ཆིས་ང་ཚོས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་བོད་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་ཆེན་པོ་སྐྱེ་གི་འདུག བོད་དུ་འཚོ་བ་སྐྱེལ་མཁན་མི་དམངས་མང་ཚོགས་ལ་དེ་བས་སྐད་ཆ་ཤོད་དབང་ཡོད།རིག་གནས་སྤེལ་རེས་དང་དམངས་ཁྲོད་དབར་གྱི་འགྲོ་འོང་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སར་པི་ཡའི་ལས་རིགས་ཁག་གིས་བོད་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཟབ་མོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།