དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་འགྲིམ་འགྲུལ་གྱི་རྣམ་གྲངས་ཆེན་པོ་འཛུགས་སྐྲུན་བྱ་ཡུལ་དུ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-17

    ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་G4218ཡི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལམ་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ལྷ་ས་སྐྱིད་ཆུའི་ལམ་ཐིག་གཙོ་བོའི་ཟམ་ཆེན་རྣམ་གྲངས་དང་། རྒྱལ་ལམ་109ལམ་ཐིག་གི་ལྷ་ས་ནས་ནག་ཆུ་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་འཛུགས་སྐྲུན་ནང་ཞུགས་པའི་ཚན་པའི་འཐབ་ས་མདུན་མའི་ལས་བྱེད་པ་དང་ལས་བཟོ་ཁག་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། གཙོ་གནད་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྟོག་ཞིབ་གནང་སྟེ་ས་གནས་ས་ཐོག་ཏུ་ལྷག་པའི་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཨང་དང་པོར་འཇོག་པ། སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ་ལས་གྲྭའི་སྤུས་ཚད་དང་མྱུར་ཚད་འགན་ལེན་ཐུབ་པ་བྱས་ཐོག་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པར་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་འགྲིམ་འགྲུལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།