དབུ་ཤོག>སྲིད་དོན།
  • ལིའུ་ཅང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-23

    ཚེས་21ཉིན་གྱི་ཕྱི་དྲོ་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་ཏང་ཡོན་ཚང་མ་དར་ཆ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་དང་། རྩ་འཛུགས། ལས་དོན་སོགས་ཀྱི་ཐད་གྲ་སྒྲིག་ནན་ཏན་བྱས་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། མཐིལ་རྟོགས་བརྟག་དཔྱད་ཡག་པོ་བྱེད་པ། སློབ་གསོའི་ཇུས་གཞི་ཡག་པོ་བཟོ་བ། ཀྲི་པུས་གང་ཞིག་བྱེད་དགོས་པ་དང་ཏང་ཡོན་ལས་བྱེད་པས་ཇི་ལྟར་བྱེད་དགོས་པ་ཁ་གསལ་བཟོས་ཏེ་དོན་འཁྱོལ་ལ་དམ་འཛིན་ནན་ཏན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་བདེ་བླག་དང་ཏན་ཏིག་ངང་སྤེལ་བ་དང་སྦྲགས། ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།