དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-09

    ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཀྲོང་ཡན་སྔ་རྗེས་སུ་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་དང་བདེ་སྐྱིད་བོད་ཁྱིམ་དམངས་སྲོལ་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཀྱི་རྟེན་གཞིར་ཕེབས་ནས་ས་ཆ་དངོས་སུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་སྐོར་གཟིགས་དག་ཐེར་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། 

    ཀྲོང་ཡན་གྱིས་སྐོར་གཟིགས་དག་ཐེར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྐོར་གཟིགས་དག་ཐེར་ལས་དོན་ནི་དཀའ་ཚེགས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་ཡུན་རིང་དང་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགག་སྒྲོལ་དམག་འཐབ་རྒྱག་པའི་བསམ་བློ་བརྟན་པོ་བཙུགས་ནས་སྐོར་གཟིགས་དག་ཐེར་གྱི་རྩ་བ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས་ལྷོད་གཡེང་གཏོང་བ་དང་དམག་འཐབ་ལ་ཞེན་པ་ལོག་པའི་བསམ་བློའི་འཁྱེར་སོ་ཁྱད་བསད་བྱེད་པ་དང་། དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ངེས་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་སྒྲོམ་གཞི་མི་བཤིག་པ་དང་། དམིགས་ཚད་དང་ལས་འགན་ལ་འགྱུར་བ་མེད་པ། ལས་དོན་སྒྲུབ་ཤུགས་ཆུང་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ། སྐོར་གཟིགས་དག་ཐེར་གྱི་གཙོ་གནད་དང་དཀའ་གནད་གནད་འཁེལ་འཚོལ་བ། ལས་ཀའི་གཙོ་གནད་དེ་མཁྲེགས་སར་གཏུགས་ཕོད་པའི་ཐོག་བསྒྱུར་བ། རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བྱེད་པ། སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་པ། ཐོན་ལས་དབུལ་སྐྱོར་ཤུགས་ཆེན་བྱེད་པར་འབད་བརྩོན་བྱེད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་མ་གཏོང་བའི་ཐད་འབད་བརྩོན་བྱེད་པ། དག་ཐེར་གྱི་ཕན་འབྲས་ཆེར་གཏོང་ཐད་འབད་བརྩོན་བྱེད་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཚོད་འཛིན་བཟོ་བའི་འཇུར་མིག་རྒྱུན་ཆད་མེད་པར་བསལ་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་བསྒྲུབས་ནས་རང་ཉིད་ངོ་མས་དམ་འཛིན་བྱེད་པ་དང་། དམ་འཛིན་ཞིབ་ཕྲ་བྱེད་པ། དམིགས་སར་འཁྱོལ་བའི་དམ་འཛིན་བྱེད་པ་བཅས་ཀྱིས་གོང་གིས་འོག་གི་སྣེ་ཁྲིད་དེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས་ཞེས་གསུངས། 

    ཀྲོང་ཡན་གྱིས་བླང་བྱ་བསྟན་དོན། སྤྱི་འདོམས་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་དང་ལྗོངས་ཏང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་སྐབས་དགུ་པའམ་འདས་སོང་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཐོན་པའི་གནད་དོན་དག་ཐེར་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་ཁག་བགོས་གཞིར་བཟུང་དུས་གཅིག་ཏུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཞན་ཆ་གསབ་གང་ཐུབ་བྱེད་པ་དང་། སྐོར་གཟིགས་དག་ཐེར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཟུང་འབྲེལ་གྱིས་བརྟན་ལྷིང་ཨང་དང་པོ་དང་གཙོ་གནད་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐོར་གཟིགས་དག་ཐེར་དང་བརྟན་ལྷིང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་པ། སྐོར་གཟིགས་དག་ཐེར་དང་ལོ་འདིའི་ནང་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆར་སེལ་བ་ཟུང་འབྲེལ་བྱས་ནས་ཤིན་ཏུ་དབུལ་བའི་རྫོང་19ཡི་དབུལ་ཞྭ་འཕུད་རྒྱུ་དང་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཡོང་བར་དམིགས་ནས་དག་ཐེར་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། དབུལ་སྒྲོལ་མི་འབོར་དབུལ་པོ་བསྐྱར་ལོག་ནན་འགོག་བྱེད་པ་བཅས་ཀྱིས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆར་སེལ་བའི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་བར་བྱེད་པ། སྐོར་གཟིགས་དག་ཐེར་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་ཟུང་འབྲེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་གྱི་ཆུ་ཚད་གོང་མཐོར་གཏོང་བ་བཅས་ཀྱིས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།