དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བཞི་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-23

    རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། “སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བཞི་བརྡ་ཁྱབ་བཏང་བ་རེད།

    རང་སྐྱོང་ལྗོངས་བཟའ་བཅའ་སྨན་རྫས་ལྟ་འདོམས་ཅུས་བཟའ་བཅའ་འཁོར་རྒྱུག་ལྟ་འདོམས་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་སྒྲོལ་མས་སྒྲིག་འགལ་ངང་བུ་མོའི་བག་སྟོན་གཉེར་བའི་གནད་དོན་ཡིན་ཞིང་། 2017ལོའི་ཟླ་བཅུ་པར་སྒྲོལ་མས་རང་གི་བུ་མོའི་བག་སྟོན་གཉེར་བ་དང་། བག་སྟོན་ནང་ཞུགས་མཁན་147ཡི་ས་ནས་རྟེན་འབུལ་སྒོར་ཁྲི་5.23བླངས་པ་དང་དེའི་ཁྲོད་ལས་རོགས་ས་ནས་རྟེན་འབུལ་སྒོར་ཁྲི་0.56བླངས་ཡོད། 2018ལོའི་ཟླ་བདུན་པར་སྒྲོལ་མར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་དངུལ་ཚུར་བླངས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྲོང་དོན་གྲོང་རྣམ་དོ་དམ་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལིའུ་ཀྲེང་ཝེས་སྒྲིག་འགལ་ངང་ཁ་གསབ་སྤྲད་པ་སོགས་ཀྱི་གནད་དོན་ཡིན་ཞིང་། 2014ལོའི་ཟླ་གཉིས་པ་ནས་ཟླ་བཅུ་གཉིས་པའི་བར་ལིའུ་ཀྲེང་ཝེའི་མིང་བཀོད་ནས་ཆོག་མཆན་ཐོབ་པ་བརྒྱུད། ཅུས་དེས་ཚད་གཞི་མི་འདྲ་བ་གཞིར་བཟུང་། སྔ་རྗེས་སུ་སྤྲོད་ཐེངས་བཞིར་སྒྲིག་འགལ་ངང་ཁ་གསབ་སྒོར་ཁྲི་14.57སྤྲད་པ་དང་། ལིའུ་ཀྲེང་ཝེ་སོ་སོས་སྒོར་ཁྲི་0.39བླངས་ཡོད། 2012ལོའི་ཟླ་བཅུ་གཉིས་པ་ནས་2014ལོའི་ཟླ་དྲུག་པ་བར་ཉིང་ཁྲི་གྲོང་ཁྱེར་གྲོང་དོན་གྲོང་རྣམ་དོ་དམ་ཅུས་ཀྱིས་སྒྲིག་འགལ་ངང་རིན་གོང་མཐོ་བའི་ཆང་རག་ཉོ་བ་དང་རོལ་རྩེད་ཁང་དུ་སྒྲིག་འགལ་ངང་སྣེ་ལེན་ཞུ་བར་སྒོར་ཁྲི་0.91བཏང་བ་མ་ཟད། ཚན་པའི་གཞུང་གྲོན་ནས་རྩིས་ཞུ་བྱས་པ་རེད། 2018ལོའི་ཟླ་བཅུ་གཉིས་པར་ལིའུ་ཀྲེང་ཝེར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་དངུལ་ཚུར་བླངས་པ་རེད།

    ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བཀྲ་ཤིས་ཉི་མས་སྒྲིག་འགལ་ངང་བུ་མོའི་བག་སྟོན་གཉེར་བའི་གནད་དོན་ཡིན་ཞིང་། 2018ལོའི་ཟླ་8ཚེས་25ཉིན། བཀྲ་ཤིས་ཉི་མས་སྐད་འཕྲིན་ཚོགས་པ་ནས་རང་ཉིད་ཀྱི་བུ་མོའི་བག་སྟོན་གཉེར་བའི་མགྲོན་ཤོག་བཏང་བ་དང། ཟླ་8ཚེས་27ཉིན་དང་ཚེས་28ཉིན་བཀྲ་ཤིས་ཉི་མས་རང་གི་བུ་མོར་བག་སྟོན་ཉིན་གཉིས་བཏང་ཞིང་། བག་སྟོན་ལ་ཞུགས་མཁན་མི་142ཀྱི་ས་ནས་རྟེན་འབུལ་སྒོར་ཁྲི་4.19བླངས་པ་དང་། དེའི་ཁྲོད་ལས་རོགས་ས་ནས་རྟེན་འབུལ་སྒོར་ཁྲི་0.69བླངས་ཡོད། 2018ལོའི་ཟླ་12པར་བཀྲ་ཤིས་ཉི་མར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་དངུལ་གཞུང་བཞེས་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རྒྱལ་པོ་དང་དོན་གྲུབ་ཀྱིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པ་སོགས་ཀྱི་གནད་དོན་ཡིན་ཞིང་། 2018ལོའི་ཟླ་4པར་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རྒྱལ་པོ་དང་དོན་གྲུབ་ཀྱིས་ཟ་ཁང་དུ་ཁ་ལག་བཟས་པ་དང་ཆང་རག་བཏུངས་རྗེས། རང་དགར་བྱེ་བ་ཤང་མངགས་གཏོང་ཁང་གི་ཉེན་རྟོག་རླངས་འཁོར་བཏང་ནས་གཞིས་རྩེ་གྲོང་ཁྱེར་དུ་མཚན་ལྟོ་ཟ་བར་བསྐྱོད། རླངས་འཁོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་བརྒྱུད་སྐབས་འཁོར་ལོ་བརྡོལ་ནས་རླངས་འཁོར་མགོ་རྟིང་ལོག་ནས་རླངས་འཁོར་ལ་སྐྱོན་ཆག་ཆེན་པོ་ཤོར་ཡོད་པ་རེད། 2018ལོའི་ཟླ་10པར་རྒྱལ་པོར་སྲིད་དོན་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་ཕོག་པ་དང་། དོན་གྲུབ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་རེད།

    བརྡ་ཁྱབ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཡིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་ནན་པོར་བརྩི་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ཉིན་རེའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་གི་སྒྲིག་སྲོལ་དང་སྒྲིག་ཁྲིམས་ཀྱི་དམ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ཕུགས་བསམ་དད་སེམས་ཀྱི་དམིགས་ཡུལ་ཚད་གཞི་མཐོ་པོ་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་ཀྱི་མཐའ་ཚད་སྲུང་བ་དང་སྒྲིག་སྲོལ་སྲུང་བའི་དཔེ་བཟང་བ་ཞིག་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་ཤུགས་དང་ཐེག་ཤུགས་རྒྱུན་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། རྒྱུན་སྲིང་ལྷོད་མེད། ཡུན་རིང་དམ་འཛིན། སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མཚམས་ཚོད་མེད་པ་དང་ཡ་མེད་སྒྲིག་འགལ་གྱི་གནད་དོན་ཡོད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་མཐའ་གཅིག་ཏུ་བྱས་ནས་མིང་འདོན་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་འདོན་དགོས། འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་རྣོན་པོ་ཡག་པོ་སྤྱོད་པ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་མ་བྱས་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་གི་ལས་དོན་སྣང་མེད་དུ་གཏོང་བ། “སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་པའི་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འབྲེལ་ལ་བརྡ་ཁྱབ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།