དབུ་ཤོག>སྲིད་དོན།
  • ལིའུ་ཅང་བོད་ཀྱི་ཡིག་ཚགས་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2019-05-13

    ཚེས་10ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་ཡིག་ཚགས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཞུགས་པ་དང་འབྲེལ། ཁོང་གིས་ཡིག་ཚགས་ལས་དོན་གྱི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱེད་པ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ལྷག་བསམ་རྣམ་དག་གིས་ཏང་གི་ཆེད་དུ་ཡིག་ཚགས་ལ་དོ་དམ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལོ་རྒྱུས་བརྟན་སྲུང་། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བླ་ན་མེད་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་བསྟན་དོན། ཡིག་ཚགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དངོས་སྲུང་སྐྱོང་བྱེད་མཁན་གྱི་བྱ་གཞག་གལ་ཆེན་ཞིག་ཡིན་པས། དེར་ཆབ་སྲིད་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་རིག་གནས་རྒྱུན་འཛིན་བྱེད་པའི་ནུས་པ་གལ་ཆེན་ལྡན་ཡོད། ཕྱོགས་གཅིག་ནས་སྤྱི་འབོར་མང་གཏོང་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྤུས་ཚད་མཐོར་གཏོང་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཛོད་ཉར་གྱི་ནང་དོན་ཕུན་སུམ་ཚོགས་སུ་དང་མཛོད་ཉར་གྲུབ་ཆ་ལེགས་སུ་ཧུར་ཐག་གཏོང་དགོས་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ཡིག་ཚགས་གསར་སྤེལ་བེད་སྤྱོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ། མཐའ་ཚད་ཀྱི་བསམ་བློ་འཛུགས་པ་དང་ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་གྱིས་ཡིག་ཚགས་ཀྱི་དངོས་ཆ་དང་ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་དགོས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཡིག་ཚགས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ། ཡིག་ཚགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཏེ་ཡིག་ཚགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཏེ་ལྗོངས་ཡོངས་ཀྱི་ཡིག་ཚགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།